ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་སྒྱུར་བཅོས་བྱས་འབྲས་ཟབ་སྤེལ་བྱས་པའི་རྨང་གཞིའི་ཐོག་གོ་སྐབས་མ་ཤོར་བར་སྤྱི་ཡོངས་རང་བཞིན་གྱི་སྒྱུར་བཅོས་གལ་ཆེན་ལ་སྐུལ་འདེད་བཏང་བ་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་ཐད་དུ་གནད་ཆེའི་གྲུབ་འབྲས་གསར་པ་བླངས་ཡོད། སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བའི་ཚེ་གཙོ་གནད་དང་དཀའ་གནད་དུ་གྱུར་བའི་གནད་དོན་ཐོག་སེམས་ཤུགས་སྔར་བས་ཆེ་བ་འཇོག་པ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་འགག་སྒྲོལ་དམག་འཐབ་རྒྱག་པ། ལམ་ལུགས་ཀྱི་གསོན་ཤུགས་སྐུལ་སྤེལ་བྱེད་པ། གཞི་རིམ་གྱི་ཉམས་མྱོང་སྐུལ་སློང་བྱེད་པ། ལས་བྱེད་པས་བྱས་རྗེས་འཇོག་པར་སྐུལ་མ་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་ལས་དོན་ཏན་ཏན་ཏིག་ཏིག་ངང་གཏིང་ཟབ་ཏུ་སྤེལ་དགོས། 

(2018ལོའི་ཟླ7པའི་ཚེས6ཉིན་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གི་གསུང་བཤད་ཀྱི་གནད་བསྡུས།)


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号