མིག་ནད་བདེ་སྲུང་གི་རྒྱུན་ཤེས་འགའ།

མིག་སྨན་བསྟེན་པ།

དབང་པོ་མིག་ནི་མེའི་རང་བཞིན་དུ་གནས་པས་མིག་སྨན་སྐྱེར་པའི་ཁཎྜ་དུས་རྟག་ཏུ་ཞག་བདུན་བདུན་ལོན་ཚེ་ཉིན་རེ་བཞིན་མིག་ཏུ་བླུགས་པས་མིག་གསལ་བ ་སོགས་བདེ་སྲུང་ལེགས་ཤིང་མིག་ནད་སེལ།

མིག་གི་བདེ་སྲུང་།

མིག་གིས་གློག་དང་ཉི་མ་ལྟ་བུ་འོད་མདངས་ཆེ་བའི་འཁྲིས་སུ་བཅར་ནས་བལྟ་རྒྱུ་མེད་ལ། དཔེ་དེབ་སོགས་ལ་ལྟ་དུས་ཀྱང་བར་ཐག་ཧ་ཅང་ཉེ་མི་རུང་བ་དང་། རྒྱུན་དུ་ཁ་པར་དང་གློག་ཀླད་ཀྱི་ངོས་སུ་བལྟ་བ་སོགས་མིག་ལ་གནོད་པའི་སྤྱོད་ལམ་སྤང་དགོས།

མིག་ནད་སྔོན་འགོག

མིག་ནད་སྔོན་འགོག་བྱ་ཆེད། ཤ་རུལ་བ་དང་བཙོང་སྒོག ཆང་སྐྱུར་སོགས་མིག་ལ་གནོད་ཅིང་ཁྲག་མཁྲིས་སྐྱེད་པའི་ཟས་དང་། སྤྱོད་ལམ་དྲག་ཤུལ་གྱི་ལས་དང་། ཁུར་ལྕི་མོ་ཁུར་བ་དང་འདེགས་པ་སོགས་སྤང་དགོས་ལ། དུ་བ་དང་བསེར་བུ། ཁ་བ། ཉི་འོད། མཚོན་སོགས་མིག་ལ་ཕོག་པ་བཅས་ལ་གཟབ་དགོས།

སྐྱ་འགྲིབ་གཤགས་བཅོས་མི་རུང་བ།

མིག་ནད་སྐྱ་འགྲིབ་གཤགས་བཅོས་མི་རུང་བ་ནི། གློ་ནད་དང་ཆམ་པས་བཏབ་པ། མ་ཞུ་བའི་འཁྲུ་སྐྱུག་གི་ནད་ཡོད་པ། མགོ་གཟེར་གྱི་ནད་ཡོད་པ་སོགས་དང་། ལུས་ཁམས་ལ་དགྲ་དར་བ། སྤར་ཁ་ལི་ལ་བབས་པ་བཅས་ཀྱི་དུས་སོ། །

རྩོལ་བཅག་སྐོར་གྱི་རྒྱུན་ཤེས་འགའ།

རྩོལ་བཅག་གི་ཕན་ཡོན།

ཡང་དག་པའི་རྩོལ་བ་སྤྱད་པས་ལུས་ཡང་ཞིང་ཚིལ་འབྲི་བ་དང་། ལུས་ཀྱི་སྐྱེ་མཆེད་གཙང་ཞིང་མེ་དྲོད་སྐྱེད་པར་བྱེད་ལ། ལུས་མཁྲེགས་པ་དང་ལུས་ངག་ཡིད་ཀྱིས་ལས་བྱེད་ནུས། འོན་ཀྱང་རྩོལ་སྤྱད་དེ་ཧ་ཅང་ཐལ་དྲགས་ན་ལོག་པའི་སྐྱོན་དུ་འགྱུར།

དྲག་སྤྱོད་བྱེད་མི་རུང་བའི་མི།

རྒན་པོ་དང་བྱིས་པ། རླུང་ནད་ཅན་དང་མཁྲིས་པའི་ནད་ཅན། དེ་གཉིས་ཀ་ལྡན་པའི་ནད་ཅན་གྱིས་རྩོལ་སྤྱད་ཤུགས་དྲག་སྤང་དགོས།

རྩོལ་སྤྱད་བྱེད་འོས་པའི་མི།

མི་སྟོབས་དང་ལྡན་ཞིང་ཁ་ཟས་སྣུམ་བག་ཤས་ཆེར་ཟ་བ་རྣམས་ཀྱིས་དགུན་དང་དཔྱིད་ཀའི་དུས་སུ་རྩོལ་སྤྱད་བྱ་ཞིང་། ལྷག་པར་དུ་བད་ཀན་ཅན་གྱི་མིས་རྩོལ་བཅག་འབད་པས་བསྟེན་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号