སློབ་ཆུང་སློབ་མའི་རྩོམ་འབྲིའི་ནུས་པ་ཇི་ལྟར་གསོ་སྐྱོང་བྱེད་ཚུལ་རགས་ཙམ་གླེང་བ།

དུས་རྒྱུན་གྱི་འཚོ་བའི་ཁྲོད། མི་རྣམས་ལ་ཕྱོགས་མི་འདྲ་བའི་གནོན་ཤུགས་མང་པོ་ཡོད་ལ། སྦྲུམ་མར་དེ་བས་ཀྱང་རིགས་མི་འདྲ་བའི་གནོན་ཤུགས་མང་པོ་ཡོད། ཨ་མེ་རི་ཁའི་སེམས་ཁམས་རིག་པའི་འབུམ་རམས་པ་ཞིག་གིས“80%ཡི་སྦྲུམ་མར་སེམས་འཚབ་པ་དང་ཡི་མུག་པ་སོགས་ཀྱི་གནས་ཚུལ་འབྱུང་སྲིད། དེ་ནི་ལུས་ཁམས་ལ་འགྱུར་ལྡོག་བྱུང་ཐོག་བྱ་བའི་ཐད་ཀྱི་གནོན་ཤུགས་དང་འགྲན་སློང་ལ་འཕྲད་པ་ལས་བྱུང་བ་རེད”ཅེས་གསུངས་ཡོད། གཞི་ཁྱོན་ཆེ་བའི་ཞིབ་འཇུག་ཅིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། “སྦྲུམ་མར་གཙོ་བོ་སེམས་ཁམས་ཀྱི་གནད་དོན་བཞི་འབྱུང་སྲིད། གཅིག་ནི་སྦྲུམ་མའི་སེམས་ཁམས་ཀྱི་གནོན་ཤུགས་ཆེས་ཆེ་བ་ནི་ཕྲུ་གུ་བདེ་ཐང་ཡིན་མིན་ལ་སེམས་ཁྲལ་བྱེད་པ་དེ་ཡིན་ལ། གཉིས་ནི་སྦྲུམ་མའི་རྒྱུན་མཐོང་གི་སེམས་ཁམས་གནོན་ཤུགས་དེ་ལོ་ན་ཆེ་བའི་སྦྲུམ་མའི་ཁྲོད་དུ་བྱུང་བ་དང་། སོ་སོ་ལོ་ན་མཐོ་བའི་དབང་གིས་ཕྲུ་གུ་བདེ་ཐང་གི་སྒོ་ནས་སྐྱེས་ཐུབ་མིན་ལ་སེམས་ཁུར་ཆེན་པོ་བྱེད། གསུམ་ནི་མངལ་ཆགས་པ་ལས་འཚོ་བར་འགྱུར་ལྡོག་འབྱུང་མིན་ལ་སྐྲག་པ། བཞི་ནི་རང་ཉིད་ཀྱི་སྐྱེ་གཟུགས་འགྱུར་བར་སྐྲག་པ་བཅས་སོ། །

མངལ་ཆགས་པ་ནི་བུད་མེད་རྣམས་ལ་མཚོན་ན་ཧ་ཅང་གལ་ཆེ་བའི་དུས་སྐབས་ཤིག་ཡིན། སྐབས་དེར་མི་རྣམས་ཀྱིས་སྦྲུམ་མར་སེམས་ཁུར་ཆེན་པོ་བྱ་དགོས་པར་མ་ཟད། སྦྲུམ་མས་ཀྱང་སེམས་ཁམས་བདེ་སྲུང་ལ་དོ་སྣང་བྱས་ཏེ། རང་ཉིད་ལ་སེམས་ཁམས་བཟང་པོ་ཞིག་ཡོད་པའི་སྒོ་ནས་ཕྲུ་གུ་བཙའ་དགོས།

མངལ་སྦྲུམ་པའི་དུས་དཀྱིལ་ལ་སླེབས་རྗེས།སྦྲུམ་མ་རྣམས་སྤྱིར་བཏང་གིས་མངལ་སྦྲུམ་པའི་དུས་རིམ་དེ་ལ་གོམས་པར་མ་ཟད། དེ་སྔོན་གྱི་ཚོར་སྣང་མི་བདེ་བ་དེ་དག་ཀྱང་མེད་པར་འགྱུར་བས། རྒྱུན་ལྡན་གྱི་གནས་ལུགས་ལྟར་བཤད་ན་མངལ་སྦྲུམ་པའི་དུས་རིམ་འདིར་སླེབས་རྗེས་སེམས་ཁམས་ཇེ་བདེ་རུ་འགྲོ་སྲིད་མོད། འོན་ཀྱང་སྦྲུམ་མ་ལ་ལར་མངལ་སྦྲུམ་པའི་དུས་དཀྱིལ་དུ་ནད་རྟགས་སྣ་ཚོགས་འབྱུང་བའང་ཡོད། དཔེར་ན་མངལ་སྦྲུམ་པའི་སྐབས་སུ་ཁྲག་ཤེད་མཐོ་རུ་འགྲོ་བ་དང་ཁྲག་གི་འཁོར་རྒྱུག་ཇེ་ཞན་དུ་འགྲོ་བ་སོགས་ཀྱི་གནས་ཚུལ་འབྱུང་བས།སྐབས་འདིའི་སྦྲུམ་མས་སྔར་བཞིན་རང་ཉིད་ཀྱི་སེམས་ཁམས་བདེ་སྲུང་ལ་དོ་སྣང་བྱ་དགོས། སེམས་ཁམས་སྐྱིད་པོ་ཡོང་ན་ད་གཟོད་སྦྲུམ་མ་དང་སྦྲུམ་བུའི་ལུས་ཕུང་བདེ་ཐང་ཡོང་ངེས་པས། གཤམ་དུ་སྦྲུམ་མའི་སེམས་ཁམས་སྙོམས་སྒྲིག་བྱེད་པའི་ཐབས་ཤེས་ཆུང་ཆུང་འགའ་ངོ་སྤྲོད་བྱ།

གཅིག སེམས་ཀྱི་འཇིགས་སྣང་ཇེ་ཆུང་དུ་གཏོང་དགོས།

ཕྲུ་གུ་བཙའ་བའི་དུས་ལ་ཉེ་བ་དང་བསྟུན་ནས། སྦྲུམ་མ་ཁ་ཤས་ཤིག་ལ་སྐྲག་སྣང་སྐྱེ་བཞིན་ཡོད། ཕྲུ་གུ་བཙའ་སྐབས་ན་ཟུག་མེད་པ་མི་སྲིད་མོད། འོན་ཀྱང་སྐྲག་སྣང་ཆེ་དྲགས་ན་གནོད་པ་མང་པོ་ཡོད། སྐབས་དེར་སྦྲུམ་མས་ཕྲུ་གུ་བཙའ་བའི་སྐོར་གྱི་ཤེས་བྱར་སློབ་སྦྱོང་བྱེད་པའམ་ཡང་ན་ཁྱིམ་མི་དང་མཉམ་དུ་ཕྲུ་གུ་བཙས་རྗེས་སུ་མཁོ་བའི་དངོས་པོ་གྲ་སྒྲིག་བྱས་ཏེ། སྦྲུམ་མའི་སེམས་ཁམས་སྙོམས་སྒྲིག་བྱེད་ཅི་ཐུབ་བྱ་དགོས། དེ་ལྟར་བྱས་ན་སྦྲུམ་མའི་སེམས་ཀྱི་སྐྲག་སྣང་སེལ་ཐུབ།

གཉིས། གཞན་བརྟེན་གྱི་སེམས་ཁམས་མེད་པར་བཟོ་དགོས།

སྦྲུམ་མ་ནི་དམིགས་བསལ་གྱི་ཚོགས་པ་ཞིག་ཡིན་པས་ཚང་མས་དོ་སྣང་བྱ་དགོས། སྦྲུམ་མ་ལ་ལས་མངལ་སྦྲུམ་པའི་སྐབས་སུ་བྱ་བ་ཅི་ཡང་མི་སྒྲུབ་པར། ཡོད་ཚད་མི་གཞན་ལ་རྟེན་བཞིན་ཡོད། དེ་ལྟར་བྱས་ན་སྦྲུམ་མར་ཕན་ཐོགས་ངེས་ཅན་ཞིག་ཡོད་མོད། འོན་ཀྱང་སྦྲུམ་མར་ཁེར་རྐྱང་དང་ཡི་མུག་པའི་སེམས་ཁམས་ངན་པ་འབྱུང་སླ། མངལ་སྦྲུམ་པའི་སྐབས་སུ་འོས་འཚམ་གྱི་འགུལ་སྐྱོད་བྱས་ན་སྦྲུམ་མའི་ལུས་ཤུགས་ཇེ་དྲག་ཏུ་འགྲོ་བར་མ་ཟད་ཕྲུ་གུ་བཙའ་བར་ཡང་ཕན་ཐོགས་ངེས་ཅན་ཞིག་ལྡན། དེའི་ཕྱིར། སྦྲུམ་མས་ནུས་ཚོད་ཀྱིས་ཁྱིམ་ལས་ལས་པ་དང་ཡང་ན་སྔར་བཞིན་རྒྱུན་ལྡན་ལྟར་ལས་ཚོགས་སུ་ཞུགས་ན། སེམས་ཁམས་ཇེ་ལེགས་སུ་འགྲོ་བར་ཕན་ཐོགས་ཆེན་པོ་ཡོད།

མངལ་སྦྲུམ་སྐབས་ཡི་མུག་པའི་ནད་འབྱུང་བའི་གནས་ཚུལ་ཧ་ཅང་མང་། སེམས་ཁམས་སྟེང་གི་ནད་གཞི་དེའི་རིགས་འབྱུང་བར་སྔོན་འགོག་བྱ་ཆེད། སྦྲུམ་མ་རྣམས་ཀྱིས་མངལ་སྦྲུམ་པའི་དུས་རིམ་སོ་སོའི་རང་གི་སེམས་ཁམས་ཀྱི་གནད་དོན་ལ་མཐོང་ཆེན་བྱ་དགོས་པར་མ་ཟད། རང་གི་སེམས་ཁམས་མི་ལེགས་པ་དེས་ཕྲུ་གུའི་བདེ་ཐང་དང་འཚར་ལོངས་ལ་གནོད་པ་མི་ཡོང་བར་བྱ་དགོས།

སྦྲུམ་མའི་སེམས་ཁམས་ཀྱིས་སྦྲུམ་བུའི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སྲིད། མངལ་ཆགས་པའི་སྐབས་ནི་བུད་མེད་ཀྱི་སེམས་ཁམས་ལ་གཡོ་འགུལ་ཅུང་ཆེ་བའི་དུས་སྐབས་ཤིག་ཡིན། སྦྲུམ་མས་མངལ་ཆགས་པའི་སྐབས་ཀྱི་སེམས་ཁམས་མི་ལེགས་པ་སྙོམས་སྒྲིག་ཅི་ཐུབ་བྱ་དགོས།

གསུམ། སྦྲུམ་སྐྱུག་སྣང་ཚུལ་ཇེ་ཆུང་དུ་གཏོང་བར་འབད་དགོས།

ཁྱིམ་མིས་སྦྲུམ་རྟགས་ཇེ་ཆུང་དུ་གཏོང་རོགས་བྱ་དགོས། དཔེར་ན། སྦྲུམ་མར་སྔོ་ཚལ་དང་སིལ་ཏོག་མང་པོ་ཟ་རུ་འཇུག་དགོས་ལ། སྣུམ་བཅུད་ཆེ་བའི་ཟས་རིགས་ཉུང་ཙམ་ཟ་བ་དང་། ཟ་མ་ཉུང་ཙམ་ཟ་བ་དང་ཟ་ཐེངས་ཇེ་མང་དུ་བཏང་ན་སྦྲུམ་སྐྱུག་ཇེ་ཉུང་དུ་གཏོང་ཐུབ།

བཞི། སྦྲུམ་མ་དྲི་ངན་དང་རིང་དུ་གྱེས་དགོས།

གལ་ཏེ་ཁྱིམ་མིའི་ཁྲོད“ཐ་མག་འཐེན་མཁན”ཡོད་ཚེ། སྦྲུམ་མ་དེ་དང་རིང་དུ་གྱེས་དགོས། ཐ་མག་ལས་བྱུང་བའི་ཚྭ་བིལ་དང་དབྱང་གཅིག་ཐཱན་རྫས་སོགས་སྐྱི་པགས་དང་ཕོ་རྒྱུ་བརྒྱུད་ནས་མ་བུའི་ལུས་ཕུང་དུ་འཛུལ་ཞིང་། དེ་ནས་བུ་རོགས་བརྒྱུད་དེ་ཕྲུ་གུར་གནོད་པ་འབྱུང་སྲིད། ལྷག་པར་དུ་མངལ་ཆགས་པའི་ཐོག་མའི་དུས་ནི་མངལ་ཆགས་པའི་དབང་པོ་གྱེས་འགྱུར་བྱེད་པའི་དུས་ཡིན་པས། སྦྲུམ་བུའི་རིག་སྟོབས་འཚར་ལོངས་འབྱུང་བར་ཤུགས་རྐྱེན་ཐེབས་སྲིད།

ལྔ། དྲོ་སྐྱིད་བདེ་འཇགས་ཀྱི་སྡོད་གནས་ཁོར་ཡུག་བསྐྲུན་དགོས།

མངལ་སྦྲུམ་པའི་ཐོག་མའི་དུས་ནི་སྦྲུམ་རྟེན་དབང་རྩའི་མ་ལག་སྐྱེ་འཚར་ཡོང་བའི་གནད་འགག་གི་དུས་སྐབས་ཡིན་པས། ཕྱི་རོལ་གྱི་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་སླ། དྲོ་སྐྱིད་དང་སྐྱིད་སྣང་དོད་པའི་ཁང་པ་བཀོད་སྒྲིག་བྱས་ཏེ། ཁོར་ཡུག་ཁྲོད་ཀྱི་དུག་དང་གནོད་ལྡན་དངོས་པོ་སྣ་ཚོགས་འགོག་གང་ཐུབ་བྱ་དགོས། དཔེར་ན། མངལ་ཆགས་པའི་སྔ་གཞུག་ཏུ་ཁང་པར་མཛེས་བཟོ་བྱེད་མི་རུང་བ་དང་། ཁྱིམ་དུ་འགྱེད་འཕྲོ་རང་བཞིན་གྱི་གློག་ཆས་འཇོག་མི་རུང་། ཁང་བའི་ནང་དུ་རླུང་རྒྱུ་རུ་བཅུག་ནས་མཁའ་རླུང་གསར་པ་རྒྱུན་འཁྱོངས་བྱ་དགོས། སྦྲུམ་མས་ཁྱིམ་སྤྱོད་གློག་ཆས་བཀོལ་སྤྱོད་བྱེད་ཚད་ཇེ་ཉུང་དུ་བཏང་ནས། གློག་སྡུད་འགྱེད་འཕྲོ་ཡིས་སྦྲུམ་མར་ཤུགས་རྐྱེན་མི་ཐེབས་པ་བྱ་དགོས། སྦྲུམ་མས་གློག་སྡུད་འགྱེད་འཕྲོ་ཅུང་ཆེ་བའི་ཁ་པར་མི་བཀོལ་བ་དང་། མངལ་སྦྲུམ་པའི་སྐབས་སུ་གློག་གི་འཁྱག་རླངས་དང་དྲོད་རླངས་སོགས་ཀྱང་བཀོལ་མི་རུང་།

ཆེད་མཁས་པས་བཤད་པ་ལྟར་ན། སྦྲུམ་མར་མངལ་ཆགས་པའི་སྐབས་སུ་ལུས་ཁམས་ཀྱི་འགྱུར་ལྡོག་ནི་གཙོ་བོ་ཡིན་མོད། འོན་ཀྱང་རྩ་བའི་རྒྱུ་རྐྱེན་གཙོ་བོ་ནི་སེམས་ཁམས་ལས་བྱུང་བ་རེད། ང་ཚོས་སྦྲུམ་མའི་སེམས་ཁམས་ལ་དོ་སྣང་ལེགས་པོ་བྱ་དགོས་པ་དང་། སྦྲུམ་མའི་སེམས་ཀྱི་གནོན་ཤུགས་ཇེ་ཡང་དུ་གཏོང་བའི་ཐད་ལ་འབད་བརྩོན་བྱས་ཏེ། སྦྲུམ་མར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པ་དང་བདེ་ཐང་གི་སེམས་ཁམས་ཆགས་པར་འབད་བརྩོན་ལྷོད་མེད་བྱ་དགོས་སོ། །


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号