སློབ་གྲྭའི་ཟས་རིགས་བདེ་འཇགས་སྐོར་གྱི་གྱོད་དཔེ་ལྔ།

སློབ་གྲྭའི་ཟས་རིགས་བདེ་འཇགས་དེ་རྒྱ་ཆེའི་དགེ་སློབ་ཚོའི་ལུས་པོ་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འབྲེལ་བ་ཡོད་པས། མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་པའི་དོན་དངོས་ཤིག་རེད། 2023ལོའི་ཟླ12པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་སློབ་གྲྭའི་ཟས་རིགས་བདེ་འཇགས་ལ་གྲལ་བཤེར་བཅོས་སྒྲིག་གཏིང་ཟབ་བྱས་ཏེ། སློབ་གྲྭ་འབྲིང་ཆུང་གི་ཟས་རིགས་བདེ་འཇགས་ཀྱི་དཔེ་མཚོན་གྱོད་དཔེ་འགའ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་ཤིང་། ད་ལྟ་ཁག་གསུམ་པ་ཁྱབ་བསྒྲགས་བྱས་པ་གཤམ་གསལ་ལྟར།

གྱོད་དཔེ་དང་པོ།

གཏེར་ལེན་ཁ་གྲོང་ཁྱེར་སློབ་འབྲིང་གསུམ་པའི་བཟའ་བཏུང་ཡོ་བྱད་ཚད་གཞི་མ་ལོན་པའི་གྱོད་གཞི།

2024ལོའི་ཟླ6ཚེས3ཉིན། གཏེར་ལེན་ཁ་གྲོང་ཁྱེར་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ལ་མཚོ་ནུབ་ཁུལ་ཟས་རིགས་སྨན་རྫས་ཞིབ་བཤེར་ལྟེ་གནས་ཀྱིས་བཏོན་པའི་ཞིབ་བཤེར་སྙན་ཞུ་འབྱོར་ཞིང་། གཏེར་ལེན་ཁ་གྲོང་ཁྱེར་སློབ་འབྲིང་གསུམ་པར་ཞིབ་བཤེར་བྱེད་སྐབས། བཟའ་བཏུང་ཡོ་བྱད་ག་གེ་མོའི་འདག་རྫས་རྣམ་གྲངས་དེ་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་ཚད་གཞིའི་གཏན་འཁེལ་དང་མི་མཐུན་པས་ཚད་ལྡན་མིན་པའི་ཐག་བཅད།

དོ་བདག་པའི་བྱ་སྤྱོད་དེ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན33པའི་ནང་གསེས་ཚན་པ1པོའི་དོན་ཚན5པའི་གཏན་འཁེལ་དང་འགལ་ཡོད་པས།《ཟས་རིགས་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན126པའི་ནང་གསེས་ཚན་པ5པ་སོགས་ཀྱི་གཏན་འཁེལ་གཞིར་བཟུང་སྟེ། གཏེར་ལེན་ཁ་གྲོང་ཁྱེར་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཡུལ་དངུས་སུ《ཡོ་བསྲང་བྱེད་འགན་དཀྲི་བའི་བརྡ་ཐོ》དང《ཡུལ་དངོས་སུ་ཆད་པ་གཅོད་རྒྱུའི་ཆོད་དོན་ཡི་གེ》ཡིས་ཐ་ཚིག་བསྒྲགས་པ་རེད།

གྱོད་དཔེ་གཉིས་པ།

ཐེམ་ཆེན་རྫོང་མི་རིགས་མཐོ་རིམ་སློབ་འབྲིང་གི་ཇ་མའི་གྱོན་ཆས་ཚད་ལྡན་མིན་པའི་གྱོད་གཞི།

2024ལོའི་ཟླ6པའི་ཚེས12ཉིན། ཐེམ་ཆེན་རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་ཁྲིམས་འཛིན་མི་སྣས་ཐེམ་ཆེན་རྫོང་མི་རིགས་མཐོ་རིམ་སློབ་འབྲིང་གི་ཟ་ཁང་ལ་ཞིབ་བཤེར་བྱས་རྗེས། ཐབ་ཚང་གི་ལས་གཉེར་མི་སྣའི་གྱོན་ཆས་ཚད་ལྡན་མིན་པ་ཤེས་རྟོགས་བྱུང་།

དོ་བདག་པའི་བྱ་སྤྱོད་དེ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན33པའི་ནང་གསེས་ཚན་པ1པོའི་དོན་ཚན8པའི་གཏན་འཁེལ་དང་འགལ་ཡོད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན126པའི་ནང་གསེས་ཚན་པ1པོའི་དོན་ཚན13པའི་གཏན་འཁེལ་གཞིར་བཟུང་སྟེ། ཐེམ་ཆེན་རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཡུལ་དངུས་སུ《ཡོ་བསྲང་བྱེད་འགན་དཀྲི་བའི་བརྡ་ཐོ》དང《ཡུལ་དངོས་སུ་ཆད་པ་གཅོད་རྒྱུའི་ཆོད་དོན་ཡི་གེ》ཡིས་ཐ་ཚིག་བསྒྲགས་པ་རེད།

གྱོད་དཔེ་གསུམ་པ།

ཐུན་ཏེ་རྫོང་འབའ་ཁུག་ཤང་ཁ་སྒང་བཅའ་སྡོད་སློབ་གྲྭའི་ཇ་ཁང་གི་འཕྲོད་བསྟེན་ཚད་གཞིར་མ་ལོན་པའི་གྱོད་གཞི།

2024ལོའི་ཟླ3པའི་ཚེས4ཉིན། ཐུན་ཏེ་རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་ཁྲིམས་འཛིན་མི་སྣས་འབའ་ཁུག་ཤང་ཁ་སྒང་བཅའ་སྡོད་སློབ་གྲྭར་ཡུལ་དངོས་སུ་ཞིབ་བཤེར་བྱེད་སྐབས། ཇ་ཁང་གི་འཕྲོད་བསྟེན་ཚད་གཞིར་སླེབས་མེད་པ་ཤེས་རྟོགས་བྱུང་། ཁྲིམས་འཛིན་མི་སྣས་ཡུལ་དངོས་སུ་དག་ཐེར་ཡོ་བསྲང་བྱ་དགོས་པའི་བརྡ་ཐོ་བཏང་བར་མ་ཟད་ཐ་ཚིག་བསྒྲགས་པའི་ཆད་པ་བཅད།

ཟླ3པའི་ཚེས22ཉིན། མཚོ་ལྷོ་ཁུལ་སློབ་གྲྭའི་ཟས་རིགས་བདེ་འཇགས་གྲལ་བཤེར་བཅོས་སྒྲིག་གི་ཆེད་དོན་འགུལ་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་གིས་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་རིང་ལ། འབའ་ཁུག་ཤང་ཁ་སྒང་བཅའ་སྡོད་སློབ་གྲྭས་སྔར་བཞིན་བཅོས་སྒྱུར་བྱས་མེད་པར་མ་ཟད། བཟའ་བཏུང་ཡོ་བྱད་གཙང་སེལ་བྱས་མེད་པ་ཤེས་རྟོགས་བྱུང་སྟེ། ཁུངས་སྣེ་དེ་ཐུན་ཏེ་རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ལ་ཞིབ་དཔྱད་ཐག་གཅོད་བྱ་རྒྱུར་སྤྲད་པ་རེད།

དོ་བདག་པའི་གོང་གསལ་བྱ་སྤྱོད་དེ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས》དང《སློབ་གྲྭའི་ཟས་རིགས་བདེ་འཇགས་དང་འཚོ་བཅུད་བདེ་ཐང་དོ་དམ་གཏན་འཁེལ》སོགས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་འགལ་ཡོད་པས། ཟླ3པའི་ཚེས29ཉིན། ཐུན་ཏེ་རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན126པ་སོགས་ཀྱི་གཏན་འཁེལ་གཞིར་བཟུང་ནས་སྒོར5000ཡི་ཆད་པ་བཅད།

གྱོད་དཔེ་བཞི་པ།

ཞིན་ཧེ་རྫོང་སློབ་འབྲིང་དང་ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་བྱིས་གཉོར་ཁང་གི་ཇ་མས་གྱོན་གོས་དང་ཞྭ་མོ་གྱོན་མེད་པའི་གྱོད་གཞི།

2024ལོའི་ཟླ3པའི་ཚེས25ཉིན། ཞིན་ཧེ་རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་ཁྲིམས་འཛིན་མི་སྣས་ཞིབ་བཤེར་བྱེད་སྐབས། ཞིན་ཧེ་རྫོང་སློབ་འབྲིང་དང་ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་བྱིས་གཉོར་ཁང་དེའི་ཇ་མས་ཐོན་སྐྱེད་གཉེར་སྐྱོང་བརྒྱུད་རིམ་ཁྲོད་གཏན་འཁེལ་ཀྱི་བླང་བྱ་ལྟར་གྱོན་གོས་དང་ཞྭ་མོ་གྱོན་མེད་པ་ཤེས་རྟོགས་བྱུང་།

གོང་གསལ་སློབ་གྲྭ་གཉིས་ཀྱི་ཇ་ཁང་གིས་གཏན་འཁེལ་ལྟར་ཐོན་སྐྱེད་གཉེར་སྐྱོང་བརྒྱུད་རིམ་ཚོད་འཛིན་གྱི་བླང་བྱ་ལག་བསྟར་མ་བྱས་པའི་བྱ་སྤྱོད་དེ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན33པའི་ནང་གསེས་ཚན་པ1པོའི་དོན་ཚན8པའི་གཏན་འཁེལ་དང་འགལ་ཡོད་པས། ཞིན་ཧའེ་རྫོང་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན126པ་སོགས་ཀྱི་གཏན་འཁེལ་གཞིར་བཟུང་སྟེ། སློབ་གྲྭ་གཉིས་ལ་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་ཐ་ཚིག་སྒྲོག་པའི་སྲིད་འཛིན་ཆད་པ་གཅད་རྒྱུའི་ཐག་བཅད།

གྱོད་དཔེ་ལྔ་པ།

ཞོན་ཧྭ་རྫོང་ཡ་རྫི་གྲོང་རྡལ་ཡུས་མའོ་བྱིས་གཉོར་ཁང་གི་བཟའ་བཏུང་ཡོ་བྱད་ཚད་གཞིར་མ་ལོན་པའི་གྱོད་གཞི།

2024ལོའི་ཟླ7པའི་ཚེས22ཉིན། ཞོན་ཧྭ་རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ལ་མཚོ་སྔོན་ཕུའུ་ཚིག་ཚད་ལེན་ཚད་ཡོད་ཀུང་སིས་བཏོན་པའི་ཞིབ་བཤེར་སྙན་ཞུ་འབྱོར་ཏེ། ཞོན་ཧྭ་རྫོང་ཡ་རྫི་གྲོང་རྡལ་ཡུས་མའོ་བྱིས་གཉོར་ཁང་དུ་ཞིབ་བཤེར་བྱེད་སྐབས། བཟའ་བཏུང་ཡོ་བྱད་ག་གེ་མོའི་འདག་རྫས་རྣམ་གྲངས་དེ་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་ཚད་གཞིའི་གཏན་འཁེལ་དང་མི་མཐུན་པས་ཚད་ལྡན་མིན་པའི་ཐག་བཅད།

དོ་བདག་པའི་བྱ་སྤྱོད་དེ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན33པའི་ནང་གསེས་ཚན་པ1པོའི་དོན་ཚན5པའི་གཏན་འཁེལ་དང་འགལ་ཡོད་པས།《ཟས་རིགས་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན126པའི་ནང་གསེས་ཚན་པ5པ་དང་།《ཚོང་རའི་ལྟ་སྐུལ་དོ་དམ་གྱི་སྲིད་འཛིན་ཆད་གཅོད་དབང་ཆ་ཚད་ལྡན་དུ་གཏང་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར》གྱི་དོན་ཚན40པའི་ནང་གསེས་ཚན་པ3པ་སོགས་ཀྱི་གཏན་འཁེལ་གཞིར་བཟུང་སྟེ། ཞོན་ཧྭ་རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཡུལ་དངུས་སུ《ཡོ་བསྲང་བྱེད་འགན་དཀྲི་བའི་བརྡ་ཐོ》དང《ཡུལ་དངོས་སུ་ཆད་པ་གཅོད་རྒྱུའི་ཆོད་དོན་ཡི་གེ》ཡིས་ཐ་ཚིག་བསྒྲགས་པ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号