བང་མའི་བཟའ་བཏུང་བཀོད་སྒྲིག་གི་སྐོར།
གཅིག ཐོག་མར་ཟས་ཁུ་ཐང་ཅན་ཟ་འཐུང་བྱེད་དགོས།
བཙས་གཞུག་གི་ཉིན12ཀྱི་ནང་འཇུ་སླ་བའི་ཟས་ཁུ་ཐང་ཅན་བསྟེན་དགོས། དཔེར་ན། སྒོང་ངའི་ཁུ་ཐང་དང་སྒོང་ངའི་ནང་བསྐོལ་བའི་ཐུག་པ་སོགས་བསྟེན་དགོས། རྗེས་སུ་རིམ་གྱིས་ཟས་སྙི་མོ་དང་ཡང་ན་རྒྱུན་ལྡན་གྱི་ཟ་མར་བསྒྱུར་ཆོག
གཉིས། ཟ་ཚད་ཉུང་ལ་ཟ་ཐུན་མང་དགོས།
སྤྱིར་བཏང་དུ་ཉིན་རེར་ཇ་ཐུན་གསུམ་ཡིན་མོད། བང་ནང་དུ་ཉིན་རེར་ཟ་མ་ཐུན་ལྔ་ནས་དྲུག་ཙམ་ཟས་ཆོག འདི་ལྟར་བྱས་ན་ཕོ་བ་དང་རྒྱུ་མའི་ཁུར་བོ་ཇེ་ཡང་དུ་གཏོང་ཐུབ་ལ། འཚོ་བཅུད་བསྡུ་ལེན་བྱེད་པར་ཕན་ཞིང་ཉིན་ཧྲིལ་བོའི་ཟས་ཟ་ཚད་ཀྱང་ཇེ་མང་དུ་གཏོང་ཐུབ།
གསུམ། བང་ནང་དུ་ཟ་མ་འཇུ་སླ་བ་ཡིན་དགོས་པའི་རྩ་དོན་ལྟར། ཚྭ་སྐྱུར་དང་ཞག་ཚིལ་ཉུང་དགོས། ཟས་སྲ་མོ་ཡིན་མི་རུང་ལ། ཚྭ་ཉུང་བའི་ཚོད་མ་མང་དུ་ཟ་དགོས། སྣུམ་བཙོས་དང་སྣུམ་བསྲེགས་ཀྱི་ཟས་རིགས་ཉུང་ཟ་དང་མ་ཟས་ན་བཟང་།
བཞི། ཟ་མ་དོ་མཉམ་པར་ཟ་བ།
བང་ནང་དུ་ཟས་བཅུད་ཅན་བསྟེན་དགོས་མོད། ཡིན་ཡང་ངེས་པར་དུ་ཟ་མ་དོ་མཉམ་པར་ཟ་དགོས། འབྲུ་ཟས་གཙོ་བོར་བསྟེན་ནས་ཟས་སྣ་མང་དགོས་པ་ལས། ཟས་སྣ་གཅིག་བསྟེན་མི་རུང་། བང་མ་དང་ཕྲུ་གུ་ལ་སྤུས་ལེགས་སྤྲི་དཀར་རྩིའི་རིགས་ཅུང་མང་པོ་དགོས་པས། རྒྱུན་ལྡན་དང་བསྡུར་ན་ཉ་ཤ་དང་བྱ་ཤ། ངང་ཤ། བྱ་སྒོང་སོགས་མང་དུ་བསྟེན་ཆོག ཟ་མ་འདི་དག་གི་ནང་དུ་འཚོ་རྒྱུA1དང་ལྕགས་སོགས་འདུས་ལ། འཚོ་བཅུད་འདིའི་རིགས་ནི་བང་མར་ཆེས་མཁོ་བ་ཡིན། དེ་མིན་ཉིན་རེར་སྔོ་ཚལ་མང་དུ་བསྟེན་དགོས། སྔོ་ཚལ་ནང་དུ་འཚོ་རྒྱུB2དང་འཚོ་རྒྱུC། ཀལ་དང་ལྕགས་སོགས་འདུས་ཡོད་ལ། དེ་དག་ལུས་ཁམས་གསོ་བར་ཅུང་ཕན། དེ་མིན། སྔོ་ཚལ་ནང་དུ་ཟས་ཀྱི་ཚི་སྣ་འདུས་པས་བང་མའི་རྩ་སྐམ་པ་སྔོན་འགོག་བྱེད་ཐུབ། ཉིན་རེར་འོ་མ་མང་ཙམ་འཐུང་དགོས། འོ་མའི་ནང་དུ་ཀལ་ཕུན་སུམ་ཚོགས་པས། བང་མར་ཀལ་ཁ་གསབ་བྱེད་པར་ཧ་ཅང་ཕན་ལ། དུང་མཚམས་སུ་འོ་མའི་ནང་དུ་ད་རུང་སྤྲི་དཀར་རྩིའི་རིགས་ཀྱང་འཛོམས་པོ་ཡོད་པས། བང་མར་ཤིན་ཏུ་མཁོ་བ་ཡིན། སིལ་ཏོག་གི་ནང་དུ་འཚོ་བཅུད་སྣ་ཚོགས་དང་སྐྱེ་མེད་ཚྭ་ཡོད་ལ། ད་རུང་སིལ་ཏོག་གི་ཚི་དང་སྐྱེ་ལྡན་སྐྱུར་ནི་རྒྱུ་མ་འགུལ་བར་ཕན་པ་དང་རྩ་སྐམ་པ་སྔོན་འགོག་སོགས་ལའང་ཕན་པ་ཡོད།
ལྔ། ཟ་མ་གཡོ་བསྐོལ་བྱེད་པར་སྐྱེ་དངོས་སྣུམ་བཀོལ་དགོས།
སྐྱེ་དངོས་ཀྱི་སྣུམ་སྟེ་སྲན་སྣུམ་དང་བ་དམ་གྱི་སྣུམ། ཏིལ་སྣུམ་སོགས་བསྟེན་ན་བཟང་ལ། དེའི་ནང་འཚོ་བཅུདEའདུས་པས། བང་མའི་བདེ་ཐང་ལ་ཤིན་ཏུ་ཕན།
གོང་གི་ཤེས་བྱ་འདི《བང་མའི་བདེ་སྲུང་ཤེས་བྱ》ལས་བདམས་པ་ཡིན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注