རྒྱང་སྒྲིབ་གཤཊ་བཅོས་ཀྱིས་ཚེ་གང་ཕན་པའི་ངེས་པ་མེད།

དབྱར་གསེང་སླེབས་པ་དང་བསྟུན། ས་གནས་ཁག་གི་མིག་ནད་ཚན་ཁག་ཏུ་རྒྱང་སྒྲིབ་གཤགས་བཅོས་བློ་འདྲི་དང་སྔོན་མངགས་བྱེད་མཁན་མངོན་གསལ་དོད་པོས་མང་དུ་འགྲོ་བཞིན་ཡོད། གསར་འགོད་པར་ཤེས་རྟོགས་བྱུང་བར། དེའི་ནང་གཤགས་བཅོས་བྱེད་མང་ཤོས་ཀྱི་མི་ཚོགས་ནི་མཐོ་འབྲིང་སློབ་ཐོན་སློབ་མ་དང་སློབ་ཆེན་འགྲིམ་བཞིན་པའི་སློབ་མ་རེད། གསར་འགོད་པས་བཅར་འདྲི་བྱེད་རིང་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱང་སྒྲིབ་གཤགས་བཅོས་དེ་ལོ་ཆེ་ཆུང་ཡོད་དོ་ཅོག་ལ་འཚམ་པ་ཞིག་མིན། རང་རྒྱལ་གྱི་རྒྱང་སྒྲིབ་གཤགས་བཅོས་བྱེད་མཁན་གྱི་ཆ་སྙོམས་ལོ་ཚད་ལོ26ནས27བར་ཡིན་པ་རེད།

རྒྱང་སྒྲིབ་གཤགས་བཅོས་ཐེངས་གཅིག་གིས་ཚེ་གང་ཕན་པའི་ངེས་པ་མེད།

རྒྱང་སྒྲིབ་གཤགས་བཅོས་འདེམས་རྒྱུར་ཡིད་གཟབ་བྱེད་དགོས་པ་མ་ཟད། གཤགས་བཅོས་བྱས་རྗེས་མཐོང་ཚོར་གྱི་སྤུས་ཚད་ལ་དོ་སྣང་བྱེད་དགོས། རིགས་གཅིག་མཁས་ཅན་གྱིས་རྒྱང་སྒྲིབ་གཤགས་བཅོས་བྱས་ཚར་རྗེས་ཚེ་གང་ཕན་པའི་ངེས་པ་མེད་ཅེས་བསྟན་ཡོད།

ཀྲུང་ཧྲན་སློབ་ཆེན་ཀྲུང་ཧྲན་མིག་ནད་ཚན་ཁག་ལྟེ་གནས་རྒྱང་སྒྲིབ་སྐུལ་འོད་སྨན་བཅོས་ཚན་ཁག་གི་ཀྲུའུ་རེན་ཧོང་གོ་ཧྥུའུ་ཡིས། གཤགས་བཅོས་བྱས་ཚར་རྗེས་ཚེ་གང་ཕན་པའི་ངེས་པ་མེད་པས་ཁྱེད་ཀྱིས་དུས་བཀག་དང་། དོ་ནན། ཚན་རིག་དང་མཐུན་པ་བཅས་ཀྱི་སྒོ་ནས་གཤགས་བཅོས་ལས་ཁུངས་སུ་བསྐྱར་བཤེར་བྱེད་དགོས། དེ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། ལྷག་པར་དུ་གཤགས་བཅོས་བྱས་རྗེས་ཀྱི་ལོ་ཕྱེད་ནང་དེ་ལྟར་བྱེད་དགོས་ཞེས་བཤད་པ་རེད།

རིགས་གཅིག་མཁས་ཅན་གྱིས་གསར་འགོད་པར་གཤགས་བཅོས་ཀྱིས་མིག་ཤེད་ལེགས་བཅོས་ཐུབ་པ་ཙམ་ལས་རྒྱང་སྒྲིབ་རྩ་བ་ནས་བཅོས་ཐུབ་ཀྱི་མེད། རྒྱང་སྒྲིབ་མི་ཚོགས་ཁག་གཅིག་གི་རྒྱང་སྒྲིབ་མིག་ཤེད་བརྟན་པོ་མེད་པའམ་ཡང་ན་མིག་ལ་བདག་གཅེས་ཡག་པོ་མ་བྱས་པ་སོགས་ཀྱིས་སླར་ཡང་རྒྱང་སྒྲིབ་ཏུ་འགྱུར་སྲིད་ཅེས་བཤད་པ་རེད།

གཤགས་བཅོས་ནི་རྒྱང་སྒྲིབ་ལེགས་བཅོས་ཚོད་འཛིན་གྱི་བྱ་ཐབས་གྲས་ཤིག་ཡིན་མོད། འོན་ཀྱང་ཆེད་ལས་མཁས་པས་གཤགས་བཅོས་ནི་རྒྱང་སྒྲིབ་ལེགས་བཅོས་ཚོད་འཛིན་གྱི་ཐབས་ཤེས་ཉག་གཅིག་དེ་མ་ཡིན། ལག་རྩལ་བྱང་ཆུབ་པོ་ཆགས་ཡོད་ནའང་མིག་གི་གཤགས་བཅོས་ཀྱི་ཁོངས་སུ་གཏོགས་པས་གཟབ་ནན་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།

པེ་ཅིང་སློབ་ཆེན་སྨན་ཁང་གསུམ་པའི་མིག་ནད་ཚན་ཁག་གི་མིག་མཐོང་འོད་རིག་ཆེད་ཚན་ཚན་ཁག་གི་ཀྲུའུ་རེན་ཁྲེན་ཡུའེ་གོ་ཡིས། ལོ་ལྟར་འཛམ་གླིང་ཡོངས་སུ་རྒྱང་སྒྲིབ་གཤགས་བཅོས་བྱེད་མཁན་མི་ཁྲི་500ནས་ཁྲི600བར་ཟིན་པ་དང་། དེའི་ནང20%ནི་རང་རྒྱལ་ནང་དུ་ཡིན་ཞིང་། མི་ཁྲི150ཡན་ཟིན་གྱི་ཡོད། དེས་ང་ཚོའི་རྒྱལ་ཁབ་ཀྱི་རྒྱང་སྒྲིབ་མི་སྣ་ཡོངས་ཀྱི1%ཡང་ཟིན་གྱི་མེད། གཤགས་བཅོས་ནི་མིག་སྔར་རྒྱང་སྒྲིབ་བཅོས་པའི་གཙོ་རྒྱུན་ཞིག་མིན་ཏེ། གཙོ་རྒྱུན་ནི་མིག་ཤེལ་འདོགས་རྒྱུ་དེ་ཡིན། རྒྱང་སྒྲིབ་གཤགས་བཅོས་མི་ཚང་མར་འཚམ་པ་ཞིག་མ་རེད་ཅེས་གསུངས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号