རོལ་དབྱངས་དང་ཉེ་བར་བཅར་ན་ཀླད་ཆེན་བདེ་ཐང་ལ་ཕན།

རོལ་དབྱངས་ཀྱི་བཟང་ཆ་ནི་བསམ་པར་ཤུགས་རྐྱེན་བཟང་པོ་ཐེབས་པ་དང་སེམས་ལྷོད་ལ་འབབ་པ་ཙམ་གྱིས་མི་ཚད་པར། དབྱིན་ཇིའི་ཞིབ་འཇུག་གསར་པ་ཞིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཚེ་གང་བོར་རོལ་དབྱངས་ལ་ཉན་ན་རྒས་པའི་དུས་སུ་ཀླད་ཆེན་གྱི་བདེ་ཐང་ལ་ཕན་པ་ཡོད།

དབྱིན་ཇིའི་ཨེ་ཁི་སེ་ཐི་སློབ་ཆེན་གྱི་ཧོན་ལོག་ནད་ཞིབ་འཇུག་ཚོགས་པས་ལོ40ཡན་གྱི་མི་ཚོགས་ལ་ཁ་གཏད་དེ་ཞིབ་འཇུག་ཅིག་བྱས་པ་རེད། ཞིབ་འཇུག་མི་སྣས་མི1000ལྷག་ལོ་བཅུའི་རིང་ལ་རོལ་དབྱངས་དང་ཉེ་བར་བཅར་བའི་གནས་ཚུལ་དང་བསྡུར་ཏེ། ཤེས་རྟོགས་ཚོད་ལྟའི་མཇུག་འབྲས་ལ་དབྱེ་ཞིབ་བྱས་པ་ལས། རོལ་དབྱངས་ནི་ཕན་ཚུན་འབྲེལ་འདྲིས་ཀྱི་བྱེད་སྒོ་ཞིག་སྟེ། དེས་ཀླད་ཆེན་གྱི་ཤེས་ཚོར་རྣོ་མིན་རྒྱུན་འཁྱོངས་བྱེད་ཐུབ་མིན་ལ་རམ་འདེགས་བྱེད་ཀྱིན་པ་ཤེས།

མཇུག་འབྲས་ལས་གསལ་དོན། རོལ་ཆས་ཏེ་ནང་སྒོས་སུ་རྣོ་སྦྲེང་དཀྲོལ་ན་ཀླད་ཆེན་གྱི་དྲན་ཤེས་ནུས་པ་དང་ལག་བསྟར་ནུས་པ་ཇེ་ལེགས་སུ་འགྲོ་བར་ཕན། གལ་ཏེ་མི་རྣམས་ཀྱིས་དཀྲོལ་གཏོང་གི་དགའ་ཕྱོགས་དེ་ཚེ་མཇུག་བར་དུ་རྒྱུན་བསྲིང་ཐུབ་ན། ཀླད་པར་ཕན་པའི་ནུས་པ་དེ་ལས་ཆེ་བ་ཤེས་ཐུབ། ཞིབ་འཇུག་པས་གཞས་བཏང་ནའང་ཀླད་ཆེན་བདེ་ཐང་ཡོང་བར་ཕན་པ་ཤེས་རྟོགས་བྱུང་། ཞིབ་འཇུག་མི་སྣས་ཚོད་དཔག་བྱས་པ་ལྟར་ན། དེ་ནི་ཕལ་ཆེར་རྒྱུན་དུ་མཉམ་ལེན་བྱ་འགུལ་ལ་ཞུགས་ནས་སྤྱི་ཚོགས་ཀྱི་འབྲེལ་འདྲིས་གོ་སྐབས་ཇེ་མང་དུ་བཏང་བ་དང་། ཀླད་པས་བསམ་གཞིག་བྱེད་མིན་ལ་འབྲེལ་བ་ཡོད།

དེ་སྔའི་ཞིབ་འཇུག་ལས་རོལ་དབྱངས་ཚོགས་པའི་བྱེད་སྒོ་སྤེལ་བ་དེས་ནད་པའི་ཧོན་ལོག་ནད་ཀྱི་ནད་རྟགས་ཇེ་ལེགས་སུ་འགྲོ་བར་ཕན་པ་ར་སྤྲོད་བྱས། ཞིབ་འཇུག་གསར་པ་འདི་ལས་ཤེས་རྟོགས་བྱུང་བ་ནི། རྒན་པ་རྣམས་ལ་མཚོན་ན། རོལ་ཆས་དཀྲོལ་གཏོང་གིས་ཀླད་པའི་བསམ་གཞིག་འཁྲུག་ཆ་ཇེ་དོད་དུ་བཏང་བ་ལས་ཀླད་པར་ཕན་པའི་ནུས་པ་ཐོན་ཐུབ་པ་དེ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号