3.8བུད་མེད་དུས་ཆེན་སྤྲོ་བས་བསུ།
སྣག་ཚ་ནག་པོ། ནག་ཆུ།
འཛུམ་ཆུང་པདྨོ་དཀར་དཀར་འོག་ནས་གླུ་ངག་སྙན་མོ་དབྱངས་ལ་བཀུག །
ངང་རྒྱུད་ཆུ་མོ་རྒྱང་ལ་བཞུར་ནས་བརྩོན་པའི་གཙང་ཆབ་ཧུབ་ཀྱིས་བཏུངས།།
ཞེ་འཇམ་རང་གཤིས་ལུས་ལ་གྱོན་ཞིང་སྙིང་རྗེའི་བྱམས་པ་རུམ་དུ་བཅུག །
བུ་དང་ཚ་བོའི་ཚེ་སྲོག་བཞེངས་ནས་རླབས་ཆེན་དབྱངས་རྟ་མཁའ་རུ་བསྒྲོན།།
ཆུ་ཤེལ་ཟླ་བ་དགུང་ལ་གསལ་བས་ས་གཞིའི་མུན་པ་ཧུབ་ཀྱིས་བཅོམ།།
དྲི་གཞོན་རླུང་བུ་སྤང་ལ་ལྡང་བས་མེ་ཏོག་བསུང་ངད་ཀུན་ལ་ཁྱབ།།
འཚེར་ས་གྲུ་བཞི་རྩྭ་ཡིས་ཕྱུག་པས་རྟ་ནོར་གཡང་ཟོག་གཤིས་ཀྱིས་འཁོར།།
སྐྱེས་པའི་མ་ལོ་བུད་མེད་ཡིན་པས་འགྲོ་བ་མི་ཡི་རིགས་རྒྱུད་འཕེལ།།
དཀའ་བའི་སྙིང་རུས་རྡོ་ལ་བརྡར་ཞིང་སྐྱེས་པའི་བུ་ལོ་ཕྲག་གིས་བཏེགས།།
བརྩེ་བའི་རི་མ་བྲང་ལ་བྲིས་ཤིང་དུང་སེམས་ཟེགས་མ་རླབས་བཞིན་འཕྱོར།།
ལྷག་བསམ་ཟིན་འབྲུ་གཞིས་ལ་བཏབ་ཅིང་མོ་ཁྱིམ་གྲུ་བཞི་དྲོད་ཀྱིས་བཀང་།།
ཤ་རུས་ཕུང་པོ་གཞན་ལ་བགོས་ཤིང་འོ་ཞོས་གསོ་བའི་བུད་མེད་མ།།
ལོ་རྒྱུས་མེ་ལོང་ཆར་གྱིས་བཀྲུས་པས་བུད་མེད་མཛད་པ་རིལ་གྱིས་གསལ།།
ཆོས་ཉིད་འཛུམ་ཀོང་ལོ་ཟླས་ཟོས་བས་བུད་མེད་རླབས་ཆེན་ཤུགས་ཀྱིས་འཐེན།།
སྐྱེས་པའི་བུ་ལོ་བྱམས་ཀྱིས་གསོས་པས་ཚེ་སྲོག་ཆར་ནག་ཞོད་ཀྱིས་བབས།།
ངང་པ་མཚོ་ལ་འཇུག་འདོད་སེམས་ཀྱིས་གསུམ་བརྒྱད་བུད་མེད་དུས་ཆེན་བསུ།།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注