༄༅།།ཐུག་པ་ཕོར་པ་གང་བཏུངས་ནས་ཡུལ་གོམས་གཤིས་ལུགས་ཉམས་སུ་མྱོང་བ།

འདི་ནི་ཆབ་མདོའི་སྨར་ཁམས་སུ་མ་བྱན་གྱིས་སྣོན་ཐུག་ཕོར་པའི་ནང་བླུགས་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝུའེ་ཀོན་ཡུས་དང་། ཧྲུའུ་ཅིང་། ཝང་མིང་ཡུས།

གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་རྫོང་རིའི་གཤམ་གྱི་དབྱི་སི་ལན་ཕྱག་ཁང་གི་འགན་འཁུར་བ་འ་བུ་པཱ་སྒར་གྱིས་དྲན་གསལ་ལ། བྱིས་པའི་དུས་སུ་ཁོང་གི་ཁྱིམ་ལ་ཐུག་འཐག་ཁང་ཞིག་ཡོད་པ་དང་། སྒོ་འགྲམ་དུ་རྟག་ཏུ་ཐུག་པ་འཐག་པར་ཡོང་མཁན་བོད་རིགས་སྤུན་ཟླ་མང་པོ་བང་བསྒྲིགས་ནས་སྡོད་ཀྱི་ཡོད།

སྨྱུང་གནས་ཀྱི་སྐབས་སུ་ཐུག་འཐག་ཁང་ཞོགས་པ་སྒོ་འབྱེད་ཀྱི་མེད། གནས་ཚུལ་མི་ཤེས་པའི་བོད་རིགས་མང་ཚོགས་ཤིག་གིས་སྒོ་བརྡུངས་སྐབས་གྲོང་པས་སྒོ་མ་ཕྱེ་བའི་རྒྱུ་མཚན་བཤད། ཕྱི་དྲོར་སླར་ཡང་ཡོང་སྐབས་ལག་ཏུ་སྒོ་ང་སློ་མ་ཐོལ་པ་གང་ཁྱེར་ནས་འ་བུ་ཡི་པཱ་ལགས་ལ་སྤྲད་དེ“སྐུ་ལས་ཁག་སོང་། དེས་གཟུགས་པོར་གསོས་གཏོང་རོགས”ཞེས་བཤད།

ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ནི་ལོ་ངོ་སྟོང་གི་ཇ་རྟའི་གནའ་ལམ་ཐོག་གི་ལྟེ་གནས་གལ་ཆེན་ཞིག་ཡིན་པ་དང་། ཡུལ་དེའི་ཁྱད་ལྡན་ཞིམ་ཟས་ནི་ཚྭ་ཁ་ལྷོའི་སྣོན་ཐུག་ཡིན། དེ་ཡང་ཁུ་བའི་ནང་ཤ་བཙབས་ནས་བསྐོལ་བའི་ཐུག་པ་དག་ཁ་གང་རེ་བྱས་ཏེ་ཕོར་པ་ཆུང་ཆུང་ནང་བླུགས་རྗེས་ཡང་ཡང་སྣོན་དགོས་པས་མིང་དེ་ལྟར་ཐོབ། སྔོན་མའི་སྣོན་ཐུག་དེ་སི་ཁྲོན་གྱི་ཐུག་པ་དང་། ཡུན་ནན་གྱི་ཕག་ཤ ཡུལ་དེ་གའི་བྲོ་རྫས་བཅས་ལས་བཟོ་གི་ཡོད།

ད་ཆ་ཡུལ་སྐོར་བ་མང་པོ་ཞིག་གིས་སྨར་ཁམས་ནི་བོད་དུ་སྐྱོད་པའི་ས་ཚིགས་དང་པོར་འདེམས་ཀྱི་ཡོད། ཟ་ཁང་ཆེ་ཆུང་ཚང་མར“སྣོན་ཐུག་འགྲན་སློང་འགྲན་བསྡུར”ཡོད་པས་མི་རིགས་ཁག་གི་སྐུ་མགྲོན་ཚོས་དེའི་ནང་ཞུགས་འདོད་ཆེན་པོ་བྱེད་ཀྱི་ཡོད།

ཐུག་པ་ཕོར་པ་གང་བསྣན་ཚེ། སྒྲོག་ཙེའི་སྟེང་དུ་རྡོ་ཧྲུག་རེ་འཇོག་པ་དང་། མིག་སྔར་ས་གནས་དེ་གའི་ཟིན་ཐོ་མཐོ་ཤོས་ནི་ཕོར་པ་147ཡིན། འཇང་མི་རིགས་ཤང་དུ་ཟ་ཁང་བཙུགས་པའི་སྒོར་ལྷ་སྒྲོལ་མས་ཉུང་མཐར་ཡང་ཕོར་པ་10ཟ་དགོས་ཀྱི་ཡོད། དེ་ནི“བཟང་པོ་བཅུ་འཛོམས”ཀྱི་རྟགས་ཡིན་ཞེས་བཤད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་རྔ་ཆེན་ལམ་སྡེ་ཁུལ་བྱང་མར་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། ཡུ་གུར་སོགས་མི་རིགས་མང་ཚོགས་འདུས་སྡོད་བྱས་ཡོད། རྒྱ་རིགས་བཟའ་ཚོ་ཙོའུ་ཁྲང་ཕིང་གིས་དེ་གར་ཐུག་པ་ཏན་ཏན་གྱི་ཟ་ཁང་ཞིག་གཉེར་ནས་ལོ་20ཏག་ཏག་ཕྱིན་ཡོད།

མི་རྣམས་ཀྱིས་བཟའ་ཚོ་དེ་གཉིས་ལ་སྡེ་ཁུལ་གྱི“ས་བཀྲ”ཞེས་འབོད་ཀྱི་ཡོད། འགྲོ་འོང་བྱེད་མཁན་གྱིས་ལྟོ་ཆས་བཟའ་མིན་ལ་མ་བལྟོས་པར་ཟ་ཁང་ནས་བརྒྱུད་ཚེ་ཁོང་གཉིས་པོས་ཚང་མར་ཡར་ཕེབས་ཤོག་ཅེས་བརྗོད་ཀྱི་ཡོད། ཁྲུང་ཆིང་བ་ཙོའུ་ཁྲང་ཕིང་གིས“ལྷ་སའི་བཟའ་བཏུང་གོམས་གཤིས་སི་ཁྲོན་དང་ཁྲུང་ཆིང་དང་ཧ་ཅང་འདྲ་པོ་འདུག འདི་གའི་མི་རིགས་ཁག་གི་མི་སེར་ཚང་མ་ཐུག་པ་འཐུང་རྒྱུར་དགའ་པོ་ཡོད་ལ་ཁ་ཚ་བཟའ་རྒྱུར་ཡང་དགའ་པོ་ཡོད”ཅེས་བཤད།

འདི་ནི་བོད་ཐུག་དང་། ཤ་བག་ལེབ། སྒོ་ང་། ཇ་མངར་མོ་བཅས་ཡོད་པའི་ཞོགས་ཟས་སྤེལ་མ་ཡིན་པ།

ས་སྲོས་སུ་ཕོ་བྲང་པོ་ཏ་ལར་གློག་འོད་ཀྱི་བཀྲག་མདངས་རབ་ཏུ་འཚེར་ཞིང་། སྐབས་དེ་དུས་ཕོ་བྲང་པོ་ཏ་ལའི་འགྲམ་གྱི་སྐྱིད་ཚལ་ཞིམ་ཟས་ཁྲོམ་གཞུང་དང་། བར་སྐོར་ཞིམ་ཟས་ཁྲོམ་གཞུང་། ཀུན་བདེ་གླིང་མཁའ་ཁྲོམ་བཅས་ཀྱི་ཐུག་པ་འཐུང་སའི་ཟ་ཁང་ཚང་མར་མིས་ཁེངས་པ་དང་ཚོང་ཧ་ཅང་ཡག་པས་གང་སར་དགའ་སྤྲོའི་རྣམ་པས་ཁེངས་ཡོད།

བོད་ཐུག་དང་། ཁྲུང་ཆིང་གི་ཐུག་པ། ལན་ཀྲོའུ་ཡི་འཐེན་ཐུག མཚོ་སྔོན་གྱི་ཐུག་པ། ཤིན་ཅང་གི་བྱ་ཤའི་ཐུག་པ། ཧྲའན་ཤིས་ཀྱི་ཐུག་པ། ཅི་ལིན་གྱི་གྲང་ཐུག པེ་ཅིན་གྱི་ཐུག་པ་སོགས་བྲོ་བ་དང་ཁྱད་ཆོས་མི་འདྲ་བའི་ཐུག་པ་དེ་དག་མ་བྱན་གྱིས་གྲོ་ཞིབ་ཤེད་ཀྱིས་བརྫིས་ནས་ཐུག་བཟོའི་འཕྲུལ་འཁོར་དུ་བཏང་ནས་རིང་ཐུང་དང་སྦོམ་ཕྲ་ཅི་རིགས་པ་བཟོས་རྗེས་རོ་བཅུད་ལྡན་པའི་ཐུག་པ་སྐུ་མགྲོན་ཚོར་བཀྱག་གི་ཡོད།

བོད་དུ་རྒྱལ་ནང་ས་གནས་གང་ས་ནས་ཡོང་བའི་ཕོ་མོ་རྒན་གཞོན་ཚང་མས“ཐུག་པ་ཕོར་པ་གང”བཏུངས་ནས་བོད་ཀྱི་ཡུལ་གོམས་གཤིས་ལུགས་ཉམས་སུ་མྱོང་བཞིན་ཡོད།

འདི་ནི་ལྷ་སའི་ཕོ་བྲང་པོ་ཏ་ལའི་འགྲམ་གྱི་སྐྱིད་ཚལ་ཞིམ་ཟས་ཁྲོམ་གཞུང་དུ་ས་གནས་ཁག་གི་ཡུལ་སྐོར་བས་ཞིམ་ཟས་ཀྱི་བྲོ་བ་མྱོང་བཞིན་པ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号