བོད་ཀྱི་མེ་ཆའི་སྐོར་ངོ་སྤྲོད་རགས་ཙམ་བཤད་པ།

བོད་ཀྱི་མེ་ཆ་འདི་ལ་ཡང་གཞན་དང་ཐུན་མོང་མ་ཡིན་པའི་རང་ཉིད་ཀྱི་སྤྱོད་སྒོ་དང་རང་ཉིད་ཀྱི་རིན་ཐང་ལྡན་པར་མ་ཟད། དེའི་ཚན་རིག་གི་རང་བཞིན་དང་གསར་བཏོད་ཀྱི་རང་བཞིན་ཡང་དེང་གི་ང་ཚོའི་གནས་སྟངས་དང་བསྡུར་ནས་གླེང་ན་སྔོན་ཐོན་ཞེས་གླེང་ཆོག་ཆོག་ཡིན་པ་རེད། དེས་ན་གཤམ་ནས་བོད་རང་གི་སྲོལ་རྒྱུན་ཉེར་མཁོའི་དངོས་པོ་ད་ལྟ་ཉམས་ལ་ཉེ་བ་དག་ལས་མེ་ཆ་ངོ་སྤྲོད་ཅིག་བྱེད།

མེ་ཆ་ནི་ཆེས་གནའ་རབས་སུ་གྱུར་བའི་ལག་ཆ་འབའ་ཞིག་ཡིན་ལ། དེ་ཡང་འགྲོ་བ་མིའི་རིགས་ཀྱིས་རང་བྱུང་ཁམས་ནས་མེ་སོན་ཐོག་མར་རྙེད་པ་ནས་བཟུང་། མེ་ཆའི་གནས་ལུགས་ཀྱི་ས་བོན་ཀྱང་མི་རྣམས་ཀྱི་བློ་རུ་ངེས་མགོ་བརྩམས་ཤིང་། དུས་ཀྱི་འཁོར་ཡུན་མང་པོ་ཞིག་འདས་རྗེས་མྱེ་ཆ་མེ་ཆ་ཡང་བཀོལ་ཤེས་པར་མི་འགྱུར་གྲང་ཞེས་དོགས་གནས་ཞིག་བཞག་ཆོག་ཆོག་རེད་མོད།        ‍‍‍‍‍‍‍‍འོན་ཀྱང་མེ་ཆའི་གྲུབ་ལུགས་ཐད་ནས་བཤད་ན། དེ་ཡང་ལྕགས་ཆས་བྱུང་བ་ནས་བཟུང་མེ་ཆ་དར་བའོ་ཞེས་ན་དོན་ལ་གནས་བ་འདྲ། ཡང་ན་གྲོགས་པོ་རྣམས་པའི་རང་ཉིད་ཀྱི་བློ་དང་ཐབས་ཀྱིས་དེ་དག་ལ་བསམ་གཞིག་རེ་བཏང་ན་འགྲིག་སྙམ།‍‍‍‍‍‍‍‍

མེ་ཆ་ནི་ལྕགས་ལེབ་ཅིག་དང་རྡེ་དཀར་ཞིག སྤྲ་བ(མེ་བཙའ་འཇོག་བྱེད)ཞིག་བཅས་ལས་གྲུབ་པ་ཡིན་ལ། དེ་ཡང་པར་ལས་མཐོང་བ་བཞིན་དེའི་བཟོ་སྟངས་ནི་ལྕགས་ལེབ་ཅིག་ཀོ་ཁུག་ཆུང་ཆུང་ཞིག་གི་མཐུལ་ལ་བཞག་སྟེ་བཟོ་ཞིང་། ཀོ་ཁུག་ཆུང་ཆུང་དེའི་ནང་དུ་སྤྲ་བ་དང་རྡེ་དཀར་བླུགས་པ་ཡིན།

དེ་ཡང་མེ་ཁ་སྤར་སྐབས་ལག་གཡོན་པས་སྤྲ་བ་རྡེ་དཀར་ཐོག་དུ་མནན་ཏེ་འཛིན་པ་དང་། ལག་གཡས་པའི་མྱེ་ཆའི་ལྕགས་ཀྱིས་རྡེ་དཀར་དང་སྤྲ་བའི་ངོར་རྩུབ་བརྡར་བྱས་པ་ན་རྡེ་དཀར་ལས་མེ་སྟག་ཐོན་ཞིང་། དེས་སྤྲ་བ་ལ་མེ་བསྒོས་ནས་མེ་འབྱུང་བ་ཡིན།

སྤྱིར་བཏང་མེ་ཆ་ནི་སྐྱེས་པ་རྣམས་ཀྱི་གློ་རུ་འདོགས་པ་དང་། རྔོན་ལ་འགྲོ་བ་དང་ཇག་ལ་འགྲོ་བ་སོགས་ལྷག་པར་དུ་ཕྱི་རོལ་དུ་སྡོད་པ་ལ་ནི་མེ་ཆ་མེད་དུ་མི་རུང་བ་ཡིན། འོན་ཀྱང་ང་ཚོའི་སྣང་ངོར་མེ་ཆ་ཞེས་པ་ནི་རྒྱན་ཆ་ཞིག་སྟེ། བོངས་ཆེ་ལ་ལྗིད་ཆ་ལྡན་པ།གསེར་དངུལ་གཡུ་བྱུར་གྱིས་བཏུམ་པའི་མེ་ཆ་ནི་མེ་ཆ་སྟེ་འདོགས་ཆ་ཞིག་ལས། དེས་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་ཐོན་པའི་ནུས་པ་ནི་མི་རྣམས་ཀྱིས་མི་ཤེས་པར་སྣང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号