རྔ་བ་ཁུལ་ནང་བསྟན་མཁས་དབང་རིམ་བྱོན་གྱི་གསུང་འབུམ་པར་སྐྲུན་བྱས་པ།

ཉེ་ཆར། རྔ་བ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྟག་ཚ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ་དང་རྔ་བ་ཁུལ་རྩོམ་སྒྱུར་ཅུའུ་ཡི་ཅུའུ་ཀྲང་དཔོན་ཁོས་གཙོ་སྒྲིག་བྱས་པའི་རྔ་བ་ཁུལ་ནང་བསྟན་མཁས་དབང་རིམ་བྱོན་གྱི་གསུང་འབུམ་ཞེས་པའི་དཔེ་ཚོགས་ལས་པོ(༡-༡༠)དང་པོད(༡༤-༢༥)ཡི་གསུང་འབུམ་སྐོར་ཞིག་སི་ཁྲོན་མི་རིགས་དཔེ་སྐྲུན་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།

རྔ་བ་ཁུལ་ནང་བསྟན་མཁས་དབང་རིམ་བྱོན་གྱི་གསུང་འབུམ། པོད༡-༡༠

རྔ་བ་ཁུལ་ནང་བསྟན་མཁས་དབང་རིམ་བྱོན་གྱི་གསུང་འབུམ་ལས་པོད(༡-༡༠)ནི་རྗེ་སྨན་རི་བ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་སྐོར་ཡིན་ཞིང་། གཙོར་རྣམ་ཐར་དང་ལོ་རྒྱུས། དབུ་མ་དང་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེའི་གཞུང་དང་རང་འབྲེལ་སོགས་ཀྱིས་གྲུབ་ཡོད།


རྔ་བ་ཁུལ་ནང་བསྟན་མཁས་དབང་རིམ་བྱོན་གྱི་གསུང་འབུམ། པོད༡༤-༢༥

རྔ་བ་ཁུལ་ནང་བསྟན་མཁས་དབང་རིམ་བྱོན་གྱི་གསུང་འབུམ་ལས་པོད(༡༤-༢༥)ནི། «བསེ་ཡོན་ཏན་ལྷུན་གྲུབ་ཀྱི་གསུང་འབུམ»པོད་གཅིག «རྗེ་གྲོང་མང་བ་རིག་འཛིན་རྣམ་སྣང་རྡོ་རྗེ་མཆོག་གི་གསུང་འབུམ»པོད་བཞི། «འབྲོག་དགེ་ཀུན་དགའ་ཡོན་ཏན་རྒྱ་མཚོའི་གསུང་འབུམ»པོད་གཅིག «འབྲོག་དགེ་ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་གསུང་འབུམ»པོད་གསུམ། «ཆོས་རྗེའི་ཀུན་དགའ་མི་ཕམ་འཇིགས་བྱེད་དབང་པོའི་གསུང་འབུམ»པོད་གསུམ་སོགས་ཀྱིས་གྲུབ་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号