ཤེས་བྱའི་རྣམ་གྲངས་ཐོར་བུ།       བརྒྱད་པ།

སྲིད་པ་ཆགས་པའི་ལྷ་དགུ  འོ་དེ་གུང་རྒྱལ་ལ་བུ་བརྒྱད་བྱུང་སྟེ།ཡར་ལྷ་ཤམ་པོ།  གཉན་ཆེན་ཐང་ལྷ། རྨ་ཆེན་སྦོམ་ར། སྒྱོགས་ཆེན་ལྡོད་ར།  སྒམ་པོ་ལྷ་རྗེ། ཞོགས་ལྷ་རྒྱུག་པོ།    ཇོ་བོ་གཡུལ་རྒྱལ། ཤེའུ་ཁ་རག་རྣམས་སོ།།   

ཕྱོགས་སྐྱོང་བཅུ།  ཤར་དུ་བརྒྱ་བྱིན།  ལྷོར་གཤིན་རྗེ། ནུབ་ཏུ་ཆུ་ལྷ། བྱང་དུ་གནོད་སྦྱིན། ཤར་ལྷོར་མེ་ལྷ༌། ལྷོ་ནུབ་ཏུ་སྲིན་པོ།  ནུབ་བྱང་དུ་རླུང་ལྷ།  བྱང་ཤར་དུ་དབང་ལྡན། སྟེང་དུ་ཉི་མ། འོག་ཏུ་སའི་ལྷ་མོའོ།།


ཡུལ་གྱི་དགེ་བཅུ། ཁང་ས་ཞིང་ས་ས་ཡི་དགེ  འཐུང་ཆུ་ཞིང་ཆུ་ཆུ་ཡི་དགེ  གམ་འབྲོག་ཞིང་འབྲོག་རྩྭ་ཡི་དགེ   ཁང་ཤིང་འབུད་ཤིང་ཤིང་གི་དགེ  ཁང་རྡོ་ཐབ་རྡོ་རྡོ་ཡི་དགེ   

རིག་གནས་བཅུ་ནི། རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སྟེ་བཅུ།  རིག་གནས་ཆེ་བ་ལྔ་ནི། བཟོ་རིག་པ་དང་གསོ་བ་རིག་པ།  སྒྲ་རིག་པ།  གཏན་ཚིགས་རིག་པ།  ནང་དོན་རིག་པ་སྟེ་ལྔའོ།། ཆུང་བ་ལྔ་ནི།  སྙ་ངག་དང་མངོན་བརྗོད།  སྡེབ་སྦྱོར།  ཟློས་གར། སྐར་རྩིས་ཏེ་ལྔའོ།།

རྟེན་འབྲེལ་ཡན་ལག་བཅུ་གཉིས། ཡན་ལག་དང་པོ་མ་རིག་པ། གཉིས་པ་འདུ་བྱེད། གསུམ་པ་རྣམ་ཤེས། བཞི་བ་མང་གཟུགས། ལྔ་བ་སྐྱེ་མཆེད་དྲུག  དྲུག་པ་རེག་པ། བདུན་པ་ཚོར་བ། བརྒྱད་པ་སྲེད་པ། དགུ་བ་ལེན་པ།  བཅུ་བ་སྲིད་པ། བཅུ་གཅིག་པ་སྐྱེ་བ། བཅུ་གཉིས་པ་རྒ་ཤི་རྣམས་སོ།།


བསྟན་མ་བཅུ་གཉིས། ༡རྡོ་རྗེ་ཀུན་གྲགས་མ། ༢རྡོ་རྗེ་གཡའ་མ་སྐྱོང༌།  ༣རྡོ་རྗེ་ཀུན་བཟང༌། ༤རྡོ་རྗེ་བགེགས་ཀྱི་གཙོ་སྟེ་འདི་བཞི་བདུད་མོའོ།། ༥རྡོ་རྗེ་སྤྱན་གཅིག་མ།༦ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ།  ༧ རྡོ་རྗེ་ཀླུ་མོ། ༨ རྨ་རི་རབ་འབྱམས་རྡོ་རྗེ་གྲགས་མོ་རྒྱལ་ཏེ་འདི་བཞི་གནོད་སྦྱིན་མོའོ།། ༩ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང༌། ༡༠བཙན་ལ་ལོ་རོ་རྡོ་རྗེ་སྨན་གཅིག་མ། ༡༡ སྨན་བཙུན་རྡོ་རྗེ་གཡའ་མོ་སེལ། ༡༢རྡོ་རྗེ་གཡུ་སྒྲོན་མ་སྟེ་འདི་བཞི་ནི་སྨན་མོ་ཡིན་ནོ།། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号