མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

ཟླ7པའི་ཚེས18ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ཡི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་གནང་། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོས་ཁུལ་གྱི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཁུལ་ཞིང་ཕྱུགས་ཚན་རྩལ་ཅུས་དང་། སྐྱེ་ཁམས་ཁོར་ཡུག་ཅུས། རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་འགན་འཁུར་བ་གཙོ་བོས་ཡོངས་བསྒྲགས་ཚོགས་འདུའི་ཐོག་གསར་འགོད་པའི་དྲི་བར་ལན་བཏབ། 

ཀྲང་ཧྲིང་ཡོན་གྱིས་ངོ་སྤྲོད་གནང་དོན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70སོང་ཚུན། དབུལ་ཕོངས་རྗེས་ལུས་ནས་འབྱོར་ཕྱུག་དར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པ་དང་། ཡུན་རིང་བཀག་སྡོམ་ནས་སྒོ་འབྱེད་འཕེལ་རྒྱས་ཕྱོགས་སུ་བསྐྱོད་པ། ལྟོ་གོས་མི་འདང་བ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ་མངོན་འགྱུར་བྱུང་ཡོད། ལྷག་པར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་སོ་སོར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས་ཆབ་སྲིད་བདེ་འཇགས་དང་དཔལ་འབྱོར་འཕེལ་རྒྱས། རིག་གནས་དར་རྒྱས། སྤྱི་ཚོགས་བརྟན་བརླིང་། སྐྱེ་ཁམས་ལེགས་པོ་བཅས་ཀྱི་རྣམ་པ་གསར་རྐྱང་ཞིག་མངོན་ཡོད། ལྗང་མདོག་གི་གདིང་གཞི་སྔར་བས་རྔམས་མཐུག་པོ་ཡོད་པ་སྟེ། ཁུལ་ཡོངས་ཀྱི་རིས་ཁྲ232དང་གཏེར་རི139ལ་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་ཐུབ་པ་དང་། རྒྱལ་ཁོངས་ལྗང་འགྱུར་བྱེད་ཚད་ཕྱོགས་ཡོངས་ནས་ཇེ་མགྱོགས་སུ་ཕྱིན་ནས་རྩྭ་རའི་སྔོ་ཁེབས་ཚད69%ཟིན་པ་དང་ནགས་ཚལ་གྱིས་ཁེབས་ཚད17.75%ཟིན་ཡོད། “རྒྱལ་ཡོངས་ཀྱི་ཆུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཚོད་ལྟའི་གྲོང་ཁྱེར”དང་། “རྒྱལ་ཡོངས་ཀྱི་ལྗང་འགྱུར་དཔེ་བཟང་གྲོང་ཁྱེར” “ཀྲུང་གོའི་དགོ་དམར་ཕ་ས”བཅས་སུ་བདམས་པ་རེད། ཕྱོགས་བསྡུས་དངོས་ཤུགས་མངོན་གསལ་དོད་པོས་ཇེ་སྟོབས་སུ་ཕྱིན་པ་སྟེ། ལོ་འཁོར70ཡི་རིང་ལ། ཁུལ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལྡབ720འཕར་བ་དང་། ནོར་སྲིད་ཡོང་འབབ་ལྡབ691འཕར། ལྷག་པར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། ཁུལ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར2012ལོའི་སྒོར་དུང་ཕྱུར89.58ནས2022ལོའི་སྒོར་དུང་ཕྱུར100.77བར་ཇེ་མང་དུ་སོང་བ་དང12.08%འཕར་ཡོད་པ་རེད། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དེ2012ལོའི་སྒོར32770ནས2022ལོའི་སྒོར37850བར་ཇེ་མང་དུ་སོང་བ་དང15.5%འཕར་ཡོད། ཐོན་ལས་ཀྱི“གནས་བཞི”ཕྱོགས་ཡོངས་ནས་འཕེལ་མགོ་བརྩམས་པ་སྟེ། ཁུལ་ཡོངས་ཀྱི་རང་བྱུང་རྩྭ་ཐང་མུའུ་ཁྲི1770དང་བོད་ལུག་དང་ནོར་གནག་ཁྲི136ལ་སྐྱེ་ལྡན་གྱི་བདེན་དཔང་ར་སྤྲོད་བྱས་པ་བརྒྱུད་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ཐད་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད་པ་རེད། ཁུལ་ཡོངས་སུ་རྒྱལ་ཁབ་ཀྱིAརིམ་པའི་ལྗོངས་ཁུལ11ཟིན་པ་དང་། 2012ལོ་ནས་བཟུང་། རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི6280སྣེ་ལེན་བྱས་ཤིང་། ཡུལ་སྐོར་ལས་རིགས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར210ལ་སླེབས་ཡོད། མཐུན་སྒྲིལ་གྱི་མེ་ཏོག་རྟག་བརྟན་རྣམ་པར་བཞད་པ་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་དམ་པོར་བཟུང་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས། མི་རིགས་སོ་སོའི་དབར་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“མཚོ་བྱང་གི་ཉམས་མྱོང”དང“མཚོ་བྱང་གི་མ་དཔེ”བཏོད་ཡོད། དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་པ་སྟེ། ཁུལ་ཡོངས་ཀྱི་རྫོང4དང་མི22663ལོ་གཉིས་ཀྱི་སྔོན་དུ་ཁྱོན་ཡོངས་ནས་དབུལ་ཐར་བྱུང་བ་དང་། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་ལས་ཞུགས་དང་སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་སྤྱི་པའི་ཞབས་ཞུའི་ནུས་པ་མཐོར་འདེགས་ཆེན་པོ་བྱུང་ཞིང་། ཞིང་སྡེའི་རྒྱུན་སྡོད་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ2012ལོའི་སྒོར6904ནས2022ལོའི་སྒོར17523ཇེ་མང་དུ་སོང་བ་དང་། ལོ་རེར་ཆ་སྙོམས9.8%འཕར་ཡོད། རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་ཚང་དུ་འགྲོ་བཞིན་ཡོད་པ་སྟེ། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར142.82བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འགུལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རང་སྐྱོང་ཁུལ་གྱི་ལོ་རྒྱུས་ཐོག་གནམ་གྲུ་དང་མེ་འཁོར། མྱུར་བགྲོད་ལྕགས་ལམ་མེད་པ་ནས་ཤར་གཏོང་ཐུབ་པའི་ཚད་བརྒལ་བྱུང་ཡོད། ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཚང་མར་གློག་དྲ་ཆེན་མོ་ཁྱོན་ཡོངས་ལ་ཁྱབ་ཚད་དང་སྲིད་འཛིན་སྡེ་བར་དྲ་རྒྱ་ཁྱོན་ཡོངས་ལ་ཁྱབ་ཚད100%ཟིན་ཡོད། ཁུལ་ཡོངས་སུ་དྲ་ཐོག་ཚོང་དོན་ཁེ་ལས(ས་ཚིགས)238སླེབས་པ་དང་བྲིན་ཚོང་ཐོན་རྫས་རིགས760ལྷག་ཙམ་ཡོད་ལ། ཡུལ་ཚོ་དང་གྲོང་རྡལ་དུ་མྱུར་སྐྱེལ་ཁྱབ་ཚད100%ཟིན་ཡོད། འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་པ་སྟེ། “གློད་བསྡམས་ཞབས་གསུམགྱི་བཅོས་སྒྱུར་གཏིང་ཟབ་སྤེལ་ནས་ཁྲོམ་རའི་བྱེད་པོ་ཇེ་མང་དུ་སོང་། ཁ་གཏད་རོགས་སྐྱོར་བྱ་བ་གཏིང་ཟབ་སྤེལ་ཞིང་རིམ་རྩིས་བྱས་ན་རོགས་སྐྲུན་མ་དངུལ་སྒོར་དུང་ཕྱུར26.8དང་ལེན་བྱས་པ། གྲོང་ཁྱེར་མངའ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟའི་ཁུལ་གཏིང་ཟབ་སྤེལ་ནས་ཁུལ་ཡོངས་ལ་དུས་བདེ་ཡུལ་ཚོ་དང་གྲོང་རྡལ། དུས་བདེ་སྡེ་བ། དུས་བདེ་གཞིས་ཁུལ། དུས་བདེ་ལྗོངས་ཁུལ་ཁྱོན་ཡོངས་ལ་ཁེབས་པར་མངོན་འགྱུར་བྱུང་ཡོད། རིག་གནས་ཀྱི་དངོས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་སྟེ། མ་དངུལ་སྒོར་དུང་ཕྱུར2.82བཏང་ནས་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་རྟེན་གཞི་དང་པོའི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་བཟོ་སྐྲུན་ལག་བསྟར་བྱས་ཤིང་གློག་བརྙན《འབྲོག་པའི་ཧྲིན་ཀྲང་སྐལ་བཟང》རྒྱལ་ཡོངས་ནས་བཏང་པ་དངགཅིག་ཅན་ལྔའི་བཟོ་སྐྲུནབྱ་དགའ་ཐོབ། འབྲོག་མི་རྩོམ་པ་པོ་བསོད་ནམས་ཚེ་རིང་ལ་སྐབས་བརྒྱད་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་ལ་མཚོ་སྔོན་ཞིང་ཆེན་ལ་བྱ་དགའ་དེ་མེད་པའི་སྟོང་ཆ་གསབ།  རྟ་རྒྱུག་དང་མདའ་འཕེན། རྐང་ཐང་བགྲོད་པ། ལྕགས་རྟ་ཞོན་པ་བཅས་ཆས་རྟགས་ཆེན་མོའི་བཞིའི་འགྲན་བསྡུར་གསར་གཏོད་བྱས་ཤིང་སྤེལ་བ་དང་། རྒྱལ་ཁོངས་མཚོ་བྱང་ཡིན་པའི་ལུས་རྩལ་པ་མང་པོར་འཛམ་གླིང་རིམ་པ་དང་རྒྱལ་ཁབ་རིམ་པའི་ལུས་རྩལ་འགྲན་བསྡུར་ཁྲོད་གཟེངས་བསྟོད་རྟགས་མ་ཐོབ་ཡོད་ཟེར། 

གཡུ་སྒྲོན་མཚོས་ཁུལ་སྟོན་གྱི་བྱེད་སྒོའི་ནང་དོན་གཙོ་བོ་ངོ་སྤྲོད་བྱས། ཁོ་མོས་བཤད་རྒྱུར། ཁུལ་སྟོན་བྱེད་སྒོ་སྤེལ་བ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་དང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་དང་། དོན་གནད། བཀྲ་ཤིས་པའི་བྱ་བ་ཞིག་རེད། རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་དེ་མཚོ་བྱང་དྲིལ་སྒྲོག་དང་འོས་སྦྱོར། མཚོ་བྱང་གི་ཁྱོན་ཡོངས་ཀྱི་སྣང་བརྙན་ཇེ་ལེགས་སུ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཏུ་བརྩིས་ནས། ཁུལ་སྟོན་བྱེད་སྒོ་དེ་དུས་རབས་ལ་བསྟོད་གླུ་འབུལ་བ་དང་དྲིན་དྲན་ཡར་བརྩོན་བྱེད་པ། སྣང་བརྙན་ངོམ་པ་དང་དང་ཁྱད་ཆོས་མངོན་པ།  གོ་སྐབས་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཐུན་སྒྲིལ་འབད་འཐབ་དང་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་པའི་རྒྱས་ཚོགས་ཤིག་ཏུ་གཉེར་བར་དོན་སྙིང་གལ་ཆེན་ལྡན་ཡོད། ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་པའི་གསོན་ཉམས་དོད་པའི་ལག་ལེན་དང་། མཚོ་བྱང་གི་རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པ་བརྗོད་དོན་དུ་བཟུང་ནས“གཟབ་རྒྱས་དང་འཁྲུག་ཆ་དོད་པོ། དངོས་གཉེར། གྲོན་ཆུང་། དུས་བདེ་བཅས”ཀྱི་རྩ་དོན་གཞིར་བཟུང་། ཆབ་སྲིད་རང་བཞིན་དང་དུས་རབས་རང་བཞིན། མང་ཚོགས་རང་བཞིན། དངོས་ཕན་རང་བཞིན་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། “3+N”རྣམ་པའི་ཐོག་ནས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་རྟེན་འབྲེལ་ཚོགས་ཆེན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གྲུབ་འབྲས་འགྲེམས་སྟོན་དང་རིག་རྩལ་འཁྲབ་སྟོན་བཅས་བརྗོད་དོན་བྱེད་སྒོ་གསུམ་སྤེལ་བ་དང་ཆབས་ཅིག་མང་ཚོགས་རང་བཞིན་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན། ཁུལ་སྟོན་སྐབས་རྟེན་འབྲེལ་བྱེད་སྒོའི་རིགས་དང་གྲུབ་འབྲས་འགྲེམས་སྟོན་རིགས། དཔལ་འབྱོར་ཚོང་དོན་ཚོང་འགུགས་རིགས། རིག་གནས་ལུས་རྩལ་བྱེད་སྒོའི་རིགས། རིག་གནས་དཔེ་སྐྲུན་རིགས་བཅས་བྱེད་སྒོ་རིགས་ཆེན་པོ་ལྔ་དང་ཞིབ་ཕྲའི་བྱེད་སྒོ16གོ་རིམ་ལྡན་པའི་ངང་སྤེལ་རྒྱུ་ཡིན། མིག་སྔར་བྱེད་སྒོ་རིགས་སོ་སོའི་གྲ་སྒྲིག་བྱ་བ་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་ཡོད་ཟེར།

ཤིན་ཧྭ་གསར་འགྱུར་ཁང་དང་མི་དམངས་ཉིན་རེའི་ཚགས་པར་ཁང་། ཀྲུང་གོའི་རིག་གནས་ཚགས་པར་ཁང་སོགས་ཀྲུང་དབྱང་དང་ཞིང་ཆེན་ཕྱིའི་སྨྱན་སྦྱོར་ལས་ཁུངས14དང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་དང་ཤིན་ཧྭ་གསར་འགྱུར་ཁང་། མི་དམངས་དྲ་བ། ཤིན་ཧྭ་དྲ་བ། ཀྲུང་གོའི་གསར་འགྱུར་དྲ་བ། དཔལ་འབྱོར་ཉིན་རེའི་ཚགས་པར་ཁང་སོགས་མཚོ་སྔོན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཟི་ལིང་དགོང་དྲོའི་ཚགས་པར། མདོ་ལ་ཚགས་པར་ཁང་། མཚོ་བྱང་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་གསར་འགྱུར་ལས་ཁུངས22ཀྱི་གསར་འགོད་པ་ཡོངས་བསྒྲགས་ཚོགས་འདུར་ཞུགས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号