2023ལོའི“སྨོན་ལམ་མཐོན་པོར་བསྐྱོད་པའི”ཀྲུང་གོའི་རྡུལ་ཕྲན་མཁར་སྨོན་ལམ་མཐོན་པོའི་རི་འཛེག་ཚོགས་ཆེན་འཚོགས་པ།

ཟླ་དྲུག་པའི་གསེར་དངུལ་ཐང་གི་ཕྱོགས་བཞིའི་ཁོར་ཡུག་སྔོ་ཞིང་ལྗང་ལ། ཟླ་དྲུག་པའི་སྨོན་ལམ་མཐོན་པོར་ཉི་འོད་ཀྱི་བཀྲག་མདངས་རྣམ་པར་འཚེར་ཞིང་ཡུལ་ལྗོངས་ལྟ་ན་སྡུག  ཟླ6པའི་ཚེས25ཉིན་གྱི་སྔ་དྲོར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཙོ་སྒྲུབ་དང་། ཞིང་ཆེན་དགུན་དུས་རྣམ་གྲངས་དང་ཕྱི་རོལ་ལུས་རྩལ་དོ་དམ་ལྟེ་གནས། ཁུལ་ཨུའི་དྲིལ་སྒྲོག་པུའུ། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས། ཁུལ་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་འགན་སྒྲུབ་གནང་བའིལོ་གྲངས70ཕྱིར་དྲན། འཐབ་ལམ་གསར་པར་ཧུར་བསྐྱོད། སྨོན་ལམ་མཐོན་པོར་སྤོབས་པས་འཛེགཅེས་པ་བརྗོད་དོན་ཡིན་པའི2023ལོའི“སྨོན་ལམ་མཐོན་པོར་བསྐྱོད་པའི”ཀྲུང་གོའི་རྡུལ་ཕྲན་མཁར་སྨོན་ལམ་མཐོན་པོའི་རི་འཛེག་ཚོགས་ཆེན་སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞིར་གཟབ་རྒྱས་ངང་འཚོགས་མགོ་བརྩམས།

ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མགོ་རྩོམ་མཛད་སྒོར་ཕེབས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་མཛད་སྒོར་ཕེབས་ཏེ་ཚོགས་ཆེན་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་མཛད་སྒོར་ཕེབས། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ་དང་། ཞིང་ཆེན་དགུན་དུས་རྣམ་གྲངས་དང་ཕྱི་རོལ་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རིན་ལི་ཝེ་ཏུང་གཉིས་ཀྱིས་ཤིས་ཚིག་ཕུལ། ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་གིས་གཙོ་སྐྱོང་གནང་ལ། བྱེད་སྒོར་ཕེབས་པའི་མགོ་ཁྲིད་དག་གིས་མཉམ་དུ་དུང་བརྡ་བརྒྱབ་པ་དང་འགྲན་བསྡུར་མགོ་བརྩམས། ཁུལ་དུ་བསྡད་ཡོད་པའི་ཁུལ་རིམ་པའི་མགོ་ཁྲིད་གཞན་དག་དང་། ཁུལ་ཐད་གཏོགས་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ། མདའ་བཞི་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ། དེ་བཞིན་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་རི་འཛེག་ལུས་རྩལ་ལ་དགའ་མཁན་དང་མཚོ་བྱང་ཁུལ་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་བཅས་བྱེད་སྒོར་ཞུགས།    ལུས་རྩལ་པའི་འཐུས་མི་སུན་ཅ་ལིན་དང་ཤན་འབྱེད་པའི་འཐུས་མི་ཀྲིག་ཞའོ་ཡུན་གཉིས་ཀྱིས་ཐེངས་འདིའི་འགྲན་བསྡུར་ལ་དམ་བཅའ་བཞག

གཡུ་སྒྲོན་མཚོས་ཤིས་ཚིག་འབུལ་སྐབས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྲིད་དབང་བཙུགས་ནས་ལོ་འཁོར70འགོར་ལ་ཉེ་བའི་སྐབས་འདིར། ང་ཚོས་རྐང་ཐང་ལ་རི་འཛེག་བྱེད་པའི་རྣམ་པའམ་འབད་འབུངས་ཡར་བརྩོན་གྱི་ཉམས་འགྱུར་ཐོག་ནས། ང་ཚོ་ངོ་མཚར་ཆེ་བའི་རྡུལ་ཕྲན་མཁར་རམ་ཡང་ན་ཡངས་ཤིང་རྒྱ་ཆེ་བའི་མཚོ་སྔོན་པོ་འགྲམ་དང་། མཛེས་སྡུག་ལྡན་པའི་སྨོན་ལམ་མཐོན་པོའི་འདབས་ནས་ལྷན་འཛོམས་བྱུང་སྟེ། 2023ལོའི་སྨོན་ལམ་མཐོན་པོར་བསྐྱོད་པའི་ཀྲུང་གོའི་རྡུལ་ཕྲན་མཁར་སྨོན་ལམ་མཐོན་པོ་རི་འཛེག་ཚོགས་ཆེན་གཟབ་རྒྱས་ངང་སྤེལ་བ་དང་། མཉམ་དུ་ཁུལ་སྟོན་ལོའི་བཀྲ་ཤིས་འཆམ་མཐུན་ལོངས་སྤྱོད་བྱས་ནས་ཐུན་མོང་ཐོག“མཐོ་སར་བསྐྱོད་ནས་མཚོ་སྔོན་པོར་ལྟ་བ”ཞེས་པའི་སྤྲོ་སྣང་དཔལ་ལ་རོལ་ནས་རི་འཛེག་ལུས་རྩལ་གྱིས་སྤྲོ་བ་དང་བདེ་ཐང་མཉམ་དུ་རོལ་མྱོང་བྱས་ཡོད་པར་བསྟན། 

ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་བྱེད་སྒོ་འདི་སྤེལ་བ་བརྒྱུད་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་སྔར་བས་དྲིལ་སྒྲོག་དང་འོས་སྦྱོར་བྱས་ནས་མཚོ་བྱང་དུ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དཔེ་སྟོན་ཁུལ་གཏོད་རོགས་བྱས་ཏེ་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་ཡིད་ཆེས་དང་མཐུན་སྒྲིལ་ཡར་བརྩོན་གྱི་སྟོབས་ཤུགས་སྔར་བས་ཆེ་རུ་བཏང་ནས་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཇེ་ཚོགས་དང་འཁྲུག་ཆ་དོད་པར་གཏོང་བ། དམངས་ཡོངས་ཀྱི་ལུས་ཕུང་བྱང་ཚད་དང་བདེ་ཐང་ཆུ་ཚད་སྔར་ལས་མཐོ་རུ་བཏང་སྟེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྲིད་དབང་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་རྒྱུ་དེ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་རི་འཛེག་ཚོགས་ཆེན་ཐོག་མྱུར་འཛེག་འགྲན་བསྡུར་དང་སྤྲོ་སྣང་རྐང་ཐང་སོགས་ཀྱི་འགྲན་བསྡུར་རྣམ་གྲངས་གཉིས་བཀོད་སྒྲིག་བྱས་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར17དང་རང་ས་གནས་ཀྱི་འགྲན་ཞུགས་པ598འགྲན་བསྡུར་ནང་ཞུགས་ཡོད་ལ། དེའི་ནང་རྒྱལ་ནང་གི་ཕུལ་བྱུང་བདམས་ཐོན་པ18ཡོད་པ་རེད། དེ་དང་ཆབས་ཅིག་སྨོན་ལམ་མཐོན་པོའི་སྒར་འདེབས་རྟེན་གཞིའི་ནང་ཚོང་ར་བཙུགས་ནས་རིག་གནས་གསར་གཏོད་དང་ལག་ཤེས་བཟོ་རྩལ། མི་རིགས་ཀྱི་བཟོ་རྩལ་སོགས་ཁྱད་ཆོས་ལྡན་པའི་ཚོང་པ་སོགས་བྱེད་སྒོར་ཞུགས།

མགོ་རྩོམ་མཛད་སྒོ་དེ་སྤྲོ་སེམས་རབ་ཏུ་འཁོལ་བའི་མི་རིགས་ཀྱི་གླུ་གར་ལམ་ནས་མགོ་བརྩམས་ཤིང་། མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཞབས་བྲོ་དང་སྙན་འཇེབས་ལྡན་པའི་གླུ་གཞས་ཀྱིས་མཚོ་བྱང་མི་དམངས་ཀྱི་སྤྲོ་སེམས་འཁོལ་བའི་མགྲོན་པོར་བསུ་བ་དང་ཐེངས་འདིའི་བྱེད་སྒོའི་སྐུ་མགྲོན་དང་ཕྱི་རོལ་གྱི་ལུས་རྩལ་པར་དགའ་བསུ་དང་སྐུལ་ལྕག་བྱས་པ་མཚོན་པར་བྱས།

མགོ་རྩོམ་མཛད་སྒོ་འཚོགས་རྗེས། རི་འཛེག་རུ་མི་ཚང་མས་གྲ་སྒྲིག་བྱས་ཏེ་བརྗིད་ཉམས་ལྡན་པའི་ངང་འགྲན་བསྡུར་མགོ་བརྩམས་པའི་དུང་བརྡ་གྲགས་པ་དང་མཉམ་དུ་ནུས་ཤུགས་ཡོད་རྒུས་སྨོན་ལམ་མཐོན་པོའི་ཕྱོགས་སུ་རྒྱུག

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号