ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་མཚོ་སྔོན་པོའི་རོལ་དབྱངས་དུས་ཆེན་དང་ཝང་ལུའོ་པིན་རོལ་དབྱངས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་དུས་མགོའི་གྲ་སྒྲིག་བྱ་བར་བརྟག་ཞིབ་གནང་པ།


   ཟླ5པའི་ཚེས23ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མཚོ་སྔོན་པོའི་རོལ་དབྱངས་དུས་ཆེན་དང་ཝང་ལུའོ་པིན་རོལ་དབྱངས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་དུས་མགོའི་གྲ་སྒྲིག་བྱ་བར་དམིགས་ནས་མཚོ་སྔོན་པོ་མཐོན་པོ་སྒང་སྒར་འདེབས་རྟེན་གཞིར་བསྐྱོད་དེ་བརྟག་ཞིབ་གནང་ལ། ཉེ་འཁོར་གྱི་རྩྭ་འདེབས་ལྗང་སྒྱུར་དང་བྱེ་ལམ་སྲུང་སྐྱོང་། འཕྲིན་གཏོང་འགན་ལེན། དེ་བཞིན་ཆུ་དང་གློག ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་གི་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་གནང་།

   ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་མཚོ་སྔོན་པོའི་རོལ་དབྱངས་དུས་ཆེན་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྐུལ་འདེད་གཏོང་བའི་གཙོ་གནད་བྱ་བ་ཞིག་ཡིན་པས། ཉེ་ཆར་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུས“ཆུ་དང་གཙང་པོའི་མགོ་ཁུངས་ཀྱི་རླབས་སྒྲའི་ཁྲོད་ནས་ཚེ་སྲོག་གི་དོན་སྙིང་ཐོབ་པར་བྱེད”ཅེས་པ་བརྗོད་དོན་ཡིན་པའི《2023ལོའི“མཚོ་སྔོན་པོའི”རོལ་དབྱངས་དུས་ཆེན་གྱི་སྤྱིའི་ཇུས་གཞི》བཏོན་ལ། མཚོ་སྔོན་པོའི་རོལ་དབྱངས་དུས་ཆེན་གཉེར་བ་དེ་ནི་མཚོ་བྱང་གི་སྙན་པ་མུ་མཐུད་ཆེ་རུ་གཏོང་བ་དང་མི་ཚོགས་མང་པོ་མཚོ་བྱང་དུ་འཛོམས་སུ་བཅུག་ནས་མཚོ་བྱང་ལ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་རོགས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། འཛམ་གླིང་གི་རོལ་དབྱངས་གྲགས་ཅན《རྒྱང་ཐག་རིང་བའི་གནས་དེ་ན》ཞེས་པ་དེ་གསེར་དངུལ་ཐང་དུ་ལོ་མང་རིང་གྲགས་ཤིང《གསེར་བུམ་དང་འདྲ་བའི་རི་བོ》ཞེས་པ་དེའང་མཚོ་སྔོན་པོའི་འགྲམ་གྱི་མཐོན་པོ་སྒང་ནས་དར་བ་དང་། མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་བྱང་ངོས་ཀྱི་རླུང་རྟའི་རོལ་མོའི་དུས་ཆེན་སྐབས་དགུར་གཉེར་ཡོད་ལ། ཝང་ལུའོ་པིན་རོལ་དབྱངས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་ལ་གཉེར་ཞིང་། མིག་སྔར་ཞིང་ཆེན་ནང་ཁུལ་དུ་གཞི་ཁྱོན་ཅུང་ལྡན་ཞིང་ཞིང་ཆེན་ཕྱི་རོལ་དུ་སྐད་གྲགས་ལྡན་པས་ཁུལ་དང་རྫོང་གི་ཏང་ཨུ་སྲིད་གཞུང་གིས་བསམ་བློའི་ངོས་འཛིན་མཐོ་རུ་ཏན་ཏིག་གཏོང་བ་དང་ལས་འགན་ཁག་བགོས་ཁ་གསལ་བཟོ་བ། སྔོན་ལ་ཇུས་འགོད་བྱེད་པ། འཆར་གཞི་ལྟར་དམག་འཐབ་བྱེད་པ་བཅས་བྱས་ནས་གྲ་སྒྲིག་བྱ་བ་སོ་སོ་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་པར་བསྟན།

   ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་མཚོ་སྔོན་པོ་མཐོན་པོ་སྒང་སྒར་འདེབས་རྟེན་གཞིའི་མདུན་ཕྱོགས་མཚོ་སྔོན་པོ་དང་རྒྱབ་ཕྱོགས་མཐོན་པོ་སྒང་མཁའ་དམག་བཅའ་སྡོད་བྱ་ཡུལ་གྱི་རྗེས་ཤུལ། ཤར་ཕྱོགས་ཁེ་ཐུའུ་བྱེ་བཅོས་ས་ཚིགས་དང་བྱེ་མ་རྔ་རྡུང་། དམག་སྒར་བཅུ་གཉིས་པ། ནུབ་ཕྱོགས་བྱེ་གླིང་དང་སྒར་ཐོག་དགོན་སོགས་དང་འབྲེལ་ལ། ཁུལ་གྱི་སྡོད་གནས་ནུབ་མཚོ་དང་བར་ཐག་སྤྱི་ལེ18ཙམ་ལས་མེད་ཅིང་། ས་ཁོངས་ཀྱི་ལེགས་ཆ་དམིགས་བསལ་དང་འགྲིམ་འགྲུལ་སྟབས་བདེ་ལ། ཆུ་དང་གློག ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་ཡོད་པས་མཚོ་སྔོན་པོའི་རོལ་དབྱངས་དུས་ཆེན་དང་ཝང་ལུའོ་པིན་རོལ་དབྱངས་རིག་གནས་ཡུལ་སྐོར་དུས་ཆེན་གཉེར་སའི་ས་ཆ་ཡག་ཤོས་ཤིག་ཡིན་པ་ནན་གྱིས་བསྟན་པ་དང་། ཁུལ་ཨུའི་དྲིལ་སྒྲོག་པུས་དྲིལ་སྒྲོག་སྤེལ་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས་བྱ་བའི་ཇུས་གཞི་མགྱོགས་མྱུར་སྒོས་འཆར་ཟིན་འགོད་པ་དང་སྔར་ལས་ཞིབ་ཕྲ་བཟོ་དགོས་ཤིང་། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་མཚོ་སྔོན་པོ་མཐོན་པོ་སྒང་སྒར་འདེབས་རྟེན་གཞི་འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་བཏང་ནས་ཡུལ་སྐོར་བ་སྡོད་པའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ལ། ཁུལ་སྤྱི་བདེ་ཅུས་ཀྱིས་བདེ་འཇགས་བྱ་བའི་ཇུས་གཞི་བཟོས་ནས་བྱེད་སྒོ་སྤེལ་ཡུལ་དུ་བདེ་འཇགས་དང་གོ་རིམ་ལྡན་པ་ཞིག་ཡོང་བའི་འགན་ལེན་བྱེད་དགོས།  ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྨན་བཅོས་འགན་ལེན་བྱ་བ་ཡག་པོར་བསྒྲུབ་ནས་སྐུ་མགྲོན་དང་ལྟད་མོ་བ། དེ་བཞིན་ལས་སྒྲུབ་མི་སྣར་སྨན་བཅོས་མྱུར་སྐྱོབ་ཀྱི་ཞབས་འདེགས་ཞུ་དགོས། ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་སྒར་འདེབས་རྟེན་གཞིའི་རྩྭ་འདེབས་ལས་གཞི་བྱ་བ་ཡག་པོར་བསྒྲུབ་ནས་མཐོན་པོ་སྒང་མཐའ་འཁོར་གྱི་ལྗང་སྒྱུར་བྱ་བར་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས། གློག་འཕྲིན་དང་སྒུལ་བདེ། འབྲེལ་འཕྲིན་བཅས་ཀྱིས་འཕྲིན་གཏོང་འགན་ལེན་བྱ་བ་ཡག་པོར་བསྒྲུབ་དགོས་པ་དང་། གློག་ཤུགས་ཀུང་སིས་བྱེད་སྒོ་སྤེལ་ཡུལ་གྱི་གློག་ཤུགས་མཁོ་འདོན་དང་འགན་ལེན་བྱ་བ་ཡག་པོར་བསྒྲུབ་དགོས་ལ། མདའ་བཞི་རྫོང་གིས་མཐོན་པོ་སྒང་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྒྲིག་བྱེད་པའི་བྱ་བ་རྒྱུན་སྲིང་ལྷོད་མེད་ངང་སྤེལ་དགོས་པ་བཅས་ཀྱི་བླང་བྱ་བཏོན།

   གཡུ་སྒྲོན་མཚོ་དང་། མགོན་པོ་ཚེ་བརྟན། ཝང་ཡུང་ཁྲང་བཅས་ཀྱིས་ཕེབས་རོགས་གནང་།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号