མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་མཁོ་བསྟུན་དོ་དམ་ཐིང་གིས་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་པ།   

ཤ་བོ་སྐྱབས་དང་ཝང་ཡའོ་རུང་གིས་ཤིས་ཚིག་ཕུལ། ཀྲང་ཧྲིང་ཡོན་མཛད་སྒོར་སླེབས།


   ཟླ5པའི་ཚེས24ཉིན། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་མཁོ་བསྟུན་དོ་དམ་ཐིང་གིས་ནུབ་མཚོ་གྲོང་རྡལ་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། མཚོ་སྔོན་ཞིང་ཆེན་མཁོ་བསྟུན་དོ་དམ་ཐིང་གི་ཏང་ཨུའི་ཨུ་ཡོན་ནམ་ཐིང་ཀྲང་གཞོན་པ་ཝང་ཡའོ་རུང་མཛད་སྒོར་ཕེབས་ནས་ཤིས་ཚིག་ཕུལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་མཛད་སྒོར་སླེབས་ཤིང་གན་རྒྱར་མིང་རྟགས་བཀོད། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་གཙོ་སྐྱོང་གནང་།

   ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་མཚོ་སྔོན་ཞིང་ཆེན་མཁོ་བསྟུན་དོ་དམ་ཐིང་གིས་དུས་ཡུན་རིང་བོར་མཚོ་བྱང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་བྱང་གིས་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ཕྱོགས་གསུམ་གྱི་ཐད་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་དགོས་པའི་བླང་བྱ་བཏོན་ཡོད་ལ། དམིགས་འབེན་གྱི་བླང་བྱར་དམིགས་ནས་མཚོ་བྱང་ཁུལ་གྱིས་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱས་ནས་མཁོ་བསྟུན་དོ་དམ་སྒྲིག་གཞིའི་བཅོས་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། མཁོ་བསྟུན་ནུས་པའི་མ་ལག་འཛུགས་སྐྱོང་ལ་ཤུགས་བསྣན་ཞིང་། ལས་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་བདེ་འཇགས་ཐོན་སྐྱེད་ཆུ་ཚད་དང་མཁོ་བསྟུན་ཐག་གཅོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་བདེ་འཇགས་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད་ལ། འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་གན་རྒྱ་བཞག་པ་དང་འབྲེལ་གསར་བརྗེའི་སློབ་གསོའི་རྟེན་གཞིའི་སྒོ་བྱང་བཀལ་བས་ཐིང་དང་ས་གནས་ཕྱོགས་གཉིས་ཀྱིས་སྤྱི་འདོམས་འཕེལ་རྒྱས་དང་བདེ་འཇགས་ཀྱི་འཐབ་ཇུས་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་གང་ལེགས་སྒོས་མངོན་ཡོད་ཅིང་། ཕྱོགས་གཉིས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་སྒྲིག་འཛུགས་ཡག་པོ་དང་མཐུན་སྦྱོར་ཡག་པོ། ལག་བསྟར་ཡག་པོ་བཅས་བྱས་ནས་མཚོ་བྱང་གི་མཁོ་བསྟུན་དོ་དམ་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ“མཚོ་བྱང་ལྔའི”འཛུགས་སྐྲུན་ལ་ཚད་བརྒལ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་པར་བསྟན།

   ཝང་ཡའོ་རུང་གིས་ཉེ་བའི་ལོ་ཤས་རིང་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས“རྒྱལ་དོན་གྱི་ཆེ་ཕྱོགས”དང“ཞིང་ཆེན་གྱི་གལ་ཆེན”ལ་དམིགས་ནས“ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཅིག་གི་བདེ་འཇགས་འགན་ལེན་བྱེད་པའི”ཆབ་སྲིད་ཀྱི་འགན་ཁུར་མཐའ་གཅིག་ཏུ་ཁུར་ནས་སྐྱེ་ཁམས་བདེ་འཇགས་དང་རྒྱལ་ཁོངས་བདེ་འཇགས། ཐོན་ཁུངས་དང་ནུས་རྒྱུའི་བདེ་འཇགས་བཅས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ལ་རོགས་རམ་བྱས་ཡོད་ལ། ཐེངས་འདིར་གན་རྒྱ་བཞག་པ་དེ་ནི་ཞིང་ཆེན་ཡོངས་དང་གྲོང་ཁྱེར་དང་ཁུལ་གྱིས་བཏོན་ཞིང་། ཐིང་དང་ཁུལ་གྱིས་མཉམ་འབྲེལ་སྒོས་བཞག་པའི་མཁོ་བསྟུན་དོ་དམ་ཁྱབ་ཁོངས་ཀྱི་མཉམ་ལས་གྲོས་མཐུན་གན་རྒྱ་ཐོག་མ་དང་དངོས་གནས་དྲང་གནས་ཀྱི་བརྗོད་དོན་སློབ་གསོ་ལག་ལེན་བྱེད་པའི་ཐབས་ལམ་ཞིག་ཡིན་ལ།  མཁོ་བསྟུན་དོ་དམ་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་མཚོ་བྱང་གི་ལག་ལེན་དང་མཁོ་བསྟུན་གྱི་ལག་ལེན་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་མཁོ་བསྟུན་དོ་དམ་བྱ་གཞག་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དངོས་ཡོད་ཀྱི་དོན་སྙིང་དང་དཔེ་སྟོན། སྣེ་ཁྲིད། སྐུལ་ཁྲིད་བཅས་ཀྱི་ནུས་པ་གལ་ཆེན་ལྡན་ཡོད། ཕྱོགས་གཉིས་ཀྱིས་ཐུན་མོང་ཐོག་ལག་གདང་སྦྲེལ་ནས་གྲོས་མཐུན་གན་རྒྱ་འཇོག་པ་དེ་མགོ་འཛུགས་ས་གསར་པར་བྱས་ཏེ་ལས་འགན་སོ་སོར་སྐུལ་འདེད་ཏན་ཏིག་གཏོང་བ་དང་མ་ལག་འཐུས་ཚང་དུ་གཏོང་བ། ནུས་པ་ཆེ་རུ་གཏོང་བ། ཉེན་ཁ་འགོག་ཟོན་དང་བདེ་འཇགས་འགན་ལེན་བཅས་ལ་ཤུགས་བསྣན་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་ལེའུ་གཏོད་ཆེད་དེ་ལས་ཆེ་བའི་ལེགས་སྐྱེས་གསར་པ་དབུལ་རྒྱུའི་རེ་བ་ཡོད་པ་ནན་གྱིས་བསྟན།

   གན་རྒྱ་འཇོག་པའི་མཛད་སྒོའི་ཐོག ཤ་བོ་སྐྱབས་དང་ཝང་ཡའོ་རུང་གིས་མཚོ་སྔོན་ཞིང་ཆེན་མཁོ་བསྟུན་དོ་དམ་ཁོངས་གཏོགས་ཀྱི“གསར་བརྗེའི་སློབ་གསོའི་རྟེན་གཞིའི”སྒོ་བྱང་བཀལ་ལ། ཀྲང་ཧྲིང་ཡོན་དང་ཝང་ཡའོ་རུང་གིས《མཚོ་བྱང་གི་མཁོ་བསྟུན་དོ་དམ་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》གན་རྒྱར་མིང་རྟགས་བཀོད།    


   ཐེངས་འདིའི་གན་རྒྱ་བཞག་ཅིང་སྒོ་བྱང་བཀལ་རྗེས་ཞིང་ཆེན་མཁོ་བསྟུན་ཁོངས་གཏོགས་ཀྱིས་སྔ་རྗེས་སུ་མཚོ་བྱང་ཁུལ་དུ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སོགས་གསར་བརྗེའི་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་རེད།    


   ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཝང་ཞིང་ཧོས་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པོ་ཀྲེང་ཆིང་། ཞིང་ཆེན་མཁོ་བསྟུན་དོ་དམ་ཐིང་གི་ཏང་ཨུའི་ཨུ་ཡོན་ནམ་ཆབ་སྲིད་པུའུ་ཡི་ཀྲུའུ་རིན་ལི་ཅུན་བཅས་ཞུགས།    

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号