ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་མདའ་བཞི་རྫོང་དུ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་སྒོས་སྦྲེལ་མཐུད་བྱེད་པའི་བྱ་བར་བརྟག་ཞིབ་གནང་སྐབས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་གཏོད་པའི་ཐད་རྒྱུན་ཆད་མེད་པར་ཤུགས་བསྣན་ཏེ་ལེའུ་གསར་པ་རྩོམ་དགོས་པ་ནན་གྱིས་བསྟན།


    ཟླ5པའི་ཚེས24ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་སྒོས་སྦྲེལ་མཐུད་བྱེད་པའི་བྱ་བར་དམིགས་ནས་མདའ་བཞི་རྫོང་ལྗང་མདོག་རིག་གནས་ཐོན་ལས་གླིང་དང་མདའ་བཞི་རྫོང་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས། ཀྲུང་གོའི་རྡུལ་ཕྲན་མཁར་གཞོན་ནུ་ལོ་ཆུང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་སྒར་ས། ཁུལ་བོད་སྨན་ཁང་སྨན་སྦྱོར་ལྟེ་གནས་བཅས་སུ་བརྟག་ཞིབ་ཏུ་བསྐྱོད་པ་དང་། ཐོན་ལས་ལ་དམ་འཛིན་ཏན་ཏིག་དང་རྨང་གཞི་བརྟན་དུ་གཏོང་བ། ཞན་ཆ་དང་མི་འདང་ས་ཁ་གསབ་བྱེད་པ། གྲོང་གསེབ་ཀྱི་ཐོན་ལས་གཞི་ཁྱོན་ཅན་གྱི་ལེགས་བསྡུས་ཞིབ་གཉེར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་གཏོད་པའི་ཐད་རྒྱུན་ཆད་མེད་པར་ཤུགས་བསྣན་ཏེ་ལེའུ་གསར་པ་རྩོམ་དགོས་པ་ནན་གྱིས་བསྟན། 

    མདའ་བཞི་རྫོང་ལྗང་མདོག་རིག་གནས་ཐོན་ལས་གླིང་དང་མདའ་བཞི་རྫོང་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་སུ་ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་འགྲེམས་ཁང་དང་ཐོན་སྐྱེད་འཁོར་ཁང་སོགས་སུ་བསྐྱོད་དེ་ཁེ་ལས་ཀྱི་ཐོན་སྐྱེད་དང་ཐོན་ལས་འཕེལ་རྒྱས། དོ་དམ་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཤིང་། ལྗང་མདོག་དང་ཁོར་སྲུང་། ཚན་རྩལ། རིག་གནས། ནུས་རྒྱུ་གསར་པ་བཅས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་དེང་རབས་ཀྱི་བཟོ་ལས་མ་ལག་བསྐྲུན་རྒྱུར་དམིགས་ཏེ་ཁེ་ལས་ལ་རོགས་རམ་དང་དཀའ་ངལ་སེལ་རོགས་བྱེད་པའི་འབྲེལ་ཡོད་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ཁེ་ལས་འཕེལ་རྒྱས་ཀྱི་འགག་གནད་དང་དཀའ་གནད་ཧུར་ཐག་སྒོས་སེལ་ནས་ཐོན་ལས་གླིང་གི་དུས་ཐེངས་གཉིས་པའི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་དབུལ་ཐར་མང་ཚོགས་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ་དེ་བས་མང་བ་བསྡུས་ནས་ལས་ཞུགས་གཞན་སྒྱུར་དང་ཡོང་འབབ་མང་དུ་གཏོང་དགོས། མི་རིགས་ཀྱི་རྒྱན་གོས་དང་ཐང་ག རྡོ་བརྐོས་སོགས་མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་བཟོ་ལས་དང་ལྗང་མདོག་འཛུགས་སྐྲུན་རྒྱུ་ཆའི་ཐོན་ལས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་རིག་གནས་གསར་གཏོད་ཐོན་རྫས་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། རིག་གནས་བྱེད་སྒོ་སྣ་མང་སྤེལ་བ་བརྒྱུད་ཁེ་ལས་ཀྱི་སྙན་གྲགས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས། ཞིང་ཕྱུགས་ཐོན་ཁུངས་ཀྱི་རང་སྤུས་ལ་གཞི་ཚུགས་ཏེ་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ཀྱི་བྱ་བ་ཡག་པོར་སྒྲུབ་པ་དང་། ནུས་ལྡན་གསོ་སྤེལ་དང་ལས་སྣོན་ཞིབ་ཚགས། དྲ་རྒྱའི་བྲིན་ཚོང་བཅས་གཞི་གཅིག་ཅན་གྱི་ཐོན་ལས་སྦྲེལ་ཐག་མ་ལག་མགྱོགས་མྱུར་སྒོས་བསྐྲུན་ནས་ཐོན་སྐྱེད་དང་བྲིན་ཚོང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན། 

    ཀྲུང་གོའི་རྡུལ་ཕྲན་མཁར་གཞོན་ནུ་ལོ་ཆུང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་སྒར་ས་རུ་ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་སྒར་སའི་ཕྱོགས་བསྡུས་ལག་ལེན་ལྟེ་གནས་ཀྱི་འཆར་འགོད་དང་དེ་བཞིན་སློབ་མའི་མལ་ཤག་དང་ཟ་ཁང་སྒྱུར་བཀོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་། མཚོ་བྱང་གི་གསར་བརྗེའི་ཐོན་ཁུངས་རང་སྤུས་ལ་གཞི་ཚུགས་པ་དང་ཚན་རིག་དང་མཐུན་པའི་འཆར་འགོད་དང་ཇུས་འགོད། བློ་སྤོབས་ཆེན་པོས་བསམ་ཕྱོགས་གསར་གཏོད་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ཞིབ་འཇུག་དང་སློབ་སྦྱོང་། ཡུལ་སྐོར་བཅས་གཞི་གཅིག་ཅན་གྱི་གཞོན་ནུ་ལོ་ཆུང་གི་སློབ་ཕྱིའི་ཕྱོགས་བསྡུས་ལག་ལེན་སྒར་ས་གཏོད་དགོས་ལ། གསར་བརྗེའི་རིག་གནས་ཀྱི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ་ཕུགས་བསམ་དད་སེམས་ཀྱི་སློབ་གསོ་དང་ངལ་རྩོལ་ལག་ལེན་གྱི་སློབ་གསོ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ། རྒྱལ་སྲུང་སློབ་གསོ་བཅས་དང་ཟུང་འབྲེལ་བྱས་ནས་ཚན་རིག་དང་མཐུན་པའི་ངང་ཆེད་དོན་སློབ་ཁྲིད་དང་ཡུལ་དངོས་ནས་སློབ་ཁྲིད། ཡུལ་སྣང་སློབ་ཁྲིད་སོགས་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་དྲིལ་སྒྲོག་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མཚོ་བྱང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་ཆེད་འདེགས་སྐྱོར་བྱེད་དགོས་པ་ནན་གྱིས་བསྟན།

    དེའི་རིང་། ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་ཁུལ་བོད་སྨན་ཁང་གི་སྨན་སྦྱོར་ལྟེ་གནས་སུ་བསྐྱོད་དེ་ཡུལ་དངོས་ནས་སྒྲིག་བཀོད་སྒྲིག་ཆས་དང་ཐོན་རྫས་ཐོན་ནུས། བཟོ་རྩལ་བརྒྱུད་རིམ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ནས་ལྷག་པའི་དཀའ་ངལ་ལ་དབྱེ་ཞིབ་དང་གོམ་སྟབས་རྗེས་མའི་བྱ་བར་བཀོད་སྒྲིག་བྱས། མཚོ་བྱང་གི་རང་བྱུང་ས་ཁམས་ཆ་རྐྱེན་དམིགས་བསལ་ཡིན་པ་དང་བོད་སྨན་གྱི་རྒྱུ་ཆའི་ཐོན་ཁུངས་ཕུན་སུམ་ཚོགས་པ། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་གཏོང་བའི་ཁྲོམ་རའི་མདུན་ལམ་རྒྱ་ཆེན་པོ་ཡོད་པས། འབྲེལ་ཡོད་སྡེ་ཁག་སོ་སོས་མཚོ་བྱང་གི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་སྨན་སྦྱོར་ལྟེ་གནས་ཀྱི་གཞི་རྒྱ་ཆེ་རུ་གཏོང་བའི་བྱ་བ་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་སྨན་སྦྱོར་ཁྲོམ་ར་རྒྱ་ཆེར་ཧུར་ཐག་བཏང་ནས་མཚོ་བྱང་གི་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ལ། བོད་སྨན་ཐོ་འགོད་སྙན་སེང་དང“ཆོག་འཐུས་ཨང་རྟགས”ཀྱི་སྙན་ཞུ་བྱ་བར་སྐུལ་འདེད་ཧུར་ཐག་བཏང་སྟེ་བོད་སྨན་གྱི་སྨན་རྫས་སྔར་ལས་མང་བ་སྨན་བཅོས་འགན་བཅོལ་དཀར་ཆག་ནང་བཅུག་ནས་མང་ཚོགས་ལ་སྔར་ལས་སྟབས་བདེ་ཞིང་མྱུར་བའི་ཞབས་ཞུ་སྒྲུབ་ཐུབ་པའི་བརྩོན་ལེན་བྱེད་དགོས་པ་དང་། དེ་སྔའི་མཚོ་བྱང་སྨན་རྫས་ལས་སྣོན་བཟོ་གྲྭར་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་པའི་ཡིག་ཆ་དང་ཐོན་རྫས་རིགས་ཀྱི་མ་རྐང་འཛིན་དབང་ཚུར་བསྡུའི་བྱ་བ་དམ་འཛིན་ཡག་པོ་བྱས་ནས་སྒྲུབ་དགོས་པ་ནན་གྱིས་བསྟན།


    ཁུལ་ཨུའི་རྒྱུན་ཨུའམ་མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ་དང་། ཁུལ་ཨུའི་གཞུང་ལས་ཁང་། ཁུལ་སྲིད་གཞུང་གཞུང་ལས་ཁང་།  ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་བརྟག་ཞིབ་ལ་ཕེབས་རོགས་གནང་།    


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号