མཚོ་བྱང་ཁུལ་བོད་སྨན་ཁང་གིས“མཚན་མོའི་སྒོ་བསྟེན་ཁང”དུ་མུ་མཐུད་ནད་བརྟག་བྱ་རྒྱུ་རེད།

དུས་ཚོད། ཆུ་ཚོད18ནས22བར། (གཟའ་ཟླ་བ་ནས་གཟའ་པ་སངས) 

ས་གནས། མཚོ་བྱང་བོད་སྨན་ཁང་གི་སྒོ་བསྟེན་ཁང་། 

ཐུག་ཆད་བྱེད་སྟངས། མྱུར་སྐྱོབ་མ་ཡིན་པའི་རིགས་ཡོངས་ལ་སྨན་བཅོས་བྱེད་ཀྱིན་ཡོད་པས། ཁྱེད་ཀྱིས་སྔོན་ལ་སྒོ་བསྟེན་ཁང་གི་ཞབས་ཞུ་ཁ་པར13897105156བརྒྱུད་ནས་ཐུག་ཆད་བྱས་ཆོག 

སྨན་བཅོས་ཀྱི་ཞབས་ཞུའི་ཁྱབ་ཁོངས། གཏར་ཁ་དང་ཧོར་མེ། བདུད་རྩི་ཞབས་ཁྲུས། སྣུམ་བྱུག མེ་དུགས། སྐུ་མཉེ། སྐམ་ཁབ། མེ་བུམ། ཚྭ་དུགས། མེ་བཙའ་སོགས་བོད་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་སྨན་བཅོས་བྱེད་ཐབས་དང་ཕྱི་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号