མཚོ་བྱང་ཁུལ་གྱི་སྐབས་དང་པོའི་སྐྱེ་ཁམས་སྒར་འདེབས་དུས་ཚིགས་ཀྱི་ཚོགས་ཆེན་གྱི་གཟེངས་བསྟོད་ཚོགས་འདུ་འཚོགས།
ཟླ4བའི་ཚེས28ཉིན། མཚོ་བྱང་ཁུལ་གྱི་སྐབས་དང་པོའི་སྐྱེ་ཁམས་སྒར་འདེབས་དུས་ཚིགས་ཀྱི(སྒར་འདེབས་ཐོན་རྫས་འགྲེམས་ཚོང+ཉམས་ལེན)ཚོགས་ཆེན་གྱི་གཟེངས་བསྟོད་ཚོགས་འདུ་མཚོ་སྔོན་པོའི་འགྲམ་གྱི་མཐོན་པོ་སྒང་འདབས་རོལ་གྱི་སྐྱེ་ཁམས་སྒར་འདེབས་བྱ་ཡུལ་དུ་འཚོགས་ཤིང་། དཔྱད་འདེམས་བྱས་པའི་ཕུལ་བྱུང་འགྲེམས་ཞུགས་ཁེ་ལས་དང་ཚོགས་ཆེན་གྲ་སྒྲིག་བྱེད་རིང་འགན་ལེན་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱི་ལས་ཁུངས་ལ་གཟེངས་བསྟོད་བྱས།
ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས། ཁུལ་གྱི་མགོ་ཁྲིད་མགོན་པོ་ཚེ་བརྟན་དང་། མ་ཁྲེང་ཧྥང་། ལི་ཞང་ཏུང་། ཚའོ་ཅི་ཆང་། ཧ་ཝུན་ཞུག ལུང་ཡུང་ཧྲེང་བཅས་ཚོགས་འདུར་ཞུགས། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ། གཞུང་ལས་ཁང་གི་ཀྲུའུ་རིན་ཝང་ཡུང་ཁྲང་གིས《མཚོ་བྱང་ཁུལ་གྱི་སྐབས་དང་པོའི་སྐྱེ་ཁམས་སྒར་འདེབས་དུས་ཚིགས་ཀྱི(སྒར་འདེབས་ཐོན་རྫས་འགྲེམས་ཚོང+ཉམས་ལེན)ཚོགས་ཆེན་གྱི་ཕུལ་བྱུང་འགྲེམས་ཞུགས་ཁེ་ལས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས》སྒྲོག་འདོན་བྱས། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་མཱ་རུའུ་ཞང་གིས་གཙོ་སྐྱོང་གནང་།
ཐེངས་འདིའི་ཚོགས་ཆེན་ཐོག་ཞིང་ཆེན་ཕྱི་ནང་གི་ཁེ་ལས25འགྲེམས་ཚོང་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་། འགྲེམས་ཞུགས་ཐོན་རྫས་དེ་སྔར་ཡོད་ཀྱི་འདུས་གྲུབ་སྒྲོམ་ཚང་དང་སྐར་གཟིགས་ཁང་པ། སྐར་གཟིགས་སྒྲོམ་ཚང་། བྱེད་སྒོ་སྤེལ་སའི་སྒྲོམ་ཚང་། སྒུལ་བདེའི་ཁོར་ཡུག་སྲུང་སྐྱོབ་གསང་སྤྱོད། སྦྲ་གུར། ཕྱི་རོལ་གྱི་གུར་ཆེ་གྲས། ཁང་འཁོར་སོགས་སྒར་འདེབས་ཐོན་རྫས20ལྷག་ཙམ་གྱིས་ཚོགས་ཆེན་ལ་ཕུན་སུམ་ཚོགས་པའི་འགྲེམས་དངོས་མཁོ་འདོན་བྱས་ཡོད།
ཆེད་མཁས་པས་དཔྱད་ཞིབ་དང་ཚོགས་ཆེན་སྒྲིག་འཛུགས་ཨུ་ལྷན་གྱིས་ཞིབ་འཇུག་གཏན་འབེབས་བྱས་པ་བརྒྱུད། ཧྲང་ཧའེ་ཧུའུ་ཅི་བཟོ་སྐྲུན་ཚན་རྩལ་ཚད་ཡོད་ཀུང་སི་ལ་ཚོགས་ཆེན་གྱི་གསེར་གྱི་བྱ་དགའ་ཐོབ་པ་དང་། ཞིས་ཞིང(ཀོང་ཏུང)རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་། ཀོང་ཏུང་ཝེ་སུའུ་ཝུན་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སི་ལ་ཚོགས་ཆེན་གྱི་དངུལ་གྱི་བྱ་དགའ་ཐོབ། ཀྲེ་ཅང་ཞའོ་ཧུའུ་ཕིང་རིག་གནས་སྨྱན་སྦྱོར་ཚོགས་པ་ཚད་ཡོད་ཀུང་སི་དང་ཀྲེ་ཅང་ཧྲུའེ་མའེ་ཕྱི་རོལ་མཁོ་ཆས་ཚད་ཡོད་ཀུང་སི། མཚོ་སྔོན་མཚོ་བྱང་ཐོར་མོ་རིག་གནས་ཡུལ་སྐོར་མཉམ་གཉེར་ཁེ་ལས་བཅས་ལ་ཚོགས་ཆེན་གྱི་ཟངས་ཀྱི་བྱ་དགའ་ཐོབ། ཧྲན་ཏུང་ཅིང་ཀྲུའུ་བར་སྣང་བཟོ་སྐྲུན་ཇུས་འགོད་ཚད་ཡོད་ཀུང་སིར་ཚོགས་ཆེན་གྱི་གསར་གཏོད་བྱ་དགའ་ཡག་ཤོས་ཐོབ་པ་དང་། མཚོ་སྔོན་མཚོ་ངོགས་བོད་མཁར་སྐྱེ་ཁམས་རིག་གནས་ཡུལ་སྐོར་མ་འཇོག་དོ་དམ་ཚད་ཡོད་ཀུང་སི་དང་། མཚོ་སྔོན་མདོ་ལ་ཐོར་མོ་རིག་གནས་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སི། ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་མ་རྐང་ཚད་ཡོད་ཀུང་སི་མཚོ་སྔོན་ཕྱིར་འཚོང་མཚོ་བྱང་ཡན་ལག་ཀུང་སི། མཚོ་སྔོན་ཁྲོན་ཆིན་བཟོ་སྐྲུན་ཚད་ཡོད་ཀུང་སི། མཚོ་སྔོན་དབྱི་རུའེ་ཀྲུག་ཁོར་ཡུག་སྲུང་སྐྱོབ་ཚན་རྩལ་ཚད་ཡོད་ཀུང་སི། མཚོ་སྔོན་ཧྲེང་ཐའེ་འཛུགས་སྐྲུན་བཟོ་སྐྲུན་ཚད་ཡོད་ཀུང་སི། མཚོ་སྔོན་ཁུན་ཡུའེ་ཧྥང་རླངས་འཁོར། མཚོ་སྔོན་བོད་ཀྱི་རིག་གནས་ཡུལ་སྐོར། མཚོ་བྱང་ནོར་རྫི་ཇུས་འགོད་བཟོ་སྐྲུན་ཚད་ཡོད་ཀུང་སི། མཚོ་བྱང་མདའ་བཞི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི། མཚོ་བྱང་ཁུལ་ཏ་ཨའེ་ཀྲེ་ཡུལ་སྐོར་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སི། མཚོ་བྱང་ཅ་ཕུའུ་ཕི་སྒྱུ་རྩལ་རིག་གནས་ཐོན་ལས་ཚད་ཡོད་ཀུང་སི། མཚོ་བྱང་ཁུལ་དབྱངས་ཅན་ལྷ་མོའི་དམངས་ཁྲོད་བཟོ་རྩལ་ཐོན་རྫས་ཚད་ཡོད་ཀུང་སི། ཀྲུང་གོ་སྦྲག་སྲིད་གསོག་འཇོག་དངུལ་ཁང་མཚོ་བྱང་ཡན་ལག་དངུལ་ཁང་། རྒྱལ་ཁབ་གློག་དྲ་མཚོ་བྱང་གློག་འདོན་ཀུང་སི། ཀྲུང་གོ་སྒུལ་བདེ་མཚོ་བྱང་ཡན་ལག་ཀུང་སི། ཀྲུང་གོ་འབྲེལ་འཕྲིན་མཚོ་བྱང་ཡན་ལག་ཀུང་སི། ཀྲུང་གོ་གློག་འཕྲིན་མཚོ་བྱང་ཡན་ལག་ཀུང་སི་དང་མདའ་བཞི་རྫོང་མཚོ་སྔོན་པོ་སྡེ་བའི་མདའ་བཞི་བུ་རྒོད་སྡེ་བ་བཅས་ལ་ཚོགས་ཆེན་གྱི་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་ཐོབ།
ཐེངས་འདིའི་ཚོགས་ཆེན་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་ནི་མཚོ་བྱང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ནང་གཏིང་ཟབ་ཞུགས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་གཏོད་པ། མཚོ་བྱང་ཁུལ་གྱི་གསེར་དངུལ་ཐང-རྡུལ་ཕྲན་མཁར-མཐོན་པོ་སྒང་རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གཏོད་པའི་བྱ་ཐབས་གལ་ཆེན་དང་ཞིབ་ཕྲའི་ལག་ལེན་མགྱོགས་སུ་བཏང་བ་ཡིན་ལ། ཞིང་ཆེན་ཕྱི་ནང་གི་སྒར་འདེབས་ཐོན་རྫས་ཁེ་ལས་ཀྱིས་འཛད་སྤྱོད་ཁྲོམ་ར་རྒྱ་ཆེར་གཏོང་རྒྱུར་རམ་འདེགས་བྱེད་པ་དང་། ས་ཁོངས་ཐོན་ལས་མཉམ་ལས་དང་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གཏོང་བ། སྒར་འདེབས་ཐོན་ལས་སྦྲེལ་ཐག་མཉམ་ལས་ལ་ཤུགས་སྣོན་པ། ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་སྒར་འདེབས་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།
ཁུལ་ཐད་གཏོགས་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོ། རྫོང་བཞིའི་སྲིད་གཞུང་གི་འགན་འཁུར་བློ་མཐུན་དང་གཟེངས་བསྟོད་ཐོབ་པའི་ཁེ་ལས་ཀྱི་འཐུས་མི་གཟེངས་བསྟོད་ཚོགས་འདུར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注