ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྐོར་གྱི་ཆེད་དོན་འཆད་ཁྲིད(རྒྱ་སྐྱེད)ཚོགས་འདུ་འཚོགས།
ཟླ3པའི་ཚེས27ཉིན། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང(རྒྱ་སྐྱེད)ཚོགས་འདུ་འཚོགས་ཏེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་ཀུའོ་ཅིན་ཕིང་གདན་འདྲེན་བྱས་ནས“རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན”ལ་ཆེད་དོན་འཆད་ཁྲིད་བྱས། ཁུལ་ཨུའི་ལྟེ་བའི་ཚན་ཆུང་གི་ཁོངས་མི་སོ་སོ་དང་ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་སོ་སོ། མང་ཚོགས་ཚོགས་པ་སོ་སོའི་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ། ཁུལ་དམངས་ཆེན་གྱི་ལས་སྒྲུབ་མི་སྣ་ཡོངས་དང་དེ་བཞིན་དམངས་ཆེན་འཐུས་མི་ཁག་གཅིག་གིས་ཆེད་དོན་འཆད་ཁྲིད་ལ་ཉན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སུའུ་བདུན་ཅུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་།
འཆད་ཁྲིད་ཁྲོད། ཀུའོ་ཅིན་ཕིང་གིས“ཚོགས་འདུའི་གནས་ཚུལ་མདོར་བསྡུས་དང་ཚོགས་འདུའི་དགོངས་དོན། མཚོ་སྔོན་འཐུས་ཚབ་ཚོགས་པའི་བྱེད་སྒོ་གཙོ་བོ་དང་བྱ་བའི་གནས་ཚུལ། མི་སྒེར་ལས་འགན་སྒྲུབ་པའི་གནས་ཚུལ”བཅས་ཕྱོགས་བཞིའི་ཐད་ནས་འགྲེལ་བཤད་གཏིང་ཟབ་བྱས། ཚོགས་ཞུགས་མི་སྣས་གཅིག་རྗེས་གཉིས་མཐུད་ངང་སྙན་ཞུའི་བརྗོད་དོན་ཁ་གསལ་ཞིང་ནང་དོན་གཏིང་ཟབ། ཡིད་དབང་འཕྲོག་ཤུགས་ཆེ་བ་བཅས་ཀྱིས་ང་ཚོས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལོན་པ་དང་ལག་བསྟར་དོན་འཁྱོལ་བྱེད་པར་མཛུབ་ཁྲིད་ནུས་ལྡན་འདོན་སྤྲོད་བྱས་སོང་ཟེར།
ཚོགས་འདུའི་སྟེང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་དྲིལ་སྒྲོག་སྒྲོག་སྤེལ་ལ་སྔར་བས་ཤུགས་བསྣན་ཏེ་སློབ་སྦྱོང་དྲིལ་སྒྲོག་ལག་བསྟར་བྱེད་པའི་ཚ་རླབས་མགྱོགས་མྱུར་ངང་སྤེལ་ནས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་མཚོ་བྱང་གི་ཕྱོགས་གང་སར་བརྒྱུད་སྒྲོག་བྱེད་དགོས། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་ལྡན་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་མཚོ་བྱང་གི་བྱ་གཞག་སོ་སོ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་ཐེངས་གསུམ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས་ལ། ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་དམངས་ཆེན་བྱ་བའི་ཚོགས་འདུའི་དགོངས་དོན་དང་དེ་བཞིན་ཞིང་ཆེན་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། “མཚོ་བྱང་དངོས་སྒྲུབ”ལ་བརྟེན་ནས་རང་འགུལ་ངང་མཉམ་འདྲེས་བྱེད་པར་མ་ཟད། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས། “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”ལ་སྐུལ་འདེད་གཏོང་བ་དང“243”འཕེལ་རྒྱས་བཀོད་པ་བསྐྲུན་པར་སྐུལ་འདེད་གཏོང་བར་དམིགས་ནས་ཡིད་ཆེས་བརྟན་གཏོང་དང་དངོས་སྒྲུབ་སྔོན་བརྩོན་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་གྱི་ངོ་མཚར་བའི་ལེའུ་ཧུར་ཐག་གིས་རྩོམ་དགོས་པའི་བླང་བྱ་བཏོན།
ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དཔེ་བསྡུར་ཚད་འཛིན་བྱས་ནས་མིག་སྔར་ཁུལ་ཡོངས་ཀྱི་ལས་གཞི་མགོ་རྩོམ་དང་བསྐྱར་ལས། ཞིང་ཕྱུགས་ལས་ཐོན་སྐྱེད། འཛད་སྤྱོད་རྒྱ་སྐྱེད། མ་འཇོག་མང་གཏོང་། ཚོང་འགུགས་མ་འདྲེན། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་སྤེལ་སོགས་གཙོ་གནད་བྱ་བར་དམིགས་ཏེ་འགན་འཁྲི་སྔར་བས་བརྟན་དུ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་སྤྱི་ཡོངས་འཆར་འགོད་སྐུལ་འདེད་བཏང་སྟེ་ཞིང་ཆེན་ཏང་ཨུས་བཏོན་པའི་དུས་ཚིགས་དང་པོའི“མགོ་ཡག་པོར་རྩོམ་པའི”བྱ་བའི་དམིགས་ཚད་མངོན་འགྱུར་ཡོང་བར་འགན་ལེན་ཏན་ཏིག་བྱས་ནས། “ལྔ་བཅུ་བཞིའི”འཆར་འགོད་ཕུན་སུམ་ཚོགས་པའི་སྒོ་ནས་མཇུག་སྒྲིལ་བར་དམ་འཛིན་བྱས་ཏེ“ལྔ་བཅོ་ལྔའི”འཆར་འགོད་དེ་ཚད་གཞི་མཐོན་པོའི་སྒོ་ནས་ཇུས་འགོད་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་སྤུས་ཚད་མཐོན་པའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注