མཚོ་བྱང་ཁུལ་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ལྷན་གྱི2024ལོའི་ལོ་འཁོར་མོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཏང་འཛུགས་སྐྱོང་བྱ་བ་དམ་འཛིན་བྱས་པའི་འགན་སྒྲུབ་སྙན་ཞུའི་དཔྱད་གླེང་ཚོགས་འདུ་འཚོགས།
ཟླ3པའི་ཚེས26ཉིན། མཚོ་བྱང་ཁུལ་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ལྷན་གྱི2024ལོའི་ལོ་འཁོར་མོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཏང་འཛུགས་སྐྱོང་བྱ་བ་དམ་འཛིན་བྱས་པའི་འགན་སྒྲུབ་སྙན་ཞུའི་དཔྱད་གླེང་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི4ཡིས་ཡུལ་དངོས་ནས་འགན་སྒྲུབ་སྙན་ཞུ་ཕུལ་བ་དང་། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི43གྱིས་ཡིག་ཐོག་ནས་འགན་སྒྲུབ་སྙན་ཞུ་ཕུལ་ལ། ཁུལ་ཐད་གཏོགས་ལས་ཁུངས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་བྱ་བ་དམ་འཛིན་བྱས་པའི་གནས་ཚུལ་ལ་དམངས་གཙོའི་དཔྱད་བསྡུར་བྱས། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཁུལ་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ལྷན་གྱི་ཧྲུའུ་ཅི་སི་ཅི་ཧྲིན་ཚོགས་འདུར་སླེབས་ནས་གཏམ་བཤད་གནང་།
སི་ཅི་ཧྲིན་གྱིས་ནན་གྱིས་བསྟན་དོན། 2025ལོ་ནི“ལྔ་བཅུ་བཞིའི”འཆར་འགོད་མཇུག་སྒྲིལ་བའི་ལོ་དང་། “ལྔ་བཅོ་ལྔའི”འཆར་འགོད་ཇུས་འདོན་བྱེད་པའི་ལོ་ཡིན་ལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན་པས། ཆབ་སྲིད་ཀྱི་ཚུགས་གནས་སྔར་ལས་མཐོར་འདེགས་དང་ཡིད་ཆེས་བརྟན་གཏོང་། དངོས་སྒྲུབ་སྔོན་བརྩོན་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་འགན་འཁུར་བའི་བྱས་རྗེས་གསར་བ་དང་བྱ་སྤྱོད་གསར་བ་མངོན་པར་བྱེད་དགོས། ཆབ་སྲིད་ལ་མཐོང་ཆེན་དང་ལྷག་བསམ་སྲུང་བ་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པར་ཤུགས་སྣོན་ཏན་ཏིག་རྒྱག་དགོས། དར་ཆ་གསལ་སྒྲེང་གིས་ཆབ་སྲིད་སྲུང་བ་དེ་ཨང་དང་པོར་བཞག་ནས“གྲོས་གཞི་དང་པོའི”ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས། ཆབ་སྲིད་ཀྱི་ཚད་གཞི་དང་ཆབ་སྲིད་ཀྱི་བླང་བྱ་ལས་ཁུངས་ཀྱི་བྱ་བའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་གང་ཅིའི་ཐད་ཁྱབ་པར་བྱེད་པ་དང་། སློབ་གསོས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བར་ཁྲིད་སྟོན་བྱེད་དགོས། རྩ་བ་བརྟན་དུ་གཏོང་བ་དང་སྤྱོད་བཟང་གོམས་པར་རྒྱུན་འཁྱོངས་བྱས་ཏེ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་གི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཏང་འཛུགས་སྐྱོང་དམ་འཛིན་བྱེད་པ་ནི་ཁྱོན་ཡོངས་དམ་འཛིན་བྱེད་པའི་འདུ་ཤེས་བརྟན་པོར་འཛུགས་དགོས་ཤིང་། ཆད་སྐྱོན་སེལ་བ་དང་ཞན་ཆ་ལེགས་གཏོང་གི་བྱ་བ་ཏན་ཏིག་གིས་ལེགས་པར་བསྒྲུབ་སྟེ་གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། གཡུལ་སའི་ཚད་གཞི་དང་སྤུས་ཚད་ཇེ་མཐོར་གཏོང་བར་མཐོང་ཆེན་བྱས་ཏེ་ཏང་ཀྲི་པུའུ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་ཡོན་གྱི་བརྒྱུད་རིམ་ཚད་ལྡན་ངང་འཕེལ་རྒྱས་བཏང་ནས་ཏང་འཛུགས་སྐྱོང་གྲངས་འཛིན་ཅན་དང་ཆ་འཕྲིན་ཅན་གྱི་ཆུ་ཚད་ཆེ་རུ་གཏོང་དགོས། སྦྱོང་བརྡར་གཏིང་ཟབ་ཐོབ་པའི་དཔུང་ཁག་བཏོད་དེ་སྤྱོད་གཙང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱུན་མཐུད་སྒོས་ཏང་ཡོན་ལས་བྱེད་པའི“ལས་ཀའི་ཆུ་ཚོད་བརྒྱད་ཕུད་པའི”ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་བཏང་སྟེ། ཚད་གཞི་སྔར་ལས་མཐོ་བ་དང་བླང་བྱ་སྔར་ལས་ནན་ཏན་གྱིས་དཔེ་བཟང་ལས་ཁུངས་འཛུགས་སྐྱོང་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་དགོས། ཁྱོན་ཡོངས་གཙོ་བོར་འཛིན་པ་དང་འགན་ཁུར་ཕོད་པ་རྒྱུན་འཁྱོངས་བྱས་ཏེ་ཁྱོན་ཡོངས་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་གསོན་ཤུགས་འཕེལ་བར་བྱེད་དགོས། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་བྱ་བ་དེ་ཁུལ་ཡོངས་ཀྱི་ཁྱོན་ཡོངས་འཆར་འགོད་དང་སྐུལ་འདེད། དོན་འཁྱོལ་བཅས་སུ་བཞག་ནས་ལག་བསྟར་ནུས་པ་མཐོར་འདེགས་དང་རང་འགུལ་གྱི་དམག་འཐབ་ཡག་པོ་བརྒྱབ་སྟེ་ཏང་འཛུགས་སྐྱོང་གི་ལེགས་ཆ་དེ་བཅོས་སྐྱོང་གི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆ། མི་དམངས་ལ་ཞབས་འདེགས་ཞུ་བའི་ལེགས་ཆ་བཅས་སུ་ཏན་ཏིག་བསྒྱུར་དགོས། གདོང་ལེན་གྱི་ནུས་པ་འདོན་སྤེལ་དང་དཔེ་མཚོན་གྱིས་ལམ་སྣ་ཁྲིད་ཤུགས་ཆེ་རུ་བཏང་སྟེ་ཏང་འཛུགས་སྐྱོང་གི་ཆས་རྟགས་ཁག་ཅིག་གཏོད་པར་ཤུགས་སྣོན་དགོས། “གཞི་རིམ་དུ་བསྐྱོད་པ་བཞིའི”སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་། “ཐོ་འགོད་གཉིས་དང་སྙན་ཞུ་གཉིས”ཀྱི་བྱ་བ་གཏིང་ཟབ་ཏུ་སྤེལ་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་གནད་ཐག་གཅོད་བྱེད་པར་ཤུགས་སྣོན་དགོས། འགན་འཁྲི་ནན་དུ་གཏོང་བ་དང་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཧུར་ཐག་སྒོས་ཏང་འཛུགས་སྐྱོང་བྱ་བའི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་དགོས། ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཇེ་ལེགས་སུ་གཏོང་བ་དེ་གོ་གནས་གལ་ཆེན་དུ་འཇོག་དགོས། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་ཏང་གི་བྱ་བའི་སྟོབས་ཤུགས་ཆེ་རུ་གཏོང་དགོས། བྱ་བའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱེད་ཐབས་འགའ་ཞིག་ཕྱོགས་ཡོངས་ནས་དོན་འཁྱོལ་ཡག་པོ་བྱས་ཏེ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་བྱ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཟེར།
ཁུལ་ཐད་གཏོགས་ཀྱི་ཏང་ཨུ(བྱ་བའི་ཨུ་ལྷན)དང་ཏང་རྩ་འཛུགས་ཀྱི་འབྲེལ་བ་མཚོ་བྱང་དུ་ཡོད་པའི་ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་ཏང་ཨུ་སོ་སོའི་འགན་འཁུར་བ། ཁུལ་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ལྷན་གྱི་ཁོངས་གཏོགས་ལས་ཁུངས་སོ་སོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི། ཁུལ་ཐད་གཏོགས་ལས་ཁུངས་ཀྱི“འཐུས་མི་གཉིས་དང་ཨུ་ཡོན་གཅིག”དང་གཞི་རིམ་ཏང་ཡོན་ལས་བྱེད་པའི་འཐུས་མི་ཁག་ཅིག་བཅས་ཚོགས་འདུར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注