མཚོ་བྱང་ཁུལ་གྱི་དམིགས་འབེན་འགན་ཁུར་དཔྱད་ཞིབ་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས།

ཤ་བོ་སྐྱབས་ཚོགས་འདུར་སླེབས་ནས་གསུང་བཤད་གནང་།



   ཟླ4བའི་ཚེས11ཉིན་གྱི་སྔ་དྲོར། མཚོ་བྱང་ཁུལ་གྱི་དམིགས་འབེན་འགན་ཁུར་དཔྱད་ཞིབ་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས་པ་དང་། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་དམིགས་འབེན་འགན་ཁུར་དཔྱད་ཞིབ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་ཚོགས་འདུར་སླེབས་ནས་གསུང་བཤད་གནང་ཞིང་། དཔྱད་ཞིབ་ལམ་སྲོལ་གསར་གཏོད་དང་དཔྱད་ཞིབ་ཆུ་ཚད་མཐོ་རུ་གཏོང་བ། དཔྱད་ཞིབ་ཀྱི་གཙོ་གནད་ལ་དམིགས་པ། བྱ་བ་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པ། དཔྱད་ཞིབ་བྱས་འབྲས་ཡག་པོ་སྤྱོད་པ། འབད་འབུངས་སྟོབས་ཤུགས་འཕེལ་བ་བཅས་བྱས་ཏེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས་པ་ནན་གྱིས་བསྟན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན། ཁུལ་དམིགས་འབེན་འགན་ཁུར་དཔྱད་ཞིབ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དབྱང་ཧའེ་ལུང་ཚོགས་འདུར་ཞུགས་པ་དང་། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་། ཁུལ་དམིགས་འབེན་འགན་ཁུར་དཔྱད་ཞིབ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཀྲུང་དབྱིས་ཚོགས་འདུ་གཙོ་སྐྱོང་གནང་།

   ཤ་བོ་སྐྱབས་ཀྱིས་དམིགས་འབེན་འགན་ཁུར་དཔྱད་ཞིབ་ནི་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ལས་བྱེད་པར་འགན་འཁྲི་འཁུར་ཕོད་པ་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཀྱང་ཡིན། 2022ལོར་རྫོང་བཞི་དང་ཞིང་ར་གཅིག ཁུལ་ཨུའི་སྡེ་ཁག་སོ་སོ་དང་ཁུལ་ཐད་གཏོགས་ལས་ཁུངས་སོ་སོས་ཞིང་ཆེན་དང་ཁུལ་ཨུའི་ཡང་དག་པའི་མགོ་ཁྲིད་འོག་དཔྱད་ཞིབ་དམིགས་འབེན་ལ་དམིགས་ནས་དོན་འཁྱོལ་དམ་འཛིན་བྱས་པས་ལོ་ཧྲིལ་བོའི་ལས་འགན་སོ་སོ་ལེགས་འགྲུབ་ཡག་པོ་བྱུང་ཡོད། དཔྱད་ཞིབ་མཇུག་འབྲས་ལ་བལྟས་ན། ཏང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་སོ་སོ་མཚོ་བྱང་དུ་ཕྱོགས་ཡོངས་དང་ཡང་དག་པ། ནུས་ལྡན་བཅས་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ་ཐུབ་ཡོད་པ་དང་། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་སོ་སོ་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་བ་བཅས་ལ་སྤྱིའི་ཆ་ནས་ཁས་ལེན་བྱེད་འོས་པ་ཞིག་ཡིན་པར་བསྟན།


   ཤ་བོ་སྐྱབས་ཀྱིས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ཀྱི་ཚད་གཞི་དེ་དཔྱད་ཞིབ་བྱ་བའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས་ཁུལ་ཡོངས་ཀྱི་བྱ་བའི་ཁྱོན་ཡོངས་ལ་དམ་པོར་དམིགས་པ་དང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དོ་ཁུར་བྱེད་པའི་གཙོ་གནད་ལས་འགན་ལ་དམིགས་པ། གོམ་གང་མདུན་སྤོས་ཀྱིས་དཔྱད་ཞིབ་ཀྱི་དམིགས་འབེན་སྔར་བས་ཇེ་ལེགས་སུ་གཏོང་བ། དཔྱད་ཞིབ་བཀོད་འདོམས་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་དཔྱད་ཞིབ་ཀྱི་གནས་བབ་ཐོག་འཇོག་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་དཔྱད་ཞིབ་ཀྱི་ལས་འགན་ཨང་དང་པོར་འཇོག་པ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་དཔྱད་ཞིབ་ཀྱི་འགག་རྩའི་ལྷུ་ཚིགས་སུ་འཇོག་པ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན། སྤྱི་ཚོགས་བཅོས་སྐྱོང་སོགས་བོད་འབྲེལ་ས་ཁུལ་གྱི་མདུན་གྲལ་དུ་བསྐྱོད་རྒྱུ་བརྩོན་ལེན་བྱེད་དགོས། དཔྱད་ཞིབ་ཀྱི་བསམ་ཕྱོགས་གསར་གཏོད་བྱས་ནས“ཚོང་འགུགས་མ་འདྲེན་གྱི་གན་འཇོག་མ་དངུལ”དང་།“སྨྱན་སྦྱོར་གསར་བའི་སྤྱི་སྟེགས་ཀྱི་བརྙན་གྱི་གྲངས་འབོར” “གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་ཐོན་ཁུངས་སྔོག་འདོན་དང་གསར་སྤེལ་བེད་སྤྱོད། ”ཡུལ་ཚོ་དང་གྲོང་རྡལ་གྱི“བཅུ་ལྡན”བཟོ་སྐྲུན་འཛུགས་སྐྲུན། ཞིང་ཕྱུགས་ལས་ཀྱི“གཅིག་ཅན་བདུན”གྱི་སྒྲིག་བཀོད་ཆ་ཚང་འཛུགས་སྐྲུན་སོགས་དཔྱད་ཞིབ་དམིགས་འབེན་ནང་བཅུག་ནས་ལས་འགན་སོ་སོ་རྒྱུན་གཏན་དང་། གསར་གཏོད་རང་བཞིན། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་ལེགས་འགྲུབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དཔྱད་ཞིབ་བྱེད་རྒྱ་ཆེ་རུ་བཏང་སྟེ་དོན་ལས་ལས་ཁུངས་ཀྱི་མགོ་ཁྲིད་ཚན་ཁག་ཁུལ་ཡོངས་ཀྱི་དམིགས་འབེན་འགན་འཁྲིའི་དཔྱད་ཞིབ་མ་ལག་ནང་བཅུག་ནས་འགན་འཁྲི་འཁུར་བ་དང་འགན་འཁྲི་འཁུར་དུ་བཅུག་སྟེ་ཚང་མར་ལས་ཀ་ལས་རྒྱུ་ཡོད་པ་དང་ལས་ཀ་ལས་སུ་འཇུག་དགོས། གོ་རིམ་དོ་དམ་ལ་ཤུགས་སྣོན་དགོས་ཤིང་། ལོ་མགོར་ལས་འགན་འཇོག་པ་དང་ལོ་མཇུག་ཏུ་ཞིབ་བཤེར་རྩིས་ལེན་བྱེད་པའི་ཐད་ཁོ་ན་ལས་སྡོད་མི་རུང་ལ། གཙོ་བོ་འགུལ་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་དང་གོ་རིམ་ཧྲིལ་པོ་ཅན་གྱི་དོ་དམ་ཐད་དུ་ཤུགས་སྣོན་དགོས། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་དུས་རྒྱུན་དུ་ནུས་ཤུགས་འདོན་པ་དང་ནམ་རྒྱུན་དུ་སེམས་ཤུགས་འདོན་དགོས། གཙོ་གནད་དམིགས་འབེན་གྱི་རྒྱུན་གཏན་ལྟ་སྐུལ་ཚོད་འཛིན་ལ་ཤུགས་བསྣན་ནས་དཔྱད་ཞིབ་བྱ་བའི་རང་འགུལ་དབང་ཆ་སྟངས་འཛིན་ནན་མོ་བྱེད་དགོས། དཔྱད་ཞིབ་ཀྱི་མཇུག་འབྲས་ཡག་པོ་སྤྱོད་རྒྱུ་དེ་མངོན་འགྱུར་ཡོང་བར་བྱས་ནས་དཔྱད་ཞིབ་ཀྱི་མཇུག་འབྲས་ལ་སྐུལ་ལྕག་དང་། ནོར་རྒྱུ་ཡོད་ལ་བཅོས་རྒྱུ་ཡོད་པ་དང་གོ་གནས་འཕར་རྒྱུ་ཡོད་ལ་འཐེན་རྒྱུའང་ཡོད་པ་བཅས་ཀྱི“ལམ་སྲོལ་གསུམ”ལག་བསྟར་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩིས་ནས། དཔྱད་ཞིབ་ཀྱི་སྐུལ་འདེད་ཡོ་བྱད་སྔར་བས་ཤུགས་ཆེར་གཏོང་བ་དང་འགན་འཁྲི་འཁུར་རྒྱུར་སྐུལ་འདེད་གཏོང་བ། ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་བ་བཅས་བྱེད་དགོས་པ་ནན་གྱིས་བསྟན།

   ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་རྫོང་རིམ་པའི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི2022ལོའི་དཔྱད་ཞིབ་མཇུག་འབྲས་ཀྱི་སྙན་ཞུར་ཉན་པ་དང་།《རྫོང་སོ་སོ་དང་། མཚོ་སྔོན་པོའི་ཞིང་ར། ཁུལ་ཐད་གཏོགས་སྡེ་ཁག་སོ་སོ། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་ལས་ཁུངས་དང་དོན་ལས་ལས་ཁུངས་ཁག་ཅིག་བཅས་ཀྱི2023ལོའི་དཔྱད་ཞིབ་དམིགས་འབེན》ལ་གྲོས་ཞིབ་བྱས།


   མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号