ཤ་བོ་སྐྱབས་རྐང་ཚ་རྫོང་དུ་བསྐྱོད་དེ་བརྟག་ཞིབ་གནང་།
ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མུ་རི་གཏེར་ཁུལ་སྤྱང་ཚང་དོང་ཁ་དང་པོ་དང་ཁེ་རམ་ཐང་སྐྱེ་ཁམས་དཔལ་ཡོན་སློབ་གསོའི་རྟེན་གཞི། གྲངས་འཛིན་སློབ་གསོའི་ལྟེ་གནས། རྐང་ཚ་དགོན་ཆེན་བཅས་སུ་བསྐྱོད་དེ་བརྟག་ཞིབ་མཛུབ་ཁྲིད་གནང་།
མུ་རི་གཏེར་ཁུལ་སྤྱང་ཚང་དོང་ཁ་དང་པོར་ཡུལ་དངོས་ནས་མུ་རི་གཏེར་ཁུལ་སྤྱང་ཚང་དོང་ཁ་དང་པོའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་ཁམས་ཉམས་གསོའི་བྱ་བ་སྒྲུབ་ཚུལ་ལ་ལྟ་ཞིབ་བྱས་ནས་འབྲེལ་ཡོད་སྡེ་ཁག་གི་བྱ་བའི་སྙན་ཞུར་ནན་ཏན་ངང་ཉན། ཤ་བོ་སྐྱབས་ཀྱིས་བསམ་བློའི་ངོས་འཛིན་སྔར་ལས་མཐོ་རུ་གཏོང་བ་དང་ཆབ་སྲིད་ཀྱི་རང་རྟོགས་ལ་ཤུགས་སྣོན་པ། གནད་དོན་གྱི་སྟོན་ཕྱོགས་དང་དམིགས་ཚད་ཀྱི་སྟོན་ཕྱོགས། གྲུབ་འབྲས་ཀྱི་སྟོན་ཕྱོགས་བཅས་བཙུགས་ནས་མཚོ་སྔོན་མུ་རིའི་སྤྱང་ཚང་རྩྭ་ཐང་རང་བྱུང་སྤྱི་གླིང་གཏོད་པའི་བྱ་བར་དམིགས་ནས་དུས་མཇུག་གི་དོ་དམ་སྲུང་སྐྱོབ་ཀྱི་འགན་ཁུར་དང་བྱ་ཐབས་སོ་སོ་དོན་འཁྱོལ་ནན་ཏན་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་གནོད་འཚེ་ཁ་གསབ་དང་གཏེར་ལས་དབང་ཆ་རིགས་དབྱེ་ཐག་གཅོད། རྩྭ་ཐང་གི་མེ་ཟོན་དང་ཨ་བྲ་རྩ་མེད་དུ་གཏོང་བ་སོགས་གཙོ་གནད་བྱ་བར་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་ནས་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་མཐོ་གྲང་གཏེར་ཁུལ་གྱི་རྩྭ་འདེབས་ལྗང་སྒྱུར་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པའི་བླང་བྱ་བཏོན།
ཁེ་རམ་ཐང་སྐྱེ་ཁམས་དཔལ་ཡོན་སློབ་གསོའི་རྟེན་གཞིར་མཚོ་སྔོན་པོའི་མཚོ་དར་ཕྱེས་པའི་གནས་ཚུལ་ལ་རྒྱུས་ལོན་དང་མཚོ་སྔོན་པོའི་སྐྱེ་ཁམས་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་བའི་སྙན་ཞུར་ཉན། ཤ་བོ་སྐྱབས་ཀྱིས་རེའུ་མིག་དང་བསྟུན་ནས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གཏོད་པའི་ལས་འགན་ཐད་ཁོངས་གཏོགས་ཀྱི་དོ་དམ་འགན་ཁུར་ལག་བསྟར་ནན་མོ་བྱས་ནས་མཚོ་སྐོར་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་དང་མཚོ་སྐོར་མཐའ་འཁོར་གྱི་ཡུལ་སྐོར་ཁྲོམ་ར་ཚད་ལྡན་དུ་གཏོང་བའི་བཅོས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། འབྲེལ་མཐུད་མཐུན་སྦྱོར་བྱ་བར་ཤུགས་སྣོན་པ། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཤིང་། ཐོག་མཐའ་བར་གསུམ་དུ“རྒྱལ་དོན་གྱི་ཆེ་ཕྱོགས”ཡིད་ལ་བརྟན་པོར་བཅངས་ནས“སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི”མ་མཐའི་མཚམས་ཐིག་བརྟན་པོར་བསྲུང་སྟེ་ཚན་རིག་དང་མཐུན་པའི་སྒོ་ནས་ཁེ་རམ་ཐང་སྐྱེ་ཁམས་དཔལ་ཡོན་སློབ་གསོའི་རྟེན་གཞི་ལུགས་མཐུན་ངང་བཟོས་ནས་དགོ་དམར་དམིགས་བསལ་སྲུང་སྐྱོབ་ཁུལ་དང་མཚོ་འཁྱིལ་གྱི་གསེར་ཉ་ཡར་འགྲོ་ལྟ་ཞིབ་ཚད་ལེན་ས་ཚིགས། གཡུ་དཀར་འོམ་ལུང་ཡུལ་ཚོའི་དམངས་སྲོལ་རིག་གནས་འགྲེམས་སྟོན་ཁུལ། ཆུ་ཁོལ་ཉམས་ལེན་ཁུལ་སོགས་མཚོ་སྔོན་པོའི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ས་ཚིགས4ཡི་སྤུས་ཚད་མཐོར་གཏོང་རིམ་སྤོར་འཆར་འགོད་ཡག་པོར་བྱེད་པ་དང་། ཡུལ་སྐོར་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་སྔར་ལས་འཐུས་ཚང་དུ་བཏང་སྟེ། སླེབས་ལ་ཉེ་བའི་ཡུལ་སྐོར་བ་མང་བའི་དུས་ཚིགས་ལ་གྲ་སྒྲིག་གང་ལེགས་བྱས་ནས“མཚོ་སྔོན་པོའི་བྱང་ངོས”ཀྱི་སྐྱེ་ཁམས་ཡུལ་སྐོར་གྱི་ཤུགས་རྐྱེན་ཐེབས་ནུས་དང་ཡིད་དབང་འཕྲོག་ཤུགས་མུ་མཐུད་ཆེ་རུ་བཏང་ནས་མཚོ་བྱང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པར་རོགས་རམ་བྱེད་དགོས་པའི་བླང་བྱ་བཏོན།
གྲངས་འཛིན་སློབ་གསོའི་ལྟེ་གནས་སུ་ཤ་བོ་སྐྱབས་ཀྱིས་གྲངས་འཛིན་ཅན་གྱི་དྲིལ་སྒྲོག་སློབ་གསོའི་འགྲེམས་སྟོན་ཁང་ལ་ལྟ་སྐོར་བྱས་ནས་སྣ་འཛོམས་ཅན་གྱི་སྒྲ་འོད་གློག་གསུམ་གཞི་གཅིག་ཅན་གྱི་ལག་རྩལ་འཁོར་སྐྱོད་བྱེད་སྟངས་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་། “ས་ཚིགས་གཅིག་དང་ལྟེ་བ་གཅིག ས་ཁུལ་གཉིས། རྟེན་གཞི་གསུམ”གྱི་ཏང་གཤིས་སློབ་གསོའི་བྱ་བར་སྐུལ་འདེད་བཏང་ཚུལ་ལ་ཉན་པར་མ་ཟད། རྐང་ཚ་རྫོང་གིས“ཉིང་ལག་གཅིག་དང་རུ་ཁག་ལྔ་ཡིས་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་བའི”བྱ་བའི་བྱེད་ཐབས་དང་གཞི་གྲངས་སློབ་གསོའི་ལྟེ་གནས་འཛུགས་སྐྲུན་བྱེད་སྟངས་ལ་ཚད་མཐོའི་ཁས་ལེན་གནང་། ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོས་རྐང་ཚ་རྫོང་གི་གྲངས་འཛིན་ལྟེ་གནས་འཛུགས་སྐྲུན་བྱེད་སྟངས་གང་ལེགས་སྒོས་བེད་སྤྱད་དེ་གཞི་གྲངས་ཅན་དང་རིག་ནུས་ཅན་གྱིས་མཚོ་བྱང་ཁུལ་གྱི་ལོ་ངོ70ཡི་འཕེལ་རྒྱས་གྲུབ་འབྲས་འགྲེམས་སྟོན་བྱེད་དགོས་ཤིང་། རྐང་ཚ་རྫོང་གིས་རང་ས་གནས་ཀྱི་གསར་བརྗེའི་ལོ་རྒྱུས་དང་སྐྱེ་ཁམས་ཐོན་ཁུངས། དམངས་སྲོལ་རིག་གནས་སོགས་ལེགས་ཆ་ལྡན་པའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་ཏང་གཤིས་སློབ་གསོ་དང་སྐྱེ་ཁམས་ཉམས་ལེན། གྲུབ་འབྲས་འགྲེམས་སྟོན་སོགས་ནུས་པ་གཅིག་ཏུ་འདུས་པའི་ཏང་གཤིས་སློབ་གསོའི་རྟེན་གཞི་གསར་གཏོད་བྱེད་དགོས་པའི་བླང་བྱ་བཏོན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注