རྐང་ཚས་ཞབས་ཞུའི་རྣམ་པ་ཇེ་ལེགས་སུ་བཏང་ནས་དགུན་དུས་གནས་སྐོར་ཉམས་ལེན་མཐོར་འདེགས་བྱས།

དགུན་དུས་གནས་སྐོར་ལས་དོན་སྤེལ་བ་ནས་བཟུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས“ཆབ་རོམ་གྱིས་སྤྲས་པའི་མཚོ་སྔོན་པོ་དང་། ཁ་བས་བཀླུབས་པའི་མདོ་ལ་རིང་མོ། དགུན་དུས་མཚོ་བྱང་ལ་གནས་སྐོར་བྱེད་པའི་སྤྲོ་སྣང”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། སྒྲིག་གཞི་ཚགས་དམ་པ་དང་ཕྱོགས་བསྡུས་ཐབས་ཇུས་ལག་བསྟར་བྱས་པས་དགུན་དུས་གནས་སྐོར་གྱི་འཕར་ཚད་གསར་པ་བཏོད་དེ་ཕྱོགས་ཡོངས་ནས་གནས་སྐོར་བའི་ཉམས་ལེན་གྱི་ཚོར་བ་ཇེ་མཐོར་ཕྱིན་ཡོད། 

རྐང་ཚ་རྫོང་གིས་གསེར་ཉའི་ཁྱིམ་གཞིས་དཀྱིལ་སྙིང་དུ་བཟུང་ནས་གཉན་ཆེན་ཞལ་དཀར་དང་ལྷ་མཚོ་ཁུགས། ཁེ་རམ་ཐང་། ལྷ་ཆབ་ཁུགས་བཅས་རྨང་གཞིར་བྱས་ཏེ། སྐྱེ་ཁམས་རྐང་བགྲོད་ལམ་ཐིག4(ལྷ་ཆབ་ཁུགས་སྐྱེ་ཁམས་ཉམས་ལེན་ལྗོངས་ཁུལ་དང་ཁེ་རམ་ཐང་ལྗོངས་ཁུལ། དུང་དཀར་རྦབ་ཆུ། དགོ་དམར་ཚན་རིག་ཁྱབ་གདལ་ཞིབ་འཇུག་རྟེན་གཞི)དང་མཚོ་སྐོར་སྐོར་ལམ་ཆུང་བ2། བོད་མཁར་རྐང་ཚར་ཉིན་གཅིག་གནས་སྐོར་བྱེད་པའི་གནས་སྐོར་ལམ་ཐིག་བཅས་བཏོད་ཡོད་པ་དང་། གསེར་ཉའི་ཁྱིམ་གཞིས་ལྗོངས་ཁུལ་དུ་གངས་འཁྱགས་རྣམ་གྲངས་གཙོ་གནད་ལག་བསྟར་བྱས་ཏེ་འཁྱགས་བརྐོས་འགྲེམས་སྟོན་དང་གློག་སྒྲོན་འགྲེམས་སྟོན་སོགས་ཉམས་ལེན་གྱི་ནང་དོན་བཀོད་སྒྲིག་བྱས་ཡོད། ལྷ་ཆབ་ཁུགས་སྐྱེ་ཁམས་ཉམས་ལེན་ལྗོངས་ཁུལ་དུ་སྒུལ་ཤུགས་མེད་པའི་གངས་ཤུད་སོགས་ཀྱི་རོལ་རྩེད་རྣམ་གྲངས་གསར་དུ་བསྣན་ནས་གནས་སྐོར་ལས་རིགས་ཀྱི་རྣམ་པ་སྔར་བས་ཕུན་སུམ་ཚོགས་པར་བཏང་ཡོད།

རྐང་ཚ་རྫོང་གིས་བཟའ་བཏུང་དང་ཞག་སྡོད་སོགས་གནས་སྐོར་ལས་གཉེར་མི་སྣར་དམིགས་ནས་ནུས་པ་མཐོར་འདེགས་ཀྱི་གསོ་སྦྱོང་འཛིན་གྲྭ་སྤེལ་བ་དང་། ཏན་ཏིག་གིས་རྫོང་ཡོངས་ཀྱི་གནས་སྐོར་སྣེ་ཤན་འགྲེལ་བཤད་འགྲན་བསྡུར་ཆེན་པོ་བསྡུས་ནས་འགྲེལ་བཤད་མི་སྣའི་ནུས་པ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་། ལས་རིགས་བདེ་འཇགས་ལྟ་སྐུལ་ཚོ་ཆུང་བཙུགས་ནས་གཙོ་གནད་ས་ཁོངས་ཀྱི་བདེ་འཇགས་བྱུར་་རྐྱེན་ཞིབ་བཤེར་བྱེད་པར་ཤུགས་བསྣན་ཏེ་འཕྲལ་བསྟུན་འགན་སྲུང་ལས་དོན་ཁག་ཞིབ་ཕྲས་དམ་འཛིན་བྱས།

གཞན་ཡང་རིག་གནས་གསར་གཏོད་ཐོན་རྫས་རིགས8དང་ནང་གསེས་དོན་ཚན20ལྷག་ཙམ་དང་། ཞིང་ཕྱུགས་ཐོན་རྫས་རིགས14། གཟུགས་མེད་རིག་གནས་ཤུལ་བཞག་གི་མི་རིགས་ཐོན་རྫས་རིགས10ལྷག་ཙམ་བཅས་ཁྲོམ་རར་བཀྲམ་ནས་ཕྱིར་འཚོང་བྱས། “ཚོང་ཁང་གྲགས་ཅན་ཆེན་པོ་བཅུའི”འབྲེལ་ཡོད་སྲིད་ཇུས་འཐུས་ཚང་དུ་བཏང་ནས་རོ་བཅུད་ལྡན་པའི་ས་ཁོངས་ཀྱི་མིང་བྱང་བསྐྲུན་པ་དང་། མཚོ་སྔོན་པོའི་ཁྱད་ལྡན་ཚོང་ཟོང་ཉམས་ལེན་ལྟེ་གནས་དང་། འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་སྡེ་བ། སྤྱི་པའི་གསང་སྤྱོད་ཁག་བགོས་ཁྱད་ལྡན་སྤུས་ལེགས་ཐོན་རྫས་ཉམས་ལེན་ཚོང་ཁང་བསྐྲུན་ནས་མི་རིགས་དང་ཞིང་ཕྱུགས། རིག་གནས་གསར་གཏོད། གཟུགས་མེད་རིག་གནས་ཤུལ་བཞག་སོགས་ཀྱི་ཐོན་རྫས་བཀོད་སྒྲིག་བྱས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号