སྡེ་བའི་འཕེལ་རྒྱས་ལ་རེ་བའི་འོད་སྣང་སྦྱིན།
——མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མོན་ཡོན་རྫོང་ནུབ་ཐང་ཞང་ཤར་རི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝང་ཆིང་ཧྲེང་གི་གནས་ཚུལ་བཀོད་པ།
ཝང་ཆིང་ཧྲེང་གིས(གཡས)སྡེ་བའི་ཁྱིམ་དུ་ས་ཞིང་འཁོར་རྒྱུག་གི་འདོད་མོས་ལ་རྒྱུས་ལོན་བྱེད་བཞིན་པ།
ཟླ2པའི་ཚེས20ཉིན་གྱི་ཞོགས་པར། སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་ཁ་བ་གཙང་སེལ་བྱས་མ་ཚར་སྔོན་ལ། གྲོང་མི་མང་པོ་ཞིག་ཐོན་བྱུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མོན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་ནུབ་ཐང་ཞང་ཤར་རི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝང་ཆིང་ཧྲེང་གིས་སང་ཉིན་ང་ཚོའི་སྡེ་བས་ལ་གཞས་འགྲན་བསྡུར་བྱ་རྒྱུ་ཡིན་པས། ཚང་མ་གནས་འདིར་རོགས་རམ་བྱེད་དུ་ཡོང་བ་རེད་ཟེར།
སྡེ་མི་དག་བསྐྱལ་རྗེས། ཝང་ཆིང་ཧྲེང་ཕྱིར་གཞུང་ལས་ཁང་དུ་སོང་ནས། སླར་ཡང་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཁོངས་མི་སྐོང་ཚོགས་བྱས་ཏེ། ཚང་མས་སང་ཉིན་གྱི་འཁྲབ་སྟོན་གོ་རིམ་ལ་ཡང་བསྐྱར་ཞིབ་བཤེར་བྱས་ཏེ། ནོར་འཁྲུལ་ཅི་ཡང་མི་འབྱུང་བར་བྱེད་དགོས། སྡེ་མི་རྣམས་ཀྱིས་སང་ཉིན་གྱི་འཁྲབ་སྟོན་ལ་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་ཅེས་བཤད།
ད་ལོར་ལོ28ལ་སླེབས་པའི་ཝང་ཆིང་ཧྲེང་སྡེ་བའི་ནང་དུ་ལས་ཚོགས་ལ་ཞུགས་ནས་ལོ་ལྔ་ཙམ་འགོར་ཡོད། 2020ལོར་སྐྱེ་དངོས་བཟོ་སྐྲུན་ཆེད་ལས་སྦྱངས་པའི་ཝང་ཆིང་ཧྲེང་སི་ཁྲོན་གྱི་སློབ་ཆེན་ཞིག་ནས་མཐར་ཕྱིན་རྗེས། མོན་ཡོན་རྫོང་དུ་ལོག་ནས་ཞིང་ལས་ཐོན་རྫས་ལས་སྣོན་བྱ་རྒྱུའི་འཆར་གཞི་བཟོས།
ལས་གཏོད་ཀྱི་ཁུངས་སྣེ་ཅུང་ཙམ་བྱུང་མ་ཐག ཝང་ཆིང་ཧྲེང་ལ་དེ་དུས་ཀྱི་ཤར་རི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝང་ཅིན་ཧྲོའུ་ཡི་ཁ་པར་ཐོན་ཏེ། ཆིང་ཧྲེང་། ལོ་འདི་གཉིས་རིང་གྲོང་གསེབ་དར་སྤེལ་གཏོང་བ་དང་། སློབ་ཆེན་སློབ་མ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུར་སྐུལ་མ་གཏོང་བཞིན་ཡོད། ཁྱོད་ཀྱི་མིག་རྒྱང་རིང་བས། ཕྱིར་རང་ཡུལ་དུ་ལོག་ནས་སྡེ་བར་བསམ་ཚུལ་བཏོན་ཏེ། མཉམ་དུ་དོན་སྙིང་ཡོད་པའི་བྱ་བ་རེ་བསྒྲུབ་ཅེས་ཟེར།
སྐབས་དེར། ཝང་ཆིང་ཧྲེང་གི་སེམས་སུ་རང་ཉིད་ཀྱི་ལས་གཏོད་བྱ་བ་ད་དུང་ཐག་གཅོད་བྱས་མེད་པས། སྔོན་ལ་གྲོང་ཚོ་ཨུ་ཡོན་ལྷན་ཁང་དུ་སོང་ནས་ལས་གཏོད་ཀྱི་དམངས་ཕན་སྲིད་ཇུས་ལ་རྒྱུས་ལོན་མང་ཙམ་བྱས་ནའང་བཟང་ཞེས་པའི་བསམ་ཚུལ་བཟུང་ནས། ཝང་ཆིང་ཧྲེང་གིས་སྡེ་བའི་ཨུ་ཡོན་ལྷན་ཁང་དུ་ལས་ཞུགས་བྱེད་འགོ་བརྩམས།
“ཧྲུའུ་ཅི། ངེད་ཚང་དུ་སློབ་ཆེན་སློབ་མ་གཉིས་ཡོད་པས། འཚོ་བའི་དམའ་སྲུང་རེ་ཞུ་བྱེད་འདོད། ཧྲུའུ་ཅི། ཁྱིམ་མཚེས་ཚང་གིས་ངེད་ཚང་གི་ས་ཆ་བདག་བཟུང་བྱས། ཁྱེད་རང་མགྱོགས་མྱུར་ངང་ཡོང་དགོས་ལ་སོགས་པའི་དོན་དག་མང་པོ་ཡོད་པས། ཝང་ཅིན་ཧྲོའུ་དུས་རྒྱུན་བྲེལ་འཚུབ་ཀྱིས་ཁེངས་བཞིན་ཡོད་ཅིང་། གནས་ཚུལ་དེ་ཡིས་ཝང་ཆིང་ཧྲེང་ལ་སྐུལ་སློང་ཆེན་པོ་ཐེབས།
ཧྲུའུ་ཅི་ཝང་ལ་བལྟས་རྗེས། ངས་གློ་བུར་དུ་གནས་འདིར་ལས་ཞུགས་བྱས་ཏེ། དམངས་ཚོགས་ཀྱི་དཀའ་གནད་དངོས་ཐག་གཅོད་བྱེད་དགོས་ཞེས་ཝང་ཆིང་ཧྲེང་གི་སེམས་སུ་འགྱུར་ལྡོག་ཕྲ་མོ་བྱུང་སྟེ། མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་དྲག་པོ་ཞིག་ཁོང་གི་སེམས་སུ་ཟུག
ཝང་ཅིན་ཧྲོའུ་ཡི་རྗེས་སུ་ལས་ལ་བྲེལ་བཞིན་པའི་ཝང་ཆིང་ཧྲེང2021ལོར་སྡེ་བའི་གུང་གཞོན་ཚོགས་པའི་ཀྲི་པུའུ་ཧྲུའུ་ཅིར་འདེམ་བསྐོ་བྱས།
ཝང་ཆིང་ཧྲེང་གིས་གུང་གཞོན་ཚོགས་པའི་ཀྲི་པུའུ་ཡི་ལས་དོན་སློབ་སྦྱོང་བྱེད་པ་དང་ཆབས་ཅིག གུང་གསེང་སྐབས་སུ་སློབ་ཆེན་སློབ་མ་སྐོང་ཚོགས་བྱས་ནས་མི་སྡོད་ཁོར་ཡུག་བཅོས་སྐྱོང་ལས་དོན་སྤེལ། ཁོང་གིས་ད་དུང་དུས་རྒྱུན་དུ་སློབ་ཆེན་སློབ་མ་ཁྲིད་ནས་སྡེ་བའི་ནང་གི་ཁེར་རྐྱང་དུ་ལུས་པའི་རྒན་རྒོན་ལ་འཚམས་འདྲི་བྱེད་པ་དང་། རྒན་རྒོན་དང་ཁ་བརྡ་བྱས་ནས། འཚོ་བའི་མཁོ་ཆས་ཉོ་རོགས་བྱེད་བཞིན་ཡོད།
སྡེ་བའི་ནང་གི་ལོ་ན80ལ་སླེབས་པའི་པའེ་ཡན་ཧྥང་གིས་བསྟོད་པའི་མཐེ་བོང་བསྒྲེངས་ནས་ཝང་ཆིང་ཧྲེང་ལ་བསྟོད་བསྔགས་བྱས། ཁོ་མོ་ནི་ཁེར་རྐྱང་དུ་འཚོ་བའི་རྒན་མོ་ཞིག་རེད། ཝང་ཆིང་ཧྲེང་དུས་རྒྱུན་དུ་ཁོ་མོ་ཚང་ལ་ཡོང་ནས་འཚོ་བའི་མཁོ་ཆས་ཉོ་རོགས་བྱེད་པར་མ་ཟད། ད་དུང་མོ་རང་ལ་ན་ཚ་བྱུང་དུས། རླང་འཁོར་བསྐོར་ནས་མོ་རང་སྨན་ཁང་དུ་ནད་བཅོས་བྱེད་པར་འཁྲིད་དེ་ཁོ་མོར་སེམས་གསོ་བྱས།
2022ལོའི་ཟླ1པོའི་ཚེས8ཉིན། མོན་ཡོན་རྫོང་དུ་རིམ་པ6.9ཅན་གྱི་ས་ཡོམ་བྱུང་བས། གྲོང་མིས་ཝང་ཆིང་ཧྲེང་ལ་ངེད་ཚང་གི་བྱིས་པ་རྫོང་མཁར་དུ་སློབ་གྲྭར་འགྲོ་བཞིན་ཡོད་པ་དང་། དེ་རིང་སློབ་གྲྭ་གྲོལ་རྗེས་ལེན་དུ་འགྲོ་མཁན་མེད་པས། ཁྱེད་ཀྱིས་རོགས་རམ་ཞིག་བྱེད་པར་ཞུ། དེ་བས་ཝང་ཆིང་ཧྲེང་གིས་མྱུར་དུ་རླངས་འཁོར་བསྐོར་ནས་རྫོང་མཁར་དུ་སོང་ནས་བྱིས་པ་བླངས་རྗེས་བདེ་འཇགས་ངང་ཁྱིམ་དུ་བསྐྱལ།
ས་ཡོམ་བྱུང་རྗེས། སྡེ་བའི་ཨུ་ལྷན་གཉིས་ཀྱི་ཁོངས་མི་དང་སྡེ་བའི་ཏང་ཡོན་གྱིས་ཁྱིམ་མིར་བདག་སྐྱོང་བྱེད་ཁོམ་མེད་པར། དུས་ཐོག་ཏུ་སྡེ་མི་ཚོའི་གནས་ཚུལ་ལ་རྒྱུས་ལོན་བྱས། ཏང་ཡོན་ལས་བྱེད་པ་ནི་མུན་ནག་ཁྲོད་ཀྱི་སྒྲོན་མེ་དང་འདྲ་བར་འཇིགས་སྣང་གི་ཁེངས་པའི་སྡེ་མིར་ཚོར་རེ་བ་དང་སྟོབས་ཤུགས་སྦྱིན་པ་མཐོང་རྗེས། ཝང་ཆིང་ཧྲེང་གིས་སེམས་གཏིང་ནས་ཏང་ཡོན་དེ་དག་མིག་དཔེར་འཛིན་རྒྱུའི་སེམས་ཐག་བཅད།
གུང་གཞོན་ཚོགས་པའི་ཀྲི་པུའུ་ཡི་ཧྲུའུ་ཅིའི་འགན་འཁུར་བའི་སྐབས་སུ། ཝང་ཆིང་ཧྲེང་གིས་སྡེ་བའི་སློབ་ཆེན་སློབ་མ་དང་འབྲེལ་འདྲིས་བྱས་ནས། སྐད་འཕྲིན་ཚོགས་པ་བཙུགས། ཚོགས་པའི་ནང་རྒྱལ་ཁབ་ཀྱིས་ཕ་ཡུལ་དུ་ཕྱིར་ལོག་པའི་སློབ་ཆེན་སློབ་མར་སྐུལ་ལྕག་བྱེད་པའི་སྲིད་ཇུས་བརྒྱུད་སྤྲོད་བྱས་པར་མ་ཟད། ད་དུང་རང་ཉིད་ཀྱིས་ལེགས་སྒྲིག་ཞིབ་ཚགས་བྱས་པའི་འགྲེལ་བཤད་ཡིག་ཆ་ཟུར་དུ་བཀོད་ནས། གོ་བདེ་དང་སྟབས་བདེའི་ངང་སྲིད་ཇུས་ཀྱི་གཙོ་གནད་འགྲེལ་བཤད་བྱས་ཏེ། ཚང་མར་རྒྱུས་ལོན་ཟབ་མོ་བྱེད་དུ་བཅུག
ཝང་ཆིང་ཧྲེང་གི་སྐུལ་ལྕག་འོག ཟི་ལིང་དུ་གླ་བྱེད་བཞིན་པའི་སློབ་ཆེན་སློབ་མ་ལིའུ་ཧྥང་ཕྱིར་སྡེ་བའི་ནང་ལོག་ནས། ཉེ་ཆར་ལིའུ་ཧྥང་སྡེ་བའི་གུང་གཞོན་ཚོགས་པའི་ཀྲི་པུའུ་ཡི་ཧྲུའུ་ཅིའི་འགན་འཁུར་རྒྱུར་འདེམ་བསྐོ་བྱེད་རྩིས་ཡོད། ཝང་ཆིང་ཧྲེང་གིས་ད་ལྟ་སྲིད་ཇུས་བཟང་བས། ན་གཞོན་རྣམས་ཀྱང་ཕ་ཡུལ་དུ་ལོག་པའི་འདུན་པ་ཡོད་ཅེས་ཟེར།
ཝང་ཆིང་ཧྲེང་བལྟས་ཚོད་ཀྱིས་མངོན་ཆུང་ཞིག་ཡིན་ཡང་། བྱ་བ་སྒྲུབ་དུས་ངར་ཤུགས་ཀྱིས་ཁེངས་ཡོད་པ་ནི་ཤར་རི་སྡེ་བའི་ནང་མིག་མཐོང་ལག་ཟིན་རེད། ཝང་ཆིང་ཧྲེང་གླེང་སྐབས་ནུབ་ཐང་ཞང་གི་ཞང་ཀྲང་གཞོན་པ་ཝུའུ་ཧའེ་ཉིང་དགའ་སྤྲོས་ཁེངས་ཏེ་བསྟོད་བསྔགས་དང་ཁས་ལེན་གང་ལེགས་བྱེད། སྡེ་བའི་ནང་གི་དོན་དག་ཆེ་མ་ཆུང་གསུམ་ཏེ། སྡེ་བའི་ཞིང་ལས་ཐོན་རྫས་ལས་སྣོན་གྱི་རྣམ་གྲངས་གྲ་སྒྲིག་དང་། ཁྱིམ་ཚང་རེ་རེར་སོང་སྟེ་ལ་གཞས་འཁྲབ་སྟོན་ནང་ཞུགས་པར་སྐུལ་སློང་བྱེད་པ། དེ་ནས་རྨང་གཞིའི་སྒྲིག་བཀོད་སོ་སོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་གཞོགས་འདེགས་བྱས་ནས། སྡེ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་དངོས་ཕུལ་བ་ནི་ང་ཚོའི་ཞང་གི་ན་གཞོན་རྣམས་ཀྱི་མིག་དཔེ་བཟང་པོ་རེད་ཟེར།
2024ལོའི་ཟླ12པར། ཝང་ཆིང་ཧྲེང་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅིར་འདེམ་བསྐོ་བྱས། ལྗིད་ཏིག་ཏིག་གི་འགན་འཁྲི་འདི་ཕྲག་ཏུ་འཁུར་རྗེས། ཁོ་ལ་སྡེ་བའི་འཕེལ་རྒྱས་ཐད་དེ་ལས་མང་པོའི་འཆར་གཞི་ཡོད།
ཝང་ཆིང་ཧྲེང་གིས་བློ་བརྟན་འགྱུར་མེད་ངང་གསར་འགོད་པར། ད་ལོའི་ཟླ6པར། ང་ཚོའི་སྡེ་བའི་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པའི་རྣམ་གྲངས་འཆར་གཞི་ལག་བསྟར་བྱེད་འགོ་ཚུགས། འདི་ནི་ཞིང་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་བ་དང་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་གཏོང་བའི་འགག་རྩའི་གོམ་སྟབས་ཤིག་རེད། མིག་སྔར་དཔྱིད་འདེབས་དུས་ཚིགས་ཐོན་ལ་ཉེ་བས། ད་ལོར་ང་ཚོའི་སྡེ་བས་ཞིང་ལས་འཕྲུལ་ཆས་ཞབས་ཞུ་རུ་ཁག་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། ས་ཞིང་མང་པོ་འཁོར་རྒྱུག་བྱེད་དུ་འཇུག་དགོས། གཞི་ཁྱོན་ཅན་གྱི་འདེབས་འཛུགས་བྱེད་སྟངས་བརྒྱུད། ཐོན་ཁུངས་ནུས་ཆེའི་བསྡུ་སྒྲིལ་དང་བེད་སྤྱོད་མངོན་འགྱུར་བྱས་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་ཡོང་འབབ་མཐོ་རུ་བཏང་སྟེ། ཤར་རི་སྡེ་བ་སྔར་ལས་ལེགས་པོའི་འཕེལ་རྒྱས་སུ་གཏོང་དགོས་ཟེར། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注