མདོ་ལ་རྫོང་གིས་ཐབས་མང་མཉམ་སྤྱོད་སྒོས་ལོ་མཇུག་དང་ལོ་འགོའི་བདེ་འཇགས་འགོག་ཟོན་ལས་དོན་ལ་དམ་འཛིན་ནན་ཏན་བྱས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་གི་ལོ་མཇུག་དང་ལོ་འགོའི་བདེ་འཇགས་འགོག་སྲུང་ལས་དོན་སྤྱིའི་བཀོད་འདོམས་དང་། ཞིང་ཆེན་དང་ཁུལ། རྫོང་བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་བརྟན་བརླིང་ལས་དོན་གྲོས་ཚོགས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་ཆེད། མདོ་ལ་རྫོང་གིས་བདེ་འཇགས་བྱུར་རྐྱེན་ཆེ་གྲས་འགོག་སྲུང་གཙང་སེལ་བྱེད་པ་དང་དོན་རྐྱེན་ཆེ་གྲས་གཏན་འགོག་བྱེད་པ་བཅས་ཤུགས་འདོན་གནད་དུ་བྱས་ཐོག གལ་ཆེའི་དུས་མཚམས་དང་གལ་ཆེའི་ལྷུ་ཚིགས། གལ་ཆེའི་ཡན་ལག་ལ་དམ་པོར་དམིགས་ནས་བདེ་འཇགས་ཉེན་ཁའི་བྱུར་རྐྱེན་གྲལ་བཤེར་དག་ཐེར་ལ་དམ་འཛིན་དོན་འཁྱོལ་དང་ཞིབ་ཚགས་སུ་བྱས་ཤིང་། བདེ་འཇགས་ཐོན་སྐྱེད་ཀྱི་ཞན་ཆ་དང་མི་འདང་ས་ནུས་ཤུགས་ཡོད་རྒུས་ཁ་གསབ་བྱས་ཐོག རྫོང་ཡོངས་ཀྱི་ལོ་མཇུག་དང་ལོ་འགོའི་བདེ་འཇགས་ཐོན་སྐྱེད་གནས་སྟངས་བརྟན་འཇགས་ཡོང་བར་ནུས་ཤུགས་ཡོད་རྒུས་ཁག་ཐེག་བྱས།
འགན་འཁྲི་དོན་འཁྱོལ་ལ་དམ་པོར་དམིགས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགོག་སྲུང་སྦྲེལ་ཐག་དམ་པོར་བཅིངས་པ། མདོ་ལ་རྫོང་བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་བརྟན་འཇགས་ལས་དོན་གྲོས་ཚོགས་བསྡུས་ཏེ་ལོ་མཇུག་དང་ལོ་འགོའི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བསྐྱར་དུ་བཀོད་སྒྲིག་དང་བསྐྱར་དུ་བཀོད་འདོམས་བྱས་ཤིང་། རྫོང་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་གིས་ལོ་མཇུག་དང་ལོ་འགོའི་བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ་གྱི་ཆོས་ཉིད་དང་ཁྱད་ཆོས་ལྟར། ཞིང་ཆེན་དང་ཁུལ། རྫོང་ཏང་ཨུ་དང་སྲིད་གཞུང་གི་བདེ་འཇགས་འགོག་སྲུང་ལས་དོན་གྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། «མདོ་ལ་རྫོང་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་བྱུར་རྐྱེན་གྲལ་བཤེར་བཅོས་སྒྲིག་ཆེད་སྤྱོད་ལས་དོན་ཇུས་གཞི»ཞིབ་བཟོ་འགྲེམ་སྤེལ་བྱས་ཤིང་། གཙོ་གནད་དག་ཐེར་ལས་དོན་ཁག18ལ་དམ་པོར་དམིགས་ནས། ཁྱོན་ཡོངས་རང་བཤེར་དང་སྡེ་ཚན་ཞིབ་བཤེར། བདེ་འཇགས་ཨུ་ལྷན་གྱི་སྐུལ་ཁྲིད་ཞིབ་བཤེར་བཅས་ཕྱོགས3ནས་འགྲོས་མཉམ་དུ་སྤེལ་བ་དང་། འགན་འཁྲི་དོན་འཁྱོལ་དང་བྱུར་རྐྱེན་གྲལ་བཤེར་དག་ཐེར་དོན་འཁྱོལ་ཡོང་བར་ཁག་ཐེག་བྱས།
གནད་དོན་ཁྲིད་ཕྱོགས་ལ་དམིགས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ལྟ་སྐུལ་ཕན་ནུས་ལ་ཤུགས་བསྣན། “ཆག་སྒོའི་བྱུར་རྐྱེན་རྩ་བ་ནས་སེལ་བ”ཡི་གཞུང་ཐིག་འདི་ལ་དམ་པོར་དམིགས་ནས་འཕྲལ་སེལ་དང་ཕྱོགས་བསྡུས་ཁྲིམས་བསྟར། རིག་གནས་གནས་སྐོར། མེ་གསོད། བཟོ་འཕྲིན། སྡོད་ཁང་འཛུགས་སྐྲུན། ཁྲོམ་ར་ལྟ་སྐུལ་སོགས་སྡེ་ཚན་རྩ་འཛུགས་དང་། ལས་རིགས་ཆེད་མཁས་པ་རྟོག་འདོམས་ཚོགས་པར་གདན་ཞུ་བྱས་ཏེ“ཁྲིམས་བསྟར+ཆེད་མཁས་པ+ཞབས་ཞུ”ཡི་རྣམ་པ་བརྒྱུད། ཉེན་ཁའི་རྫས་འགྱུར་དངོས་རྫས་དང་ཚོན་ཁྲ་ཤོག་སྦག བགྲོད་ལམ་འགྲིམ་འགྲུལ། མེ་གསོད་བདེ་འཇགས། འབར་རླངས་བདེ་འཇགས། བཟོ་ཚོང་ལས་རིགས། དྲོད་འདོན། རིག་གནས་གནས་སྐོར་སོགས་ཁྱབ་ཁོངས་སུ་བདེ་འཇགས་ཐོན་སྐྱེད་རྟོག་འདོམས་ཞིབ་བཤེར་བྱས་ཏེ་ཁེ་ལས་བདེ་འཇགས་ཐོན་སྐྱེད་གནས་ཚུལ་ལ་ཞིབ་བཤེར་གནད་སྨིན་བྱས། རིམ་རྩིས་བྱས་ན་སྡེ་ཚན་དང་འདུ་ར15ལ་ཞིབ་བཤེར་བྱས་ཤིང་གནད་དོན་སྡོམ་པའི98རྙེད། ཁེ་ལས་སྡེ་ཚན་གྱིས་འགན་འཁྲི་དོན་འཁྱོལ་དང་གནད་དོན་ཞན་ཆ་དག་ཐེར་ནུས་ལྡན་བྱས་ནས་བདེ་འཇགས་ཐོན་སྐྱེད་དོ་དམ་གྱི་ཆུ་ཚད་མཐོར་འདེགས་ཡོང་བར་སྐུལ་འདེད་བཏང་།
གནད་འགག་ལྷུ་ཚིགས་ལ་དམིགས་ནས་བྱུར་རྐྱེན་གྲལ་བཤེར་ཁྱོན་ཡོངས་དག་ཐེར་ལ་ཁག་ཐེག་བྱས། བྱུར་རྐྱེན་བཅོས་སྒྲིག་ལས་ཀ་དོན་འཁྱོལ་དངོས་འབེབས་ཡོང་བར་ཁག་ཐེག་དང་། བཅོས་སྒྲིག་དུས་ཐོག་ཏུ་མ་སྤེལ་བ་དང་གནད་ལ་མ་འཁེལ་བ། ཡོངས་སུ་མ་རྫོགས་པའི་ཆག་སྒོ་འགོག་སྲུང་ནན་མོ་བྱ་ཆེད། 《རྫོང་བདེ་འཇགས་ཨུ་ཡོན་ལྷན་ཁང་རྟོག་འདོམས་ཚན་པའི་ལོ་མཇུག་བདེ་འཇགས་ཞིབ་བཤེར་ལྡོག་ལན་གནད་དོན་བྱུར་རྐྱེན་བཅོས་སྒྲིག་སྐོར་གྱི་བརྡ་ཐོ》དུས་ཐོག་ཏུ་བཟོས་ནས་གཤམ་སྤྲོད་བཏང་ཞིང་། འབྲེལ་ཡོད་སྡེ་ཚན་དང་ཁེ་ལས་ཀྱིས་བྱུར་རྐྱེན་བཅོས་སྒྲིག་ལས་དོན་གྱི་གལ་ཆེན་རང་བཞིན་གྱི་ངེས་ཤེས་ཟབ་མོ་དང་། རྒྱུན་ལྡན་གྱི་བདེ་འཇགས་ལྟ་སྐུལ་ལ་ཤུགས་བསྣན་པ་དང་གཏིང་ཟབ་དབྱེ་ཞིབ་ཀྱིས་གནད་དོན་གྱི་རྒྱུ་རྐྱེན་བཙལ་བ། ཞན་ཆ་ལ་ཁ་གཏད་དེ་བྱུར་རྐྱེན་བཅོས་སྒྲིག་ལས་དོན་དོན་འཁྱོལ་བྱས། བཅོས་སྒྲིག་བྱེད་ཐབས་དང་འོས་འགན། མ་རྩ། དུས་བཀག ཇུས་གཞི་བཅས་ཀྱི“དོན་འཁྱོལ་ལྔ”ཏན་ཏིག་གིས་སྒྲུབ་ནས་བདེ་འཇགས་ཉེན་ཁ་དག་ནུས་ལྡན་འགོག་སྲུང་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注