མཚོ་བྱང་གིས་བྱེད་ཐབས་མང་པོ་སྤྱད་དེ་དམངས་གཉེར་དཔལ་འབྱོར་གྱི་གསོན་ཤུགས་ཆེར་བསྐྱེད་པར་རོགས་ཤུགས་བཏོན།

དམངས་གཉེར་དཔལ་འབྱོར་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པའི་གཙོ་གཞི་གལ་ཆེན་ཡིན། ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཆ་རྐྱེན་ཇེ་བཟང་དུ་བཏང་ནས། དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་ཤུགས་ཆེན་བཏང་།

མཚོ་བྱང་ཁུལ་གྱིས་ཚོང་གཉེར་བྱེད་ཆོག་པར་ཆོག་མཆན་འགོད་པའི་མ་དཔེ་གསར་གཏོད་བྱས་པ་དང་། ཞིབ་བཤེར་མཆན་འགོད་ཀྱི་འགྲོ་ལུགས་མེད་པར་བཟོ་བ་སོགས་ཀྱི་བྱེད་ཐབས་སྤྱད་ལ། འགྲོ་ལུགས་བསྒྲུབ་པའི་དུས་ཚོད་ཇེ་ཐུང་ཏུ་གཏོང་བ་དང་དྲ་ཐོག་ནས་མཉམ་དུ་བསྒྲུབ་པ་དང་ཆ་འཕྲིན་མཉམ་སྤྱོད་བྱེད་པ་གཉིས་ཟུང་འབྲེལ་བྱས་ནས། དམངས་གཉེར་ཁེ་ལས་ཚོང་རར་འཇུག་པའི་སྒོ་ཐེམ་ཇེ་དམའ་རུ་བཏང་། དོན་དག་གཅིག་ཐེངས་གཅིག་ལ་བསྒྲུབས་ཚར་བར་བྱེད་པའི་ཆ་སྡེབས་ཞབས་ཞུའི་དོན་བྱ་བཅུ་གསུམ་ལེགས་སྒྲིག་བྱས་པ་དང་། སྲིད་དོན་ཞབས་ཞུའི་དོན་བྱ་བརྒྱ་དང་གཅིག་ཕྱོགས་བསྡུས་སྒེའུ་ཁུང་ནས་བསྒྲུབས་ལ། མདུན་སྟེགས་ནས་ཕྱོགས་བསྡུས་བདག་སྤྲོད་བྱེད་པ་དང་རྒྱབ་སྟེགས་ནས་རིགས་བགར་མཆན་འགོད་བྱེད་པ། གཅིག་གྱུར་སྒེའུ་ཁུང་ནས་འཛིན་བྱང་ལེན་པའི་ཚད་ལྡན་ཅན་གྱི་ཞབས་ཞུ་བརྒྱུད་རིམ་གྲུབ་པར་བྱས་ཏེ། སྲིད་དོན་ཞབས་ཞུའི་སྟབས་བདེ་རང་བཞིན་དང་ནུས་ལྡན་རང་བཞིན་མངོན་གསལ་སྒོས་མཐོར་འདེགས་བྱུང་།

མཚོ་བྱང་ཁུལ་གྱི་བརྒྱ་ཆའི་གོ་གཉིས་ཀྱི་དངུལ་རྩ་སྡེ་ཁག་་དམངས་གཉེར་དཔལ་འབྱོར་གྱི་དངུལ་བསྲེས་ཞབས་ཞུ་ཁྲོད་ཞུགས་ནས། དངུལ་རྩའི་ཐོན་རྫས་བཅོ་བརྒྱད་ཕྱིར་བཏོན། མཚོ་སྔོན་གྱི་ཡིད་རྟོན་དངུལ་བསྲེས་སྟེགས་བུའི་སྟེང་། དམངས་གཉེར་ཁེ་ལས་སུམ་བརྒྱ་དང་བཅུ་དགུ་ལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གསུམ་ས་ཡ་དྲུག་ལ་དངུལ་བུན་བྱིས་ནས། དམངས་གཉེར་ཁེ་ལས་ཀྱི་དངུལ་བསྲེས་ཐད་ཀྱི་དཀའ་གནད་ཐག་བཅད། ངོ་ཐུག་མིན་པའི་རང་བཞིན་གྱི་ཁྲལ་སྒྲུབ་ཀྱི་ཟིན་ཚད་བརྒྱ་ཆའི་གོ་གསུམ་དང་གྲངས་ཆུང་བཞི་གཉིས་ལ་སླེབས་པ་དང་། དྲ་ཐོག་ནས་རིན་འཕར་དཔྱ་ཁྲལ་དང་འཛད་སྤྱོད་དཔྱ་ཁྲལ། ཟུར་སྣོན་ཁྲལ་དངུལ་བཅས་རང་འགུལ་གྱིས་སྔོན་བཀོད་བྱེད་ཆོག་ལ། ཁྲལ་སྒྲུབ་དུས་ཡུན་དུས་ཚོད་གོ་ལྔའི་ཚུན་ལ་ཇེ་ཉུང་དུ་བཏང་བ་དང་། ཁྲལ་སྒྲུབ་ལས་ཆོད་མངོན་གསལ་སྒོས་ཇེ་མཐོར་སོང་།

དེ་ལས་གཞན། དམངས་གཉེར་དཔལ་འབྱོར་གྱི་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བ་དང་། མཚོ་སྔོན་ཁུའུ་ཁུའུ་ནའོ་ཨར་ཟས་རིགས་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་གསུམ་ཚན་རྩལ་རིགས་ཀྱི་ཁེ་ལས་སུ་གཏན་ཁེལ་བྱེད་རྒྱུའི་སྙན་ཞུ་ཕུལ་ནས། ཁེ་ལས་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ཚན་རྩལ་གྱི་འགྲན་རྩོད་ནུས་པ་ཇེ་མཐོར་བཏང་། དེ་དང་མཉམ་དུ། ཅིན་ཆི་ལེན་འོ་ལས་སོགས་ཁེ་ལས་བཅུ་ལ་ཁྱད་ལྡན་ཐོན་ལས་ཀྱི་རྒྱབ་སྐྱོར་མ་དངུལ་སྒོར་ས་ཡ་དགུ་དང་འབུམ་བརྒྱད་ཁྲི་བདུན་བྱིན་པ་དང་། སྐོར་ཐེངས་གཉིས་པའི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་དྲུག་འབུམ་གསུམ་ཁྲི་གཉིས་སྟོང་དྲུག་བརྒྱད་བརྒྱ་གྲ་སྒྲིག་བྱས་ནས། ཁེ་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཐད་སྒུལ་ཤུགས་ཆེན་པོ་བསྣན།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号