མཚོ་བྱང་རྐང་ཚས་ཞིང་ཕྱུགས་ཐོན་རྫས་ལ་བརྟེན་ནས་ཞིང་ལས་ཀྱི་ཡོང་འབབ་འཕར་སྣོན་བྱས།
ད་ལོ་ནས་བཟུང་སྟེ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ཞིང་འབྲོག་པའི་ཡོང་འབབ་གོང་དུ་གཏོང་རྒྱུ་དེ་དབུལ་ཐར་འགག་སྒྲོལ་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ལྟེ་བའི་ལས་འགན་དུ་བརྩིས་ནས་དམ་འཛིན་བྱས་ཤིང་།《མཚོ་བྱང་ཁུལ་གྱི་ཞིང་འབྲོག་པ་དང་དབུལ་ཐར་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བའི་ཇུས་གཞི》སོགས་ཀྱི་བླང་བྱ་གཞིང་བཟུང་སྟེ། སྲིད་ཇུས་གཅིག་སྡུད་དང་མ་དངུལ་གཅིག་འདུས་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཞིང་འབྲོག་ལས་ཀྱི“ལྔ་ཅན”སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ། ཡོང་འབབ་འཕར་སྣོན་གྱི་ནུས་ཤུགས་སྔོག་འདོན་བྱས་ལ། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་རྒྱ་བསྐྱེད་དང་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་འཕར་སྣོན་དང་བརྟན་པོ་ཡོང་བར་འགན་སྲུང་བྱས།
སྲིད་ཇུས་ཀྱིས་ཡོང་འབབ་འཕར་སྣོན་ལ་འགན་སྲུང་བྱས།《རྐང་ཚ་རྫོང་ནོར་སྲིད་ཀྱིས་ཁེ་ལས་ཀྱི་དཀའ་ངལ་སེལ་རྒྱུར་རོགས་རམ་དང་ཁྲོམ་རའི་གཙོ་གཟུགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དོན་མ་དངུལ་དོ་དམ་བྱེད་ཐབས》དང་།《མི་རིགས་ཀྱི་ལག་ཤེས་པ་དང་སྲོལ་རྒྱུན་ལག་རྩལ་རིགས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས18》དང་།《རྐང་ཚ་རྫོང་གི་ས་ཁོངས་ཕྱི་རུ་བཙུགས་པའི་སྐམས་ལུག་ཤའི་ཚོང་གཉེར་ཁང(ཐད་འཚོང་ཁང)གི་ཁ་གསབ་དང་བྱ་དགའ་སྤྲོད་ཐབས(ཚོད་ལྟའི་ལག་བསྟར)》དང་།《2024ལོའི་རྐང་ཚ་རྫོང་གིས་ནོར་ལུག་ཕྱིར་འཚོང་གི་བྱ་དགའ་སྤྲོད་ཐབས(ཚོད་ལྟའི་ལག་བསྟར)》སོགས་ཞིབ་ཕྲའི་བྱེད་ཐབས་བཟོས་ནས་བཏོན་པ་དང་། རྫོང་རིམ་པའི་མ་དངུལ་སྒོར་ཁྲི2000ལྷག་ཙམ་གཅིག་གྱུར་འཆར་འགོད་བྱས་ཏེ། ཁེ་ལས་འཕེལ་རྒྱས་སུ་གཏོང་བ་དང་། ནོར་ལུག་ཕྱིར་འཚོང་། མི་རིགས་ཀྱི་ལག་ཤེས་གོང་འཕེལ་དུ་གཏོང་བ། གཟན་རྩྭ་གཟན་ཆས་ཀྱི་ཁ་གསབ། ཚོང་གཉེར་གཙོ་གཟུགས་གསར་བ་སྐྱེད་སྲིང་སོགས་སུ་བེད་སྤྱད་ནས་ཁེ་ལས་ཆུང་གྲས་ཀྱིས་མ་དངུལ་མཉམ་འདྲེས་དཀའ་བ་དང་འཕེལ་རྒྱས་དལ་བའི་གནད་དོན་ཐག་གཅོད་བྱས་ཏེ། ཁེ་ལས་ཀྱི་ལས་ཞུགས་ལས་གནས་ཇེ་མང་དུ་གཏོང་རྒྱུར་ཁྲིད་སྟོན་བྱས་པ་དང་། མང་ཚོགས་ཀྱི་ལས་གཏོད་ལས་ཞུགས་ལ་སྐུལ་འདེད་བཏང་།
འབྲུ་རིགས་ཐོན་འབབ་འཕར་བར་བརྟེན་ནས་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་བཏང་། “ལག་རྩལ་ལ་བརྟེན་ནས་འབྲུ་རིགས་གསོག་པའི”འཕེལ་རྒྱས་ཀྱི་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ས་ཞིང་ “རྨོ་ཞིང་མིན་པ”དང་། “དྲོད་ཁང་ཆེན་པོ”དང་ས་རྒོད་བཅོས་སྒྲིག་བྱ་རྒྱུར་གཅིག་གྱུར་འཆར་འགོད་བྱས་ནས། གོ་རིམ་ཧྲིལ་བོའི་འཕྲུལ་ཆས་ཅན་གྱི་དཔེ་སྟོན་རྫོང་གཏོད་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། ཐོན་སྐྱེད་ལག་རྩལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། ལུད་དང་ཞིང་སྨན་སྤྱོད་ཚད་ཇེ་ཉུང་དུ་བཏང་ནས་ཕན་འབྲས་ཐོབ་པའི་ས་ཆ་མུའུ་ཁྲི6ཆེ་རུ་སོང་ཡོད། མུའུ300ལ་ཞིང་ཚིགས་དུམ་བཅད་རྨོ་འདེབས་ལག་རྩལ་ཚོད་ལྟ་བྱས་པ། ཚད་གཞི་མཐོ་བའི་ཞིང་ས་མུའུ500སྒྱུར་བཀོད་རིམ་སྤོར་བྱས། ཞིང་ལས་སྐྱེ་དངོས་སྣ་ཚོགས་མུའུ་ཁྲི14.05བཏབ་པའི་ཐོན་ཚད་ཀྱི་སྡོམ་གྲངས་ཏུན་ཁྲི2.5ཟིན། དུས་མཚུངས་ལས0.9%ལས་འཕར་ཡོད།
ནོར་ལུག་ཕྱིར་འཚོང་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་བཏང་། ཆིན་ཧོས་ཞིང་ལས་མ་འཇོག་རྒྱལ་ཁོངས་ཁེ་ལས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། མང་ཚོགས་ཀྱི་བཤས་རའི་གྲོན་དངུལ་དང་། གྲང་ཉར་གྲོན་དངུལ། སྐྱེལ་འདྲེན་གྲོན་དངུལ་སོགས་ཇེ་ཉུང་བཏང་བ་དང་། གསོན་ཕྱུགས་ཉོ་ཚོང་ཁྲོམ་ར་བཙུགས་ཏེ། ནོར་ལུག་ཉོ་ཚོང་གི “ཉོ་མཁན་ཡོད་ཀྱང་ཚོང་ར་མེད”པའི་ཚོང་གཉེར་གྱི་སྟོང་ཆ་བསྐང་། རྫོང་ཁོངས་ཀྱི་ཚོང་གཉེར་གཙོ་གཟུགས་ཀྱིས་ཞིང་ཆེན་ཕྱི་ནང་དུ་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཐད་གཉེར(ཐད་འཚོང་)ཁང18བཙུགས་ཏེ། རྐང་ཚའི་འབྲོག་ལུག་དང་འབྲི་གཡག་ཞིང་ཆེན་ནང་ཁུལ་དང་རྒྱལ་ཡོངས་སུ་བསྐོར་བ་དང་། ཞིང་ཕྱུགས་ཐོན་རྫས་འོས་སྦྱོར་ཚོགས་པ5བཙུགས་ཏེ། སྔ་རྗེས་སུ་པེ་ཅིན་དང་། སི་ཁྲོན། ཀོང་ཏོང་སོགས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་དུ་དྲིལ་སྒྲོག་དང་འོས་སྦྱོར་ཐེངས10བྱས་པ་དང་། ཕྱིར་འཚོང་གྲོས་མཐུན་ཁག10བཞག སྒོས་སུ་པེ་ཅིན་དང་རྐང་ཚ་གཉིས་ཀྱིས་འབྲོག་ལུག་ཁྲི18ཉོ་སྒྲུབ་བྱེད་པའི་གན་རྒྱ་བཞག་པ་དང་། མ་དངུལ་སྒོར་དུང་ཕྱུར1.6ཟིན་པའི་མིང་རྟགས་བཀོད་ནས། ཞིང་འབྲོག་པའི་ཁྱིམ་ཚང་གི་ནོར་ལུག་ཕྱིར་འཚོང་གི་དཀའ་ངལ་དང་ཡོང་འབབ་འཕར་སྣོན་དཀའ་བའི་གནད་དོན་ཐག་གཅོད་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注