ཀང་ཧྥུའུ་ཡིས་མདོ་ལའི་རིག་གནས་གནས་སྐོར་ལས་དོན་ལ་རྟོག་ཞིབ་བྱས།
དགེ་མཚན་འདོན་སྤེལ་སྒོས་ཁྱོན་ཡོངས་ཀྱི་རྣམ་པའི་ཁྲོད་ཟབ་ཞུགས་བྱེད་པ་དང་། གབ་ཤུགས་སྔོག་འདོན་སྒོས་དགུན་དུས་གནས་སྐོར་སྤུས་རྟགས་གཏོད་དགོས།
ཟླ10བའི་ཚེས17ཉིན། རྫོང་ཨུའི་ཧྲུའུ་ཅི་ཀང་ཧྥུའུ་སྟག་སྣ་དགོན་ཆུ་མཛོད་དུ་བསྐྱོད་དེ་ཆུ་ངོས་རིག་གནས་གནས་སྐོར་ལས་གཞི་གསར་སྤེལ་དང་དགུན་དུས་གནས་སྐོར། གངས་འཁྱག་གནས་སྐོར་ཐོན་ལས་སོགས་ཀྱི་ལས་དོན་ལ་ཡུལ་དངོས་རྟོག་ཞིབ་བྱས།
སྟོན་གཞུང་ལ། མདོ་ལའི་མཛེས་ལྗོངས་སྔར་བས་བཀྲག་མདངས་ལྡན་ལ་ལམ་ཧྲིལ་བོ་མཛེས་ལྗོངས་ཀྱིས་ཁེངས་པས་མིའི་བློ་རྒྱབསྐྱེད་ཅིང་སེམས་དཔངས་བསྟོད་པར་བྱེད། རྟོག་ཞིབ་ཁྲོད། ཀང་ཧྥུའུ་སྟག་སྣ་དགོན་ཆུ་མཛོད་དུ་འབྱོར་ནས་ཡུལ་དངོས་སུ་ཆུ་མཛོད་ཀྱི་རྣམ་པ་ཧྲིལ་བོ་དང་མཐའ་འཁོར་གྱི་ཁོར་ཡུག་ལ་རྟོག་ཞིབ་བྱས་པ་དང་། ཆུ་ངོས་རིག་གནས་གནས་སྐོར་ལས་གཞི་གསར་སྤེལ་དང་ཐོན་རྫས་མ་ལག་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། གནས་སྐོར་བའི་ཁྲོམ་ར་རྒྱ་སྐྱེད་པ། ཞབས་ཞུའི་སྤུས་ཚད་མཐོར་འདེགས་སོགས་ཀྱི་ཐད་ནས་རིག་གནས་གནས་སྐོར་སོགས་སྡེ་ཚན་ཁག་གི་འགན་ཁུར་བར་བརྗེ་རེས་དང་བགྲོ་གླེང་བྱས་པར་མ་ཟད། རང་རེའི་རྫོང་གི་དགུན་དུས་གངས་འཁྱག་གནས་སྐོར་ལས་གཞིའི་སྤྱིའི་འཆར་འགོད་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས།
ཀང་ཧྥུའུ་ཡིས་བསྟན་དོན། རིམ་པ་ཁག་གི་ཏང་ཨུ་སྲིད་གཞུང་དང་ལས་ཁུངས་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་གནས་སྐོར་ལས་དོན་དང་འབྲེལ་བའི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་དགོས་ལ། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་ངང་། ལོ་རྒྱུས་ཀྱི་རིག་གནས་སྲོག་རྩ་སྔོག་འདོན་བྱེད་པ་དང་ཆུ་དང་མཚེའུའི་ལྗོངས་རྣམ་གསར་བཞེངས་བྱེད་པ། མདོ་ལའི་ཁྱད་ཆོས་ལྡན་པའི་ཆུ་ངོས་རིག་གནས་གནས་སྐོར་གྱི་སྤུས་ལེགས་ལམ་ཐིག་གསར་སྐྲུན་བྱེད་པ་བཅས། མདོ་ལའི་རིག་གནས་གནས་སྐོར་གྱི་ཤུགས་རྐྱེན་ཐེབས་ཚད་དང་འགུག་ཤུགས་རྒྱུན་མཐུད་ངང་རྒྱ་བསྐྱེད་དགོས་པ་དང་། ས་ཁོངས་རང་བཞིན་གྱི་རིག་གནས་གནས་སྐོར་སྟོབས་ལྡན་རྫོང་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པ་དང་སྤུས་ཚད་མཐོ་བའི་ས་ཁོངས་རང་བཞིན་གྱི་རིག་གནས་གནས་སྐོར་ཐོན་ལས་གསར་སྐྲུན་བྱེད་པར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས།
རྟོག་ཞིབ་ཁྲོད། ཀང་ཧྥུའུ་སྟག་སྣ་དགོན་ཆུ་མཛོད་ཀྱི་ཉེ་འཁོར་དུ་རྐང་ཐང་ངང་བསྐྱོད་དེ་ཆུ་ཁོངས་རྒྱ་ཁྱོན་ལ་རྟོག་ཞིབ་བྱས་པ་དང་། ཆུ་མཛོད་ཀྱི་ཁྱད་དུ་འཕགས་པའི་ས་ཁམས་གནས་བབ་བེད་སྤྱོད་བྱེད་སྟངས་དང་ལྗོངས་ཁུལ་དང་ལྗོངས་གནས་གསར་བ་བསྐྲུན་པ། ཆུ་ངོས་རིག་གནས་གནས་སྐོར་ལས་གཞི་གསར་གཏོད་འཆར་འགོད། ཆུ་ངོགས་འཛུགས་སྐྲུན་དང་ལས་གཞི་ལེགས་འགྲུབ་རྗེས་ཀྱི་སྒྱུར་བཀོད་མཐོར་འདེགས་དང་བདེ་འཇགས་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ཐད་ནས། འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ་དང་བགྲོ་གླེང་སྒོས་སྒོས་བསམ་ཚུལ་ལ་ཉན་པར་མ་ཟད་གྲོས་འཆར་བརྗེ་རེས་བྱས།
ཀང་ཧྥུའུ་ཡིས་མདོ་ལའི་ལོ་རྒྱུས་རིག་གནས་ནི་རྔམ་མཐུག་ལ། མི་ཆོས་ཡུལ་སྲོལ་སྣ་མང་བ། རང་བྱུང་བཀོད་པ་ངོ་མཚར་བ་ཞིག་ཡིན། ཆུ་ཐོག་གི་རིག་གནས་གནས་སྐོར་ལམ་ཐིག་སྤུས་ལེགས་གཏོད་པ་ནི་ཡུལ་ཁོངས་རང་བཞིན་གྱི་རིག་གནས་ཧྲག་རྫོང་དང་། སྤུས་ཚད་མཐོ་བའི་ཡུལ་ཁོངས་རང་བཞིན་གྱི་རིག་གནས་གནས་སྐོར་གྲོང་ཁྱེར། “མཚོ་མཚེའུ་ལྗོངས་རྣམ། ལྷ་ཁམས་མཚར་ཉམས། ལྗོངས་གསར་མཛེས་ཉམས””བསྐྲུན་པ་ཡི་འདེགས་སྐྱོར་གལ་ཆེན་ཡིན། ཡུལ་གྲོང་སོ་སོའི་ཏང་ཨུ་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་བློའི་ཤེས་པ་གཅིག་གྱུར་དང་། བར་དམ་ཆུ་བོའི་བཞུར་རྒྱུན། སྟག་སྣ་དགོན་ཆུ་མཛོད་སོགས་ཀྱི་ཆུ་ཐོག་རིག་གནས་གནས་སྐོར་ལས་གཞིའི་ཞིབ་འཇུག་འཆར་འགོད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་བྱས་ནས་ལས་གཞིའི་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། ལས་གཞིས་འཛུགས་སྐྲུན་སྐུལ་བ་དང་འཛུགས་སྐྲུན་གྱིས་འཕེལ་རྒྱས་བཏང་ནས་མདོ་ལའི་རིག་གནས་འཕེལ་བ་དང་གནས་སྐོར་དར་བ། འཛད་སྤྱོད་རྒྱས་པར་བྱེད་དགོས་ཞེས་བསྟན།
ཀང་ཧྥུའུ་ཡིས་འཆར་འགོད་སྣེ་ཁྲིད་དང་སྐྱེ་ཁམས་སྔོན་སྐྱོད། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་སྒོས། གསར་གཏོད་ཇུས་འགོད་སྔར་བས་འཐུས་ཚང་དང་། ཆུ་སྟེང་དང་ཆུ་ངོགས་ཀྱི་འཆར་འགོད་ཕན་ཚུན་གཅིག་ལ་གཅིག་བརྟེན། ཆུ་ཐོག་གི་གནས་སྐོར་ལམ་ཐིག་ལེགས་པོར་གཏོད་པ་དང་ཆུ་ངོགས་ཀྱི་རིག་གནས་ཚོང་དོན་སོགས་གསར་སྤེལ་ལས་དོན་ལེགས་པོར་སྒྲུབ་དགོས། ཆུ་ངོགས་བཀོད་སྒྲིག་དང་ལྗང་བསྒྱུར་བཀྲག་བཟོ། ཡུལ་ལྗོངས་འཛུགས་སྐྲུན་སོགས་ལས་གྲྭ་ཚན་རིག་དང་མཐུན་པའི་སྐུལ་འདེད་བཏང་སྟེ་ཚད་མཐོ་བའི་གསར་གཏོད་ཇུས་འགོད་ཀྱིས་རིག་གནས་གནས་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་དགོས། ཁྱད་པར་ཅན་གྱི་གནས་གཏན་དང་གཞི་གཅིག་ཅན་གྱི་གཉེར་སྐྱོང་མཐའ་འཁྱོངས་སྒོས་རིག་གནས་གནས་སྐོར་ཐོན་ཁུངས་གཏིང་ཟབ་སྔོག་འདོན་དང་ཁྱོན་ཡོངས་བསེད་བཀྲོལ་བཏང་ནས་རྩྭ་ཐང་རིག་གནས་དང་ཞིང་རྨོ་རིག་གནས། གསར་བརྗེ་རིག་གནས་སོགས་གཞི་རྒྱུ་བསྲེས་ནས་ཁྱད་ཆོས་ལྡན་པ་དང་ཡུལ་ལྗོངས་ཡག་པ། ལྟ་རིན་ཡོད་པ་བྱེད་དགོས། གནས་མཐོའི་སྐུལ་འདེད་རྒྱུན་འཁྱོངས་སྒོས་སྡེ་ཚན་མཉམ་འབྲེལ་ལ་ཤུགས་སྣོན་པ། གཅིག་གྱུར་འཆར་འགོད་སྐུལ་འདེད་བཏང་ནས་སྟག་སྣ་དགོན་ཆུ་མཛོད་ཀྱི་ཆུ་ཐོག་རིག་གནས་གནས་སྐོར་ལས་གཞི་མདོ་ལ་ཡི་གནས་སྐོར་མིང་བྱང་གསར་བ་རུ་གཏོད་དགོས་ཞེས་ནན་བཤད་གནང་།
རྟོག་ཞིབ་རིང་དུ། ཀང་ཧྥུའུ་ཡིས་ད་དུང་བར་དམ་ཆུ་བོའི་བཞུར་རྒྱུན་དང་གསེར་ལྡན་ཆུ་བོའི་མཚམས་སུ་སྐོར་ཞིབ་ལྟ་སྐུལ་བརྒྱུད། མཚོ་མཚེའུ་དཔོན་ལམ་ལུགས་ལག་བསྟར་གཟབ་ནན་དང་། ཆུའི་ཐོན་ཁུངས་སྲུང་སྐྱོང་། ཆུ་རྒྱུད་ཆུ་ངོགས་ཀྱི་དོ་དམ། ཆུ་འབག་བཙོག་གི་འགོག་བཅོས། ཆུའི་ཁོར་ཡུག་བཅོས་སྐྱོང་། ཆུའི་སྐྱེ་ཁམས་ཉམས་གསོ་སོགས་ལས་དོན་གཅིག་གྱུར་སྐུལ་འདེད་གཏོང་དགོས། ཆུ་བོའི་ཕྱོགས་བསྡུས་ནུས་པ་མུ་མཐུད་མཐོ་རུ་བཏང་ནས་སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས་ནུས་ལྡན་གཅིག་གྱུར་ཡོང་བ་བྱེད་དགོས
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注