མདོ་ལ་རྫོང་གིས་འཕེལ་རྒྱས་ལ་དམིགས་ནས་ཐོན་ལས་འཛུགས་སྐྱོང་གི་རབ་བྱེད་གསར་བ་རྒྱུན་མཐུད་ངང་བརྩམས།
ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གཏོད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བས་སྐྱེ་ཁམས་ཞིང་ཕྱུགས་ལས་དང་། ལྗང་མདོག་བཟོ་ལས། སྐྱེ་ཁམས་གནས་སྐོར་ལས་རིགས་བཅས་ཐོན་ལས་གསུམ་པོ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐོན་ལས་མ་ལག་འགོ་ཚུགས་ཤིང་། མཉམ་འདྲེས་འཕེལ་རྒྱས་ཀྱི་ཐོན་ལས་རྒྱུགས་ལན་སྤྲད།ཞིང་ཕྱུགས་ལས་བརྟན་ཐོག་ཇེ་ལེགས་སུ་ཕྱིན་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་སྔོན་སྐྱོད་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོ་སྤོས་ཤིང་། “གླིང་གཉིས་ཁུལ་གཉིས་གནས་གསུམ་རྒྱུད་བཞི་རྟེན་གཞི་ལྔ”ཡི་ཐོན་ལས་བཀོད་སྒྲིག་མགྱོགས་མྱུར་གྱིས་བསྐྲུན། རྨོ་ཞིང་སྲུང་སྐྱོང་གི“ཞིང་དཔོན་ལམ་ལུགས”ཀྱི་ཚོད་ལྟའི་ལས་དོན་འཚོལ་ཞིབ་དང་ཁྱབ་གདལ་བཏང་ནས“འབྲུ་རིགས་མིན་པ་ཅན”གྱི་མུའུ231.22བཅོས་སྒྲིག་བྱས་པ་དང་མུའུ་སྟོང་གི་ནས་རྟེན་གཞི1བཙུགས་ཡོད། མ་དངུལ་སྒོར་དུང་ཕྱུར4.83ཞིང་ཕྱུགས་ལས་ཀྱི་རྣམ་གྲངས98ལག་བསྟར་བྱས། མཚོ་སྔོན་ཞིང་ཆེན་མདོ་ལའི་བོད་ལུག་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་གླིང་བཙུགས་པ་དང་། ཞིང་ཕྱུགས་ཚན་རྩལ་ཁེ་ལས་ཆུང་གྲས་གསོ་སྐྱོང་གླིང་བསྐྲུན་ནས་སྤྱོད་འགོ་ཚུགས། ཞིང་ཕྱུགས་ཐོན་རྫས་སྤུས་ཚད་བདེ་འཇགས་ཞིབ་བཤེར་ཚད་ལེན་ལྟེ་གནས་ལ“ཁས་ལེན་གཉིས”བདེ་བླག་ངང་ཐོབ། “མདོ་ལ་ལྷ་ཡི་ཞིང་ཁམས”ཀྱི་ནོར་ལུག་ཤའི་རིམ་སྤེལ་ཐོན་རྫས་ལ་ཀྲུང་གོ་རྒྱལ་སྤྱིའི་སྐྱེ་ལྡན་བཟའ་བཅའི་དངོས་མང་འགྲེམས་སྟོན་ཚོགས་འདུ་སྐབས་བཅོ་ལྔ་པའི་སྟེང་གསེར་གྱི་བྱ་དགའ་ཐོབ། “མདོ་ལ་ཤ་མོ”ལ་ཀྲུང་གོ་ལྗང་མདོག་བཟའ་བཅའི་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་ཉེར་གཉིས་པའི་སྟེང་གསེར་གྱི་བྱ་དགའ་ཐོབ་པ། “མདོ་ལའི་བོད་ལུག”ནི་ཞིང་ཆེན་ཡོངས་ཀྱི2023ལོའི་ཞིང་ལས་ཞིང་སྡེའི་པུའི་རྒྱལ་ཡོངས་ཞིང་ལས་སྤུས་རྟགས་རྩེ་གྲ་སྐྱེད་སྲིང་འཆར་གཞིའི་ནང་ཚུད་པའི་སྤུས་རྟགས་གཅིག་པུ་ཡིན། མདོ་ལའི་བོད་ལུག་དང་མདོ་ལའི་ནོར་གནག་རྒྱལ་ཁབ་ཀྱི་རྒྱུད་འཛིན་ཐོན་ཁུངས་ཀྱི་མིང་གཞུང་ནང་རེ་ཞུ་ཧུར་ཐག་བྱས་ཤིང་། བོད་ལུག་དཀར་པོ་དང་ནོར་གནག་གི་ལྟེ་བའི་ཁྱུ་ཚོགས35བཙུགས་ནས་ཕྱུགས་རིགས་ཀྱི་རྒྱུད་བཟང་ཅན90%ལ་སླེབས་ཡོད།བཟོ་ཚོང་ལས་རིགས་བརྟན་འཇགས་ངང་ཡར་རྒྱས་བྱུང་བ། “ཁེ་ལས་རིགས་བཞི”ཡི་འགུལ་རྣམ་གསོ་སྐྱོང་མཛོད་བཙུགས་ནས་འཚར་ལོངས་རྣམ་པའི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས13གཏན་འཁེལ་བྱས་པ་དང་། ཚད་གཞི་ཡན་གྱི་ཚོང་དོན་ཁེ་ལས2དང་གཞི་ཁྱོན་ལྡན་པའི་ཁེ་ལས2གྲུབ་འབྲས་ཐོབ་པའི་ངང་སྐྱེད་སྲིང་བྱས་ཡོད། གོ་སྐབས་དམ་འཛིན་སྒོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“1+10”བྱེད་སྒོ་རབ་དང་རིམ་པ་གཏིང་ཟབ་ཏུ་སྤེལ་ཞིང་། ཁེ་ལས་ལ་དྲོ་སྐྱིད་སྦྱིན་པར་རོགས་རམ་བྱས་ཏེ“དཔྱིད་རླུང་བྱ་སྤྱོད”གཏིང་ཟབ་ཏུ་བཏང་བས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད། གློག་རྡུལ་ཚོང་དོན་ཟོག་འགྲེམས་མཛོད་ཉར་ཁག་བགོས་སྡེབ་སྐྱེལ་ལྟེ་གནས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་གློག་རྡུལ་ཚོང་དོན་ཟོག་འགྲེམས་མ་ལག་ཕྱོགས་ཡོངས་ནས་བསྐྲུན་ཟིན་ལ། རྫོང་ཡོངས་སུ་དྲ་ཚོང་བ2000ལས་བརྒལ་ཡོད།རིག་གནས་གནས་སྐོར་ལས་རིགས་ཀྱི་སྤུས་ཚད་བརྟན་འཇགས་ངང་མཐོར་འདེགས་སུ་བཏང་བ། ཞིང་ཆེན་རིམ་པའི་གྲོང་གསེབ་གནས་སྐོར་གཙོ་གནད་སྡེ་བ3དང་། རྒྱལ་ཁབ་རིམ་པའི་རིམ་པ་ཁ་བའི་མགྲོན་ཁང1། སྐྱས་སྤོས་རིག་གནས་འཚོ་བའི་ཉམས་ལེན་རྟེན་གཞི2། ཞིང་ཆེན་རིམ་པའི་སྒེར་འཁོར་སྒར་ས3། རྒྱལ་ཡོངས4Cརིམ་པའི་སྒེར་འཁོར་གནས་སྐོར་བྱ་ཡུལ2། ཞིང་ཆེན་རིམ་པའི་སྐྱེ་ཁམས་གནས་སྐོར་མཛེས་ལྗོངས་ཁུལ1བཅས་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་། “ལྷ་ཁམས་མདོ་ལའི”ལྗང་མདོག་སྐྱེ་ཁམས་གནས་སྐོར་རིག་གནས་གནས་སྐོར་པུའུ་ཡི“རབ་མཛེས་ཡུལ་ལྗོངས་ལམ་ན་ཡོད”ཅེས་པའི་རྒྱལ་ཡོངས་གྲོང་གསེབ་གནས་སྐོར་སྤུས་ལེགས་ལམ་ཐིག་ཁྲོད་བདམས། མདོ་ལ་རྫོང“ལམ་མཐུན”གྱི2024ལོའི་དབྱར་དུས་རྒྱལ་ཡོངས་རྫོང་ཁོངས་ཞག་སྡོད་དང་ཡུལ་ལྗོངས་སྔ་ཆད་ཨང་རིམ་ཁྲོད་ཚ་ཤོས་སུ་གྱུར། 《མདོ་ལ་རྫོང་གནས་སྐོར་ཁང་གི“མགྲོན་པོ་མདོ་ལར་འདྲེན་པའི”བྱ་དགའི་བྱེད་ཐབས》བཏོན་པ་དང་། “མགྲོན་པོ་མདོ་ལར་འདྲེན་པའི”བྱ་དགའི་སྲིད་ཇུས་བཟོས། རྒྱལ་ཡོངས་ཡིད་རྟོན་གནས་སྐོར་ཁང་བརྒྱ་ལྷག་ཙམ“ལྷ་ཁམས་མདོ་ལ”རུ་བསྐྱོད་པ་དང་། མཚོ་སྔོན་དང་ཀན་སུའུ། ནང་སོག་གི་གནས་སྐོར་ཁང་བརྒྱ“ལྷ་ཁམས་མདོ་ལ”རུ་བསྐྱོད་པ་སོགས་ཀྱི་ལམ་ཐིག་འོས་སྦྱོར་བྱེད་སྒོ་བདེ་བླག་ངང་སྤེལ། གནས་སྐོར་བ་ཁྲི455.03ལ་སྣེ་ལེན་ཞུས་ནས་གནས་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར29.57ཟིན་ཡོད།
ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གཏོད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བས་སྐྱེ་ཁམས་ཞིང་ཕྱུགས་ལས་དང་། ལྗང་མདོག་བཟོ་ལས། སྐྱེ་ཁམས་གནས་སྐོར་ལས་རིགས་བཅས་ཐོན་ལས་གསུམ་པོ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐོན་ལས་མ་ལག་འགོ་ཚུགས་ཤིང་། མཉམ་འདྲེས་འཕེལ་རྒྱས་ཀྱི་ཐོན་ལས་རྒྱུགས་ལན་སྤྲད།
ཞིང་ཕྱུགས་ལས་བརྟན་ཐོག་ཇེ་ལེགས་སུ་ཕྱིན་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་སྔོན་སྐྱོད་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོ་སྤོས་ཤིང་། “གླིང་གཉིས་ཁུལ་གཉིས་གནས་གསུམ་རྒྱུད་བཞི་རྟེན་གཞི་ལྔ”ཡི་ཐོན་ལས་བཀོད་སྒྲིག་མགྱོགས་མྱུར་གྱིས་བསྐྲུན། རྨོ་ཞིང་སྲུང་སྐྱོང་གི“ཞིང་དཔོན་ལམ་ལུགས”ཀྱི་ཚོད་ལྟའི་ལས་དོན་འཚོལ་ཞིབ་དང་ཁྱབ་གདལ་བཏང་ནས“འབྲུ་རིགས་མིན་པ་ཅན”གྱི་མུའུ231.22བཅོས་སྒྲིག་བྱས་པ་དང་མུའུ་སྟོང་གི་ནས་རྟེན་གཞི1བཙུགས་ཡོད། མ་དངུལ་སྒོར་དུང་ཕྱུར4.83ཞིང་ཕྱུགས་ལས་ཀྱི་རྣམ་གྲངས98ལག་བསྟར་བྱས། མཚོ་སྔོན་ཞིང་ཆེན་མདོ་ལའི་བོད་ལུག་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་གླིང་བཙུགས་པ་དང་། ཞིང་ཕྱུགས་ཚན་རྩལ་ཁེ་ལས་ཆུང་གྲས་གསོ་སྐྱོང་གླིང་བསྐྲུན་ནས་སྤྱོད་འགོ་ཚུགས། ཞིང་ཕྱུགས་ཐོན་རྫས་སྤུས་ཚད་བདེ་འཇགས་ཞིབ་བཤེར་ཚད་ལེན་ལྟེ་གནས་ལ“ཁས་ལེན་གཉིས”བདེ་བླག་ངང་ཐོབ། “མདོ་ལ་ལྷ་ཡི་ཞིང་ཁམས”ཀྱི་ནོར་ལུག་ཤའི་རིམ་སྤེལ་ཐོན་རྫས་ལ་ཀྲུང་གོ་རྒྱལ་སྤྱིའི་སྐྱེ་ལྡན་བཟའ་བཅའི་དངོས་མང་འགྲེམས་སྟོན་ཚོགས་འདུ་སྐབས་བཅོ་ལྔ་པའི་སྟེང་གསེར་གྱི་བྱ་དགའ་ཐོབ། “མདོ་ལ་ཤ་མོ”ལ་ཀྲུང་གོ་ལྗང་མདོག་བཟའ་བཅའི་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་ཉེར་གཉིས་པའི་སྟེང་གསེར་གྱི་བྱ་དགའ་ཐོབ་པ། “མདོ་ལའི་བོད་ལུག”ནི་ཞིང་ཆེན་ཡོངས་ཀྱི2023ལོའི་ཞིང་ལས་ཞིང་སྡེའི་པུའི་རྒྱལ་ཡོངས་ཞིང་ལས་སྤུས་རྟགས་རྩེ་གྲ་སྐྱེད་སྲིང་འཆར་གཞིའི་ནང་ཚུད་པའི་སྤུས་རྟགས་གཅིག་པུ་ཡིན། མདོ་ལའི་བོད་ལུག་དང་མདོ་ལའི་ནོར་གནག་རྒྱལ་ཁབ་ཀྱི་རྒྱུད་འཛིན་ཐོན་ཁུངས་ཀྱི་མིང་གཞུང་ནང་རེ་ཞུ་ཧུར་ཐག་བྱས་ཤིང་། བོད་ལུག་དཀར་པོ་དང་ནོར་གནག་གི་ལྟེ་བའི་ཁྱུ་ཚོགས35བཙུགས་ནས་ཕྱུགས་རིགས་ཀྱི་རྒྱུད་བཟང་ཅན90%ལ་སླེབས་ཡོད།
བཟོ་ཚོང་ལས་རིགས་བརྟན་འཇགས་ངང་ཡར་རྒྱས་བྱུང་བ། “ཁེ་ལས་རིགས་བཞི”ཡི་འགུལ་རྣམ་གསོ་སྐྱོང་མཛོད་བཙུགས་ནས་འཚར་ལོངས་རྣམ་པའི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས13གཏན་འཁེལ་བྱས་པ་དང་། ཚད་གཞི་ཡན་གྱི་ཚོང་དོན་ཁེ་ལས2དང་གཞི་ཁྱོན་ལྡན་པའི་ཁེ་ལས2གྲུབ་འབྲས་ཐོབ་པའི་ངང་སྐྱེད་སྲིང་བྱས་ཡོད། གོ་སྐབས་དམ་འཛིན་སྒོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“1+10”བྱེད་སྒོ་རབ་དང་རིམ་པ་གཏིང་ཟབ་ཏུ་སྤེལ་ཞིང་། ཁེ་ལས་ལ་དྲོ་སྐྱིད་སྦྱིན་པར་རོགས་རམ་བྱས་ཏེ“དཔྱིད་རླུང་བྱ་སྤྱོད”གཏིང་ཟབ་ཏུ་བཏང་བས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད། གློག་རྡུལ་ཚོང་དོན་ཟོག་འགྲེམས་མཛོད་ཉར་ཁག་བགོས་སྡེབ་སྐྱེལ་ལྟེ་གནས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་གློག་རྡུལ་ཚོང་དོན་ཟོག་འགྲེམས་མ་ལག་ཕྱོགས་ཡོངས་ནས་བསྐྲུན་ཟིན་ལ། རྫོང་ཡོངས་སུ་དྲ་ཚོང་བ2000ལས་བརྒལ་ཡོད།
རིག་གནས་གནས་སྐོར་ལས་རིགས་ཀྱི་སྤུས་ཚད་བརྟན་འཇགས་ངང་མཐོར་འདེགས་སུ་བཏང་བ། ཞིང་ཆེན་རིམ་པའི་གྲོང་གསེབ་གནས་སྐོར་གཙོ་གནད་སྡེ་བ3དང་། རྒྱལ་ཁབ་རིམ་པའི་རིམ་པ་ཁ་བའི་མགྲོན་ཁང1། སྐྱས་སྤོས་རིག་གནས་འཚོ་བའི་ཉམས་ལེན་རྟེན་གཞི2། ཞིང་ཆེན་རིམ་པའི་སྒེར་འཁོར་སྒར་ས3། རྒྱལ་ཡོངས4Cརིམ་པའི་སྒེར་འཁོར་གནས་སྐོར་བྱ་ཡུལ2། ཞིང་ཆེན་རིམ་པའི་སྐྱེ་ཁམས་གནས་སྐོར་མཛེས་ལྗོངས་ཁུལ1བཅས་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་། “ལྷ་ཁམས་མདོ་ལའི”ལྗང་མདོག་སྐྱེ་ཁམས་གནས་སྐོར་རིག་གནས་གནས་སྐོར་པུའུ་ཡི“རབ་མཛེས་ཡུལ་ལྗོངས་ལམ་ན་ཡོད”ཅེས་པའི་རྒྱལ་ཡོངས་གྲོང་གསེབ་གནས་སྐོར་སྤུས་ལེགས་ལམ་ཐིག་ཁྲོད་བདམས། མདོ་ལ་རྫོང“ལམ་མཐུན”གྱི2024ལོའི་དབྱར་དུས་རྒྱལ་ཡོངས་རྫོང་ཁོངས་ཞག་སྡོད་དང་ཡུལ་ལྗོངས་སྔ་ཆད་ཨང་རིམ་ཁྲོད་ཚ་ཤོས་སུ་གྱུར། 《མདོ་ལ་རྫོང་གནས་སྐོར་ཁང་གི“མགྲོན་པོ་མདོ་ལར་འདྲེན་པའི”བྱ་དགའི་བྱེད་ཐབས》བཏོན་པ་དང་། “མགྲོན་པོ་མདོ་ལར་འདྲེན་པའི”བྱ་དགའི་སྲིད་ཇུས་བཟོས། རྒྱལ་ཡོངས་ཡིད་རྟོན་གནས་སྐོར་ཁང་བརྒྱ་ལྷག་ཙམ“ལྷ་ཁམས་མདོ་ལ”རུ་བསྐྱོད་པ་དང་། མཚོ་སྔོན་དང་ཀན་སུའུ། ནང་སོག་གི་གནས་སྐོར་ཁང་བརྒྱ“ལྷ་ཁམས་མདོ་ལ”རུ་བསྐྱོད་པ་སོགས་ཀྱི་ལམ་ཐིག་འོས་སྦྱོར་བྱེད་སྒོ་བདེ་བླག་ངང་སྤེལ། གནས་སྐོར་བ་ཁྲི455.03ལ་སྣེ་ལེན་ཞུས་ནས་གནས་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར29.57ཟིན་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注