མཚོ་བྱང་ཁུལ་དུག་འགོག་གཞུང་ལས་ཁང་གིས་དུག་འགོག་དང་ཞིབ་འཇུག་སློབ་གསོའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས།

ཟླ10བའི་ཚེས11ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུག་འགོག་གཞུང་ལས་ཁང་གིས་ཁུལ་དམངས་སྲིད་ཅུའུ་དང་མཉམ་འབྲེལ་སྒོས་སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་རྟེན་གཞི་རུ་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། དུག་འགོག་ངར་ལྕགས་ཀྱི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་བའི”བྱེད་སྒོ་སྤེལ། 

བྱེད་སྒོའི་ཡུལ་དངོས་སུ་དུག་འགོག་མི་དམངས་ཉེན་རྟོག་པས་རྐང་ཐང་དུ་བསྐྱོད་པའི་བདམས་ཐོན་པ་ཚང་མར་དུག་འགོག་དྲིལ་བསྒྲགས་ལག་དེབ་སྤྲད་དེ། དུག་རྫས་ཀྱི་རིགས་དང་གནོད་འཚེ་འགྲེལ་བཤད་བརྒྱབ་པ་དང་། དུག་རྫས་གསར་པའི་སྣ་མང་རང་བཞིན་དང་རྫུན་མ། བསླུ་བྲིད་སོགས་ཀྱི་ཁྱད་ཆོས་ངོ་སྤྲོད་བྱས་ཤིང་།  སྨན“དབྱི་ཐོ་སྨི་ཀྲི”དང“ཡིའུ་མེ་ཧྲ་ཧྥུན”སོགས་ལུགས་མཐུན་ངང་བེད་སྤྱོད་བྱ་དགོས་པ་དང་། སྨན་རྫས་གང་བྱུང་དུ་སྤྱད་ཚེ་ལུས་ཕུང་བདེ་ཐང་ལ་གནོད་འཚེ་ཕོག་པའི་དྲན་སྐུལ་བྱས། 

ཐེངས་འདིའི་བྱེད་སྒོའི“དུག་འགོག་དང་ཞིབ་འཇུག་སློབ་སྦྱོང”གི་བྱ་ཐབས་བརྒྱུད་དེ། ལས་བྱེད་ལས་བཟོ་དང་མང་ཚོགས་ཀྱི་རྒྱལ་གཅེས་བརྩེ་སེམས་གཏིང་ཟབ་ཏུ་ཕྱིན་པར་མ་ཟད། དུག་འགོག་གི་ཤེས་བྱ་དང་དུག་རྫས་སྔོན་འགོག དུས་རྫས་ལ་རྒོལ་བ་སོགས་ཀྱི་འདུ་ཤེས་མཐོར་འདེགས་སུ་བཏང་སྟེ། དུག་རྫས་དང་རིང་དུ་གྱེས་པའི་དད་སེམས་བརྟན་དུ་ཕྱིན། མཚོ་བྱང་ཁུལ་གྱི་རིམ་པ་སོ་སོའི་དུག་འགོག་སྡེ་ཁག་གིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་དུས་རབས་ཀྱི་སྙིང་དོན་རྟོགས་ནས། ནུས་ཤུགས་ཡོད་རྒུས་དུག་འགོག་ལས་དོན་གྱི་རྣམ་པ་གསར་པ་བསྐྲུན་ཏེ། བདེ་འཇགས་ཀྱི་མཚོ་བྱང་འཛུགས་སྐྲུན་ལ་ལེགས་སྐྱེས་ཕུལ།  །


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号