ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ།


ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

ཟླ9པའི་ཚེས30ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས79པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། བྱ་བའི་སྙན་ཞུར་གསན་ཏེ་གཙོ་གནད་བྱ་བར་བཀོད་སྒྲིག་གནང་པ།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་བཅོས་སྒྱུར་བྱ་ཐབས་དོན་འཁྱོལ་བྱས་ནས་ལོ་འཁོར་མོའི་དམིགས་ཚད་ལས་འགན་ཧུར་ཐག་སྒྲུབ་དགོས་ལ། དཔེ་བསྡུར་ཚད་འཛིན་གྱི་དཔལ་འབྱོར་དམིགས་ཚད་སོ་སོར་གཞིགས་ནས་འཁོར་སྐྱོད་བཀོད་གཏོང་ལ་ཤུགས་བསྣོན་དགོས་པ་དང་། གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་འགུལ་རྣམ་ཁོང་དུ་ཆུད་པ། འཕེལ་ཕྱོགས་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་པ། དོན་འཁྱོལ་ལ་དམ་འཛིན་ནན་མོ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་དམིགས་ཚད་འགན་ལེན་དང་གནས་འཕར་ལ་བརྩོན་ལེན་བྱེད་དགོས། ལས་གཞི་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་ལས་གཞི་ཇུས་འགོད་དང་རེ་ཞུ་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གཞིའི་མ་འཇོག་དང་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་དགོས། དགུན་དུས་ཀྱི་ཡུལ་སྐོར་བྱ་བ་ཇུས་འགོད་དང་གྲ་སྒྲིག་ནན་ཏན་བྱས་ནས་ཡུལ་བབ་དང་བསྟུན་ཏེ་ཇུས་གཞི་སྒྲིག་བཟོ་བྱེད་དགོས། དགུན་དུས་ལྗོངས་ཁུལ་སྒོ་འབྱེད་ཀྱི་འབྲེལ་ཡོད་གཟིགས་སྐྱོང་བྱ་ཐབས་དུས་ཐོག་ཏུ་ཞིབ་འཇུག་བྱས་ནས་ཁྱབ་བསྒྲགས་བྱེད་པ། སྔོན་ལ་དྲིལ་སྒྲོག་དང་འོས་སྦྱོར་བྱ་བ་ལེགས་པོ་སྒྲུབ་ནས་དགུན་དུས་ཡུལ་སྐོར་གྱི"མེ་སྒྱོགས་ཐོག་མ"འཕེན་པར་བརྩོན་ལེན་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཁྱོན་ཡོངས་ནས་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་དགོས་པ་དང་། མི་རིགས་བྱ་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་བསྐྲུན་གྱི་ཉམས་མྱོང་དང་བྱ་ཐབས་ཕྱོགས་སྡོམ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དེ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་སྤྱི་ཡོངས་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ཏེ"ཧྥེང་ཆའོ་ཡི་ཉམས་མྱོང"མཚོ་བྱང་གི་ལག་ལེན་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་བ། མི་རིགས་ཆོས་ལུགས་བྱ་བར་ཁྲིམས་ལྟར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དཔེ་སྟོན་དགོན་སྡེ་སྐྲུན་རྒྱུ་ཏན་ཏིག་ངང་སྤེལ་ནས་མི་རིགས་བྱ་བའི་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། "སྡེ་ཁུལ་གྱི་སེ་འབྲུའི་ཁྱིམ་གཞིས"འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི"གཅིག་ཅན་བཅུ་གསུམ"གྱི་བྱེད་སྒོ་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་སློབ་གསོར་ཤུགས་བསྣན་ནས་མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ་དེ་རྒྱུན་མཐུད་ངང་ཞིབ་ཚགས་དང་གཏིང་ཟབ། ཏན་ཏིག་བཅས་ཡོང་བར་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ཟུང་འབྲེལ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། “ལས་བྱེད་པས་བྱ་བ་སྒྲུབ་པ་དང་། བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ལག་བསྟར་ནན་ཏན་བྱས་ནས་བཅོས་སྒྱུར་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། བཅོས་སྒྱུར་གྱི་འགན་འཁྲི་བརྟན་དུ་བཏང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་སོ་སོ་ཚད་གཞི་མཐོ་བའི་སྒོ་ནས་དོན་འཁྱོལ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཟེར།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། "མི་དམངས་བློ་ཡིད་ཚིམ་པའི་བདེ་སྐྱིད་ཀྱི་ཆུ་བོ་དང་མཚེའུ་གཏོད་རྒྱུའི"དམིགས་ཚད་དེར་དམིགས་ནས་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་བ་དང་འབྱུང་རྩ་ནས་འགན་འཁྲི་ཁུར་ནས"དྭངས་གསལ་གཙང་བོ་ལྷུང་ལྷུང་ཤར་དུ་འབབ་པའི"དངོས་འབྲེལ་འགན་ལེན་བྱེད་དགོས། ཙོང་ཆུ་དང་བར་དམ་ཆུ་སྲུང་སྐྱོབ་མནའ་འབྲེལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཆེས་ནན་ཤོས་ཀྱི་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་དོན་འཁྱོལ་བྱེད་པ།  རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་འཁྱགས་ཀླུང་བཅས་གཅིག་གྱུར་འཆར་འགོད་བྱས་ནས་མ་ལག་བཅོས་སྐྱོང་སྤྱི་འདོམས་བྱེད་པ། ཆུའི་སྦགས་བཙོག་འགོག་བཅོས་མཉམ་འགོག་མཉམ་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཙོང་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ལ་དམིགས་ནས་ཚན་རིག་དང་མཐུན་ལ་གནད་ལ་འཁེལ་བའི་སྒོ་ནས་ལས་གཞི་ཇུས་འགོད་ཡག་པོ་བྱས་ཏེ་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཉེན་གཏོང་པར་གཞིའི་ཚུར་ལན་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་འགོག་སྲུང་ནུས་པ་དང་བཅོས་སྐྱོང་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས་ཟེར།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས། དུས་རབས་གསར་པའི་མི་དམངས་འཐུས་མིའི་ཚོགས་ཆེན་དང་སྲིད་གྲོས་བྱ་བར་ཤུགས་བསྣོན་དང་ལེགས་བཅོས་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། མི་དམངས་འཐུས་མིའི་ཚོགས་ཆེན་དང་སྲིད་གྲོས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱུན་ལས་ཨུ་ལྷན་གྱིས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་དང་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ། རང་རྟོགས་ངང་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་བྱ་བ་དེ་ཁུལ་ཡོངས་ཀྱི་བྱ་བའི་སྤྱི་ཡོངས་ཁྲོད་བཞག་ནས་ཇུས་འགོད་དང་ཞིབ་འཇུག་བྱེད་དགོས། འགན་འཁྲི་སྒྲུབ་པའི་འཇུག་སྒོ་གནད་ལ་འཁེལ་བ་དང་བྱ་བའི་ཤུགས་བསྣོན་ས་གནད་ལ་འཁེལ་བ་བཙལ་ནས་མཚོ་བྱང་གི་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་རོགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་མཚོ་བྱང་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། ཁུལ་ཡོངས་ཀྱི་སྲིད་གྲོས་རིམ་པ་སོ་སོས་ཁུལ་ཨུའི་ལྟེ་བའི་ཁྱོན་ཡོངས་དང་བྱ་བའི་གཙོ་གནད་ལ་དམ་པོར་དམིགས་ཏེ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་པ། ཐབས་འདོན་སྲིད་སྐྱོང་དང་དམངས་གཙོའི་གྲོས་མོལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་བཅས་བྱས་ཏེ་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས་ཟེར།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། <<ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་གཏན་འབེབས་འགའ་ཞིག>>དང་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ངོས་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་ཆེད་དོན་བྱ་བའི་ལམ་སྲོལ་གྱི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གིས་གཞི་རིམ་ལ་ཁུར་པོ་ཉུང་དུ་གཏོང་བའི་བྱ་བར་དམ་འཛིན་ནན་མོ་དང་དམ་འཛིན་ཏན་ཏིག་བྱེད་དགོས། <<ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་གཏན་འབེབས་འགའ་ཞིག>>དང་ཞིང་ཆེན་རིམ་པའི་བཀག་སྡོམ་རང་བཞིན་དང་ཚོད་འཛིན་རང་བཞིན་གྱི་བླང་བྱའི་གསལ་ཐོ69དོན་ཚན་རེ་རེ་བཞིན་ཞིབ་བསྡུར་ནན་མོ་བྱས་ཏེ་ཕྱོགས་ཡོངས་ནས་རང་བཤེར་རང་བཅོས་བྱེད་པ་དང་། དཔེ་མཚོན་གནད་དོན་གྱི་ཁུངས་སྣེ་འཚོལ་བསྡུ་དང་ཁྱབ་བརྡ་གཏོང་ཤུགས་ཆེ་རུ་བཏང་ནས་ཟིལ་གནོན་གྱི་ནུས་པ་ཐོན་གང་ཐུབ་བྱེད་དགོས། བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ་དང་དཔེ་སྟོན་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་མཛུབ་སྟོན་ནན་མོ་བྱེད་པ། གོང་འོག་མཉམ་འགུལ་དང་འདྲི་གཞི་གཅིག་མཚུངས་མཉམ་སྒྲུབ། འབྱུང་རྩ་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། བྱ་བའི་མཉམ་ཤུགས་སྔར་ལས་གཅིག་སྒྲིལ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བྱ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་འདུའི་ཐོག་བསྟན་དོན། ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱ་བར་སྐུལ་འདེད་གཏོང་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་རྒྱུན་མཐུད་ཤུགས་བསྣོན་པ་དང་རྒྱུན་གཏན་ལས་བརྒལ་བའི་བྱ་ཐབས་ལ་བརྟེན་ནས་གཅིག་སྡུད་བཅོས་སྒྲིག་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། བསམ་བློའི་ངོས་འཛིན་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ཏེ། སྙིང་རུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། སྒྲིག་འགལ་གྱིས་ལག་རྟགས་དང་འབུལ་རྟེན་ལེན་པའི་གནད་དོན་ཆེད་དམིགས་དག་ཐེར་བཅོས་སྐྱོང་ཏན་ཏིག་བྱེད་པ་དང་། "སྤྱོད་ཚུལ་བཞི"ཡི་གཅོང་ནད་བཅོས་པའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། བསམ་བློའི་ངོས་འཛིན་མཐོ་རུ་ཏན་ཏིག་གཏོང་བ་དང་རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་བསྣན་ནས་བྱ་བའི་འགན་འཁྲི་ཁ་གསལ་བཟོ་དགོས་པ་དང་། བྱ་བའི་བྱེད་ཐབས་དོན་འཁྱོལ་བཅས་བྱས་ཏེ"དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི"འགན་འཁྲིའི་བསམ་པའི་ཐོག་ནས་རྒྱལ་སྟོན་དུས་ཆེན་རིང་གི་བདེ་འཇགས་ཐོན་སྐྱེད་དང་ལས་རེས་ལས་སྲུང་། གེགས་འགོག་གེགས་སེལ། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཀྱི་བྱ་བ་སོ་སོ་ཏན་ཏིག་ངང་ལེགས་པོར་སྒྲུབ་དགོས་ཟེར།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།





གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号