ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་རྒྱས་འཛོམས་ཚོགས་འདུ་འཚོགས་པ། 

ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ཆེད་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ།

ཟླ9པའི་ཚེས10ཉིན། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་རྒྱས་འཛོམས་ཚོགས་འདུ་འཚོགས་ལ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ཆེད་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། མཚོ་བྱང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱི་མངགས་བཅོལ་ལྟར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་།    

ཚོགས་འདུའི་ཐོག་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཁྱོན་ཡོངས་ནས་ཕྱོགས་སྒྱུར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་ཡིན་ལ། ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཞི་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བཅོས་སྒྱུར་གྱི་དར་ཆ་མཐོན་པོར་སྒྲེང་བ་དང་བཅོས་སྒྱུར་གྱི་འགན་འཁྲི་འཁུར་སེམས་མངོན་པར་བྱེད་པ། བཅོས་སྒྱུར་གྱི་ངར་ཤུགས་འཕེལ་བར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཁྱོན་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་ཆེ་ཞིང་གཏིང་ཟབ་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《ཆོད་དོན》ནང་ཀྲུང་དབྱང་གི་དགོངས་དོན་དང་མཚོ་སྔོན་གྱི་དངོས་ཡོད་གནས་ཚུལ། འཕེལ་རྒྱས་ཀྱི་དགོས་མཁོ་དང་ལས་བྱེད་མང་ཚོགས་ཀྱི་རེ་སྒུག རྩེ་རིམ་ཇུས་འགོད་དང་གཞི་རིམ་གྱི་ཉམས་མྱོང་བཅས་ཟུང་འབྲེལ་དམ་ཟབ་བྱས་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཞིང་ཆེན་ཡོངས་ཀྱིས་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བའི་མདུན་སྐྱོད་ཀྱི་ཁ་ཕྱོགས་དང་དམིགས་ཚད་ལས་འགན་ཁ་གསལ་བཏོན་ཡོད་པས་དེ་ནི་ང་ཚོས་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ལམ་ཐིག་དང་ལས་འགན་ཡི་གེ་ཞིག་རེད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུར་དམ་འཛིན་ནན་མོ་བྱེད་པ་དང་། ཡིད་ཆེས་བརྟན་དུ་གཏོང་བ་དང་ངར་ཤུགས་གཅིག་ཏུ་སྒྲིལ་ཏེ་བཅོས་སྒྱུར་དོན་ཐོག་ཏུ་འཁྱོལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་དང་། བཅོས་སྒྱུར་གྱི་ཕན་འབྲས་དངོས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་རྩོམ་དགོས་ཟེར།    

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུས་གསལ་བོར་བཏོན་པའི་བཅོས་སྒྱུར་བྱེད་པའི་སྤྱིའི་དམིགས་འབེན་དང་དུས་ཚོད་རེའུ་མིག ལམ་ཐིག་ལྟར་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྱོན་ཡོངས་ཁྲོད་ཧུར་ཐག་སྒོས་འདྲེས་པར་བྱེད་དགོས་པ་དང་། “ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་བཀོད་སྒྲིག་དེ་བྱ་སྤྱོད་དངོས་སུ་བསྒྱུར་ནས་ནུས་ཤུགས་ཡོད་རྒུས་བཅོས་སྒྱུར་གྱི་ལས་འགན་སོ་སོ་མཚོ་བྱང་དུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་ཀྱི་བཅོས་སྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་དགོས། སྐྱེ་ཁམས་དམིགས་སུ་བཀར་བ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཚད་གཞི་མཐོན་པོའི་ཐོག་ནས་མདོ་ལ་རི་བོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་རྒྱུར་འབད་བརྩོན་བྱེད་དགོས། དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་བཏང་ནས་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་ལ་སྐུལ་སྤེལ་གཏོང་དགོས་པ་དང་། ཐོན་ལས་ཀྱི་གཏིང་ཚད་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ་ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་སྟེང་ཤུགས་སྣོན་དགོས། གསར་བརྗེའི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ཇེ་མགྱོགས་སུ་བཏང་སྟེ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་དུ་བཏང་ནས་གསར་བརྗེའི་ཉམས་ཞིབ་འཆར་འགོད་ཐོག་ཁྱོན་ཡོངས་ཀྱི་བཀོད་པ་དང་ཡུན་རིང་གི་ཇུས་འགོད་ལེགས་པར་བྱེད་དགོས་པ་དང་། 221རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་རྒྱུན་འཛིན་དང་གསོན་སྒྱུར་བེད་སྤྱོད་བྱེད་པའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་སྙིང་སྟོབས་ཀྱི“བཙན་ས”བསྐྲུན་པའི་ཐད་འབད་བརྩོན་བྱེད་དགོས།    མི་རིགས་ཆོས་ལུགས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་། “མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི+”རྣམ་པ་གསར་པ་གཏོད་རྒྱུ་རྒྱུན་འཁྱོངས་བྱེད་པ། རིགས་སོ་སོའི་མང་ཚོགས་དབར་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ཏེ་མི་རིགས་མཐུན་སྒྲིལ་གསར་གཏོད་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་ཐད་འབད་བརྩོན་བྱེད་དགོས། དམངས་འཚོའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས། ཀུན་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་དགོས་པ་དང་། ནུས་པ་དང་བརྩེ་སེམས་ཀྱི་ཐོག་ནས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་ཐག་གཅོད་བྱས་ཏེ་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བའི་ཐད་ཤུགས་སྣོན་དགོས། ཏང་འཛུགས་སྐྱོང་གི་ཁྱབ་ཁོངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་དགོས། ཏང་འཛུགས་སྐྱོང་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་ཐད་འབད་བརྩོན་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱ་རྒྱུ་དེ། མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་སློབ་གསོ་གསོ་སྦྱོང་། དྲིལ་སྒྲོག་སྒྲོག་འགྲེལ་སོགས་ཀྱི་བྱ་བ་གཞི་གཅིག་ཏུ་དམ་འཛིན་བྱས་ཏེ་སློབ་སྦྱོང་དང་དྲིལ་སྒྲོག་གི་ཚ་རླབས་མགྱོགས་མྱུར་འཕྱུར་བར་བྱེད་དགོས། ཁྱོན་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དམ་འཛིན་བྱ་ཡུལ་དུ་རྒྱུན་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལ་མཐའ་མའི་གདོང་མཆོང་བྱས་ཏེ། འགག་སྒྲོལ་གྱི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། གཙོ་གནད་བྱ་བར་དམ་འཛིན་ནན་མོ་བྱས་ཏེ་བྱེད་ཐབས་སྣ་མང་སྤྱོད་པ་དང་འཕེལ་རིམ་བརྩོན་ལེན་བྱེད་པ། ལས་ཕྱོད་ཆེ་རུ་གཏོང་བ། སྤུས་ཚད་འགན་ལེན་བྱས་ནས་དུས་ཚིགས་གསུམ་པར་འགག་སྒྲོལ་དང་དུས་ཚིགས་བཞི་པར་མཉམ་འཐབ། ལོ་ཧྲིལ་པོར་བརྟན་ལྷིང་འགན་ལེན་གང་ཐུབ་བྱས་ནས་ལོ་འཁོར་མོའི་འཕེལ་རྒྱས་དམིགས་འབེན་དང་ལས་འགན་ཡོངས་སུ་ལེགས་འགྲུབ་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ལ་ཤུགས་བསྣན་ནས་ལས་གཞི་འཛུགས་སྐྲུན་དང་སྦྲེལ་མཐུད་ནུས་ལྡན། དམངས་འཚོ་འགན་སྲུང་། བདེ་འཇགས་ཐོན་སྐྱེད། འབྲུབ་འགོག་གེགས་སེལ་སོགས་ཀྱི་བྱ་བ་སོ་སོ་ཏན་ཏིག་ངང་ཡག་པོར་བསྒྲུབ་སྟེ་ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་བཀོད་སྒྲིག་དེ་ཞིབ་ཕྲའི་བྱ་སྤྱོད་དུ་ཏན་ཏིག་བསྒྱུར་བ་དང་། ནུས་ཤུགས་ཡོད་རྒུ་བཏོན་ནས་བཅོས་སྒྱུར་གྱི་ལས་འགན་སོ་སོ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号