མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱི《མཚོ་སྔོན་ཉིན་རེའི་ཚགས་པར》སྟེང་གི་མིང་བཀོད་རྩོམ་ཡིག

གསར་བརྗེའི་ཐོན་ཁུངས་ལེགས་པོར་སྤྱད་དེ། གསར་བརྗེའི་ཁྲག་རྒྱུད་རྒྱུན་འཛིན་བྱས་པ།

ཀྲུང་གུང་མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི།  ཤ་བོ་སྐྱབས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྙིང་སྟོབས་ནི་མི་རིགས་ཤིག་ཡུན་རིང་འཚོ་གནས་བྱེད་པའི་བླ་སྲོག་ཡིན་ལ། སྙིང་སྟོབས་ཀྱི་མཐོ་ཚད་ངེས་ཅན་ཞིག་ལ་སླེབས་ཚེ་གཞི་ནས་མི་རིགས་དེ་ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་འགྱིང་ངེར་ལངས་ནས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་ཐུབ”ཅེས་གསུངས་ཡོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་གཤིན་ས་འདི་རུ་རླབས་ཆེ་བའི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་འཁྲུངས་ཡོད་ལ། སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་འོད་སྟོང་འཕྲོ་བའི་ཕྱིར་དྲན་བཞག་ཡོད།    འདི་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། ད་དུང་ང་ཚོས་འབད་འབུངས་ཡར་བརྩོན་བྱེད་པའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཀྱང་ཡིན། ང་ཚོས་ཕུན་སུམ་ཚོགས་པའི་གསར་བརྗེའི་རིག་གནས་ཐོན་ཁུངས་ལ་གཞི་ཚུགས་ཏེ། བསམ་པའི་གཏེར་ཁ་རྩ་ཆེན་གཏིང་སློག་བྱེད་པ་དང་། “ཀྲུང་གོའི་རྡུལ་ཕྲན་མཁར”གྱི་གསར་བརྗེའི་མིང་བྱང་མུ་མཐུད་དུ་ཇེ་གསལ་དུ་གཏོང་བ། དཀའ་སྡུག་ཆེ་བའི་ས་ཁུལ་གྱི་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་ཁྲག་རྒྱུད་རྒྱུན་འཛིན་བྱེད་པ། ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ནས།    མཚོ་སྔོན་སྙིང་སྟོབས་ཀྱི་བཙན་ས་བསྐྲུན་པར་འབད་བརྩོན་བྱེད་དགོས་ལ།    “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ལ་ནམ་ཡང་དུས་རབས་ཀྱི་འོད་སྣང་འཕྲོ་རུ་འཇུག་དགོས།

གཅིག དད་སེམས་ཀྱི་རྩ་བ་བརྟན་པོར་བྱས་ནས། མདུན་སྐྱོད་ཀྱི་སྟོབས་ཤུགས་སྡུད་ལེན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཆ་རྐྱེན་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་ནམ་ཡང་འདོར་མི་རུང”ཞེས་ནན་བཤད་གནང་ཡོད། “མདེལ་གཉིས་སྐར་གཅིག”གི་བྱ་གཞག་གིས་འཛམ་གླིང་ཚན་རྩལ་ལོ་རྒྱུས་ཐོག་ཏུ་ངོ་མཚར་གྱི་ལོ་རྒྱུས་བསྐྲུན་ཞིང་། དེ་ལས་འཁྲུངས་པའི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱིས་རྒྱ་ཆེའི་ཚན་རྩལ་ལས་དོན་པས་མེས་རྒྱལ་ལ་སྲི་ཞུ་སྒྲུབ་པའི་སེམས་འདུན་དང་ལྷག་བསམ་མཚོན་ཡོད་ལ། རྒྱ་ཆེ་བའི་ཚན་རྩལ་ལས་དོན་པའི་བློ་བརྟན་འགྱུར་མེད་ཀྱི་ཕུགས་འདུན་དད་སེམས་དང་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་མངོན་ཡོད།  ལོ་བཅུ་ཕྲག་ཁ་ཤས་རིང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དེ་འབད་བརྩོན་ལྷོད་མེད་ཀྱི་མི་རིགས་གཤིས་རྒྱུད་ཅིག་ཏུ་གྱུར་ནས། ཀྲུང་ཧྭའི་བུ་ཕྲུག་དུང་ཕྱུར་མང་པོ་དཀའ་ངལ་རེ་རེ་ལས་རྣམ་པར་རྒྱལ་བ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་བགྲོད་ལམ་ཐོག་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་སློང་བྱས་ཡོད། སེམས་ཁོངས་སུ་དད་སེམས་ཡོད་ན། གོམ་པ་ལ་ངར་ཤུགས་ཡོད་ངེས། བགྲོད་ལམ་གསར་བའི་སྟེང་། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་དད་སེམས་སྒྲོན་མེ་ཡིས་མདུན་ཕྱོགས་ཀྱི་བགྲོད་ལམ་གསལ་བར་བྱེད་པ་དང་། བསམ་པའི་རྒྱུད་ལ་གསར་བརྗེའི་རྒྱུད་རྒྱུ་འཇོག་པ། སེམས་པའི་གཏིང་ནས་མདུན་སྐྱོད་ཀྱི་ང་རོ་སྒྲོག་པ་བཅས་བྱས་ནས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གཏོང་དགོས་ལ། འབད་འཐབ་དང་སྦྱོང་བརྡར་ཁྲོད་འཚར་ལོངས་འབྱུང་བ་དང་། དཀའ་སེལ་འགག་སྒྲོལ་ཁྲོད་ནུས་པ་གོང་མཐོར་གཏོང་བ། འགན་འཁྲི་ཕྲག་ཏུ་བླངས་ནས་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་ཐོག་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལེན་པར་ཧུར་བརྩོན་བྱེད་དགོས། 

གཉིས།  ཆབ་སྲིད་ཀྱི་འགན་འཁྲི་དམ་པོར་འཁུར་ནས། སྲུང་སྐྱོབ་དང་བེད་སྤྱོད་ལ་ཤུགས་བསྣན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གསར་བརྗེའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ལ་ཤུགས་སྣོན་པ་དང་། གསར་བརྗེའི་རིག་གནས་དར་སྤེལ།  གསར་བརྗེའི་རྒྱུད་རྒྱུ་རྒྱུན་འཛིན་བཅས་བྱ་རྒྱུ་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན”ཞེས་གསུངས་ཡོད།    ཀྲུང་གོའི་ཉིང་རྡུལ་མཚོན་ཆ་དང་པོའི་ཞིབ་བཟོ་རྟེན་གཞི་ནི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་འབྱུང་སའི་གཞི་རྟེན་གཙོ་བོ་ཡིན་པ་དང་། དེས་ཀྲུང་གོའི་མི་དམངས་ཀྱི་མགོ་བོ་ཡར་དགྱེ་པའི་ལོ་རྒྱུས་འཕེལ་རིམ་ལ་བདེན་དཔང་བྱས་ཡོད། ང་ཚོས221རྟེན་གཞིའི་གནས་རྙིང་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་ལས་དོན་ཡག་པོར་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར7ཙམ་བཏང་ནས221རྟེན་གཞིའི་གནས་རྙིང་ཉམས་གསོ་དང་སྲུང་སྐྱོབ་བྱ་རྒྱུར་གཅིག་གྱུར་གྱིས་སྐུལ་འདེད་བཏང་བ་དང་། མཚོ་བྱང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གྱི་རྣམ་པ་སྒྱུར་བཀོད་བཟོ་སྐྲུན་ལག་བསྟར་བྱས་ནས། 221རྟེན་གཞིའི་གནས་རྙིང་བཟོ་གྲྭ8ཀྱི་རིག་དངོས་གནས་ཡུལ12བེད་སྤྱོད་བྱས་ཡོད། “སྲུང་སྐྱོབ”བྱས་ཚེ་གཞི་ནས“སྲུང”ཐུབ་པ་དང་།“སྲུང”ཐུབ་ཚེ་གཞི་ནས“མི་རབས་ནས་མི་རབས་བར་བརྒྱུད”ཐུབ། ང་ཚོས་ཚན་རིག་དང་མཐུན་པའི་སྲུང་སྐྱོབ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན།    ལུགས་མཐུན་བེད་སྤྱོད་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་རྡུལ་ཕྲན་མཁར་གྱི་ད་ཡོད་ཀྱི་གསར་བརྗེའི་རིག་གནས་ཐོན་ཁུངས་སྣ་ཚོགས་ཕྲེང་སྦྲེལ་བསྡུ་སྒྲིལ་དང་། རྟེན་གཞིའི་གནས་རྙིང221སྲུང་སྐྱོབ་བེད་སྤྱོད་འཆར་འགོད་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བ། རྟེན་གཞིའི་གནས་རྙིང་བཟོ་གྲྭ18ཀྱི་བྱེད་ནུས་དང་ངེས་གནས་ཁྱོན་ཡོངས་ནས་གསེད་བཀྲོལ་བྱེད་པ། རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་དམ་འཛིན་བཅས་བྱས་ནས་ཡན་ལག་བཟོ་གྲྭ་ཁག་སྒྱུར་བཀོད་མཐོར་འདེགས་དང་ནུས་པ་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ། སྒྱུར་བཅོས་གཅིག་བྱས་ན་དེ་ལ་དོ་དམ་དང་བེད་སྤྱོད་ཡག་པོ་བྱེད་ཐུབ་དགོས།  

གསུམ། གཡུལ་ས་འཛུགས་སྐྱོང་ལ་ཤུགས་བསྣན་ནས། ཞིབ་འཇུག་སློབ་སྦྱོང་གི་ཆས་རྟགས་བཏོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་བརྗེ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་གསལ་བའི་གཞི་མདོག་ཡིན། རང་རྒྱལ་གྱི་སྤྱི་ལེ་གྲུ་བཞི་མ་ཁྲི960ལྷག་གི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེན་པོའི་ཐོག་གསར་བརྗེའི་ཐོན་ཁུངས་སྐར་ཚོགས་ལྟར་ཁྱབ་ཡོད་ལ།  ང་ཚོའི་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ལོ་བརྒྱའི་རིང་གི་འབད་འཐབ་བྱས་པའི་རླབས་ཆེའི་ལོ་རྒྱུས་ཁྲོད་གསར་བརྗེའི་ཁྲག་རྒྱུད་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཡོད། མཚོ་སྔོན་ནི་ས་བབ་མཐོ་ས་ཡིན་ལ། དེ་ལས་ཀྱང་སྙིང་སྟོབས་ཀྱི་བཙན་སའང་ཡིན།  ང་ཚོས་སྙིང་སྟོབས་ཀྱི་བཙན་ས་གཏོད་རྒྱུར་དམིགས་ཏེ་གསར་བརྗེའི་སློབ་གསོ་དང་ཞིབ་འཇུག་སློབ་སྦྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། གསར་བརྗེའི་ཉམས་ཞིབ་ཀྱི་ཡུལ་དངོས་སློབ་ཁྲིད་ས་ཚིགས31བཏོད་པ་དང་། བཅིངས་འགྲོལ་དམག་གི་སྲུང་དམག་དཔུང་སྡེའི་གནས་རྙིང18སྔོག་འདོན་བྱས་ཡོད། མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་དང་། ཁུལ་དང་རྫོང་གི་ཏང་གི་སློབ་གྲྭས2023ལོ་ནས་བཟུང་། རིམ་རྩིས་བྱས་ན་ཉིན3ཡན་གྱི་གསར་བརྗེའི་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་ཐེངས778སྤེལ་བ་དང་མི་ཐེངས་ཁྲི15.1ཞུགས་ཡོད། ང་ཚོས་ནུས་ཤུགས་ཡོད་རྒུས་སྨོན་ལམ་མཐོན་པོ་རྒྱལ་སྲུང་སློབ་གསོ་དང་གསར་བརྗེའི་ཉམས་ཞིབ་རྟེན་གཞི་བསྐྲུན་པ་དང་། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་སྒྱུར་བཅོས་བྱེད་པར་སྐུལ་འདེད་བཏང་བ། ཞིང་ཆེན་ཕྱི་ནང་གི་ལས་ཁུངས་དང་ཁེ་ལས། བྱ་གཞག་སྡེ་ཚན90ཡིས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་གསར་བརྗེའི་ཉམས་ཞིབ་རྟེན་གཞིའི་སྒོ་བྱང་བཀལ་ཡོད།  2023ལོ་ནས་བཟུང་། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་སྨོན་ལམ་མཐོན་པོ་རྒྱལ་སྲུང་སློབ་གསོ་དང་གསར་བརྗེའི་ཉམས་ཞིབ་རྟེན་གཞིས་གསར་བརྗེའི་ཉམས་ཞིབ་བྱེད་མཁན་མི་ཐེངས་ཁྲི48.87ལྷག་ལ་སྣེ་ལེན་བྱས་ཤིང་། དེས་མཚོ་བྱང་གི་གསར་བརྗེའི་ཉམས་ཞིབ་ཐོན་ལས་དང་ཚོགས་པའི་གསོ་སྦྱོང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གསོན་ཤུགས་བསྣན་ཡོད། མ་འོངས་པར། ང་ཚོས“ཀྲུང་གོའི་རྡུལ་ཕྲན་མཁར”གྱི་གསར་བརྗེའི་རིག་གནས་ཀྱི་རྨང་གཞི་སྔོག་འདོན་གཏིང་ཟབ་བྱས་ནས་གསར་བརྗེའི་ཉམས་ཞིབ་དང་སློབ་གསོ། ལུས་རྩལ། སྐྱེ་ཁམས་ཞིང་ཕྱུགས་ལས།  མི་རིགས་རིག་གནས་ཐོན་ལས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐོན་ལས་སོགས་ཀྱི་ལས་རིགས་མཉམ་འདྲེས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། གསར་བརྗེའི་ཉམས་ཞིབ་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།    ཞིང་ཆེན་ཕྱི་ནང་ལ་ཁ་ཕྱོགས་པའི་གསར་བརྗེའི་ཉམས་ཞིབ་དང་སློབ་གསོའི་རྟེན་གཞི་གཏོད་པ་བཅས་བྱས་ནས། ཁྱོན་ཡོངས་ནས་མཚོ་བྱང་གི་གསར་བརྗེའི་ཉམས་ཞིབ་སློབ་སྦྱོང་གི་ཆས་རྟགས་གཏོད་དགོས།   

བཞི། གསར་བརྗེའི་གཏམ་རྒྱུད་ཡག་པོར་བཤད་ནས། གསར་བརྗེའི་ཁྲག་རྒྱུད་རྒྱུན་འཛིན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་གི་གཏམ་རྒྱུད་དང་གསར་བརྗེའི་གཏམ་རྒྱུད།    གནས་གཞིའི་ས་ཁུལ་གྱི་གཏམ་རྒྱུད།    དཔའ་བོ་དང་སྔོན་གཤེགས་དཔའ་བོའི་གཏམ་རྒྱུད་བཅས་ཡག་པོ་བཤད་ནས། གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ།    གཞོན་ནུ་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་སློབ་གསོ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། གསར་བརྗེའི་རྒྱུད་རྒྱུ་རྒྱུན་འཛིན་ཡག་པོ་དང་གསར་བརྗེའི་རྒྱལ་སྲིད་ནམ་ཡང་འགྱུར་བ་མེད་པར་ཁག་ཐེག་བྱེད་དགོས”ཞེས་ནན་བཤད་གནང་ཡོད།     “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ལ་དུས་རབས་ཀྱི་འོད་སྣང་འཕྲོ་རུ་འཇུག་པ་ནི་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་གཞོན་ནུ་ལོ་ཆུང་རྣམས་རླབས་ཆེ་བའི་ལག་ལེན་ཁྲོད། མེས་རྒྱལ་ལ་དགའ་ཞེན་དང་སྒེར་སེམས་མེད་པའི་བསམ་བློ་ཆགས་པ་དང་། དུས་རྟག་ཏུ་རང་སྟོབས་རང་སྤེལ་དང་དཀའ་སྤྱད་སྡུག་རུས་སྐྱེད་ནས། མཐུན་སྒྲིལ་མཉམ་ལས་དང་གསར་གཏོད་བྱེད་ཕོད་པའི་ཚན་རིག་གི་སྙིང་སྟོབས་ལག་ལེན་བྱེད་དུ་འཇུག་པ་དེ་ཡིན། ང་ཚོས221རྟེན་གཞི་གསར་འཛུགས་བྱེད་པའི་སྐབས་ཀྱི་མི་སེམས་སྒུལ་པའི་གཏམ་རྒྱུད་འཚོལ་སྔོག་བྱས་ཏེ། ངག་ཐོག་དཔྱད་ཡིག200ལྷག་ལེགས་སྒྲིག་བྱས་པ་དང་དངོས་པོ1000ལྷག་བསྡུ་རུབ་བྱས་ཡོད།     གསར་བརྗེའི་དཔེ་དེབ《གསར་བརྗེའི་རྟགས་ཐམ221》དང《ཉིང་རྡུལ་བྱ་གཞག་སྲུང་མཁན་བློ་དཀར་ཅན》ཞེས་པ་རྩོམ་སྒྲིག་བྱས་པ་དང་།    ཏང་གི་སློབ་ཚན《རྩྭ་ཐང་གི་བུ་ཕྲུག་མཁའ་འགྲོ་ཐར》དང《མདོ་ལའི་འཐབ་གླུ》《མདོ་ལའི་བླ་སྲོག》《རྟག་བརྟན་འགྱུར་མེད་ཀྱི་གསེར་དངུལ་ཐང》སོགས་བསྒྲིགས་ཤིང་། བྲོ་གར《དུས་དེར། གསེར་དངུལ་མེ་ཏོག་རྣམ་པར་བཞད》དང་གཏམ་བརྗོད་ཟློས་གར《གསེར་དངུལ་ཐང》། གློག་བརྙན《འབྲོག་པའི་ཧྲིན་ཀྲང་སྐལ་བཟང》བཅས་བསྒྲིགས་ནས་གསར་བརྗེའི་རིག་གནས་ཀྱི་སྣེ་ཁྲིད་ནུས་པ་དང་གོང་བུར་སྒྲིལ་ཤུགས། ཤུགས་རྐྱེན་ཐེབས་ཤུགས་བཅས་སྔར་བས་ཆེ་རུ་བཏང་ཡོད། གཏམ་རྒྱུད་ཡོད་ན་བསྟོད་བསྔགས་ཡོད་ལ། བསྟོད་བསྔགས་ཡོད་ན་ད་གཟོད་ལོ་རྒྱུས་རྒྱུན་རིང་པོར་བསྲིང་ཐུབ།  ང་ཚོས“མདེལ་གཉིས་སྐར་གཅིག”གི་མི་སྣའི་གཏམ་རྒྱུད་དང་དངོས་བྱུང་དཔེ་མཚོན་མུ་མཐུད་དུ་སྔོག་འདོན་བྱས་ཏེ། དེའི་ཁྲོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དང་དུས་རབས་ཀྱི་རྟགས་མཚན་དེ་སྐད་ཆ་རེ་རེ་དང་ལྗོངས་དངོས་རེ་རེར་ཞིབ་ཚགས་སུ་བཏང་ནས། གསར་བརྗེའི་གཏམ་རྒྱུད་དང་གསར་བརྗེའི་རིག་གནས་ཐོན་ཁུངས་བསྐྱར་གསོ་བྱེད་པ་དང་། གསར་བརྗེའི་རིག་གནས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོར་སྣེ་ཁྲིད་བྱེད་པ།    གསར་བརྗེའི་རིག་གནས་ལ་བརྟེན་ནས་ཡང་དག་པའི་རིན་ཐང་ལྟ་བ་གསོ་སྐྱོང་བྱེད་པ། རིག་གནས་ལ་བརྟེན་ནས་མི་མཐོར་འདེགས་དང་རྡོག་རྩ་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས། དྲང་ཕྱོགས་ནུས་ཚད་སྔར་ལས་ཇེ་ཆེ་དང་དབྱངས་རྟ་གཙོ་བོ་སྔར་ལས་ཇེ་མཐོར་གཏོང་དགོས། 

ལྔ། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས། གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་སུ་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་ཡང་དག་འཛིན་དགོས་ན། གཙོ་བོར་གསར་བརྗེའི་སློབ་གསོ་སྤེལ་བ་དང་གསར་བརྗེའི་རྒྱུད་རྒྱུ་རྒྱུན་འཛིན་བྱས་ཏེ། ལས་བྱེད་པ་དང་མང་ཚོགས་རྣམས་ས་གནས་འདི་གར་ཡོང་ནས་གསར་བརྗེའི་སྙིང་སྟོབས་ཉམས་ལེན་བྱེད་དགོས”ཞེས་ནན་བཤད་གནང་ཡོད། ང་ཚོས་མཚོ་བྱང་གི་ཕུན་སུམ་ཚོགས་པའི་གསར་བརྗེའི་རིག་གནས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། གསར་བརྗེའི་རིག་གནས་ཡུལ་སྐོར་གྱི་ཆས་རྟགས་གསོ་སྐྱོང་ཧུར་ཐག་བྱས་ཤིང་། “ཀྲུང་གོའི་རྡུལ་ཕྲན་མཁར་གྱི་ལྐོག་གྱུར་འཚོལ་བའི་ཉིན་གཉིས་ཀྱི་ཡུལ་སྐོར”སོགས་གསར་བརྗེའི་ཡུལ་སྐོར་གྱི་ལམ་ཐིག་རྩེར་སོན་བསྐྲུན་པ་དང་། “ངོ་མཚར་གྱི་རྡུལ་ཕྲན་མཁར•རྒྱལ་ཁབ་ཀྱི་གྲི་རྡུང་མཁན”ཞེས་པའི་གསར་བརྗེའི་ཡུལ་སྐོར་གྱི་ལམ་ཐིག་རྩེར་སོན་དེ་རྒྱལ་ཡོངས་ཀྱི“ཏང་བཙུགས་ནས་ལོ་བརྒྱ་འཁོར་བའི་གསར་བརྗེའི་ཡུལ་སྐོར་ལམ་ཐིག་བརྒྱ”ཡི་ནང་བཅུག་ཡོད། “‘དག་སྣང་མཚོ་བྱང’གསར་བརྗེའི་རིག་གནས་ཉམས་ལེན་ཡུལ་སྐོར”གྱི་ཡུལ་སྐོར་ལམ་ཐིག་དེ་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་ལམ་ཐིག་རྩེར་སོན་དུ་བདམས་པ་དང་། གསེར་དངུལ་ཐང་ནི“ཀྲུང་གོའི་གསར་བརྗེའི་རྩྭ་ཐང”དུ་བདམས་པ་སོགས་ལ་བརྟེན་ནས་གསར་བརྗེའི་རིག་གནས་ཡུལ་སྐོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་ཡོད། མ་འོངས་པར། ང་ཚོས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། གསར་བརྗེའི་ཡུལ་སྐོར་ཁེ་ལས་གསོ་སྐྱོང་བྱེད་པ། གསར་བརྗེའི་ཉམས་ཞིབ་ཡུལ་སྐོར་ཐོན་རྫས་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། གསར་བརྗེའི་ཉམས་ཞིབ་དང་གསར་བརྗེའི་ཡུལ་སྐོར་ལས་རིགས་བར་བརྒལ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། མཚོ་བྱང་གི་གསར་བརྗེའི་རིག་གནས་དང་གྲོང་གསེབ། སྐྱེ་ཁམས་ཁོར་ཡུག་བཅས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ། “གསར་བརྗེ+ལྗང་མདོག”དང་། “གསར་བརྗེ+གྲོང་གསེབ”དང་། “གསར་བརྗེ+ཉམས་ཞིབ”དང་། “གསར་བརྗེ+ཚན་རྩལ”སོགས་ཡུལ་སྐོར་ལས་རིགས་གསར་པར་བརྟེན་ནས། ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་ལས་གསོ་སྐྱོང་དང་རྒྱ་སྐྱེད་གཏོང་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཡུལ་སྐོར་གྱི་ནང་དོན་དང་རྣམ་པ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ནས། མི་སྔར་ལས་མང་པོས“ཀྲུང་གོའི་རྡུལ་ཕྲན་མཁར”གྱི་ལོ་རྒྱུས་དང་ཐོན་ཁུངས་ཤེས་རྟོགས་ཐུབ་པ་བྱས་ཏེ། གསར་བརྗེའི་རིག་གནས་ལ“གསོན་ཤུགས”རྒྱས་ཐུབ་པ་བྱེད་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号