མཚོ་བྱང་ཁུལ་གྱི་སྡེ་བའི་ལས་བྱེད་པ52“སྤྱི་སྐད་ཡག་པོར་བཤད་ནས”འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་ཁྲོད་ཞུགས་པ།   

ཟླ9པའི་ཚེས3ཉིན། དུས་ཡུན་ཉིན་གསུམ་རིང་གི་མཚོ་བྱང་ཁུལ་གྱི་སྡེ་བའི་ལས་བྱེད་པའི“སྤྱི་སྐད་ཡག་པོར་བཤད་ནས”འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭར་འཚོགས། ཁུལ་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ། སྡེ་བ་བཅས་ནས་ཡོང་བའི་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་སྡེ་བའི་ཨུ་ལྷན་གྱི་ཀྲུའུ་རིན་བཅས་ཁྱོན་སློབ་མ52གསོ་སྦྱོང་ལ་ཞུགས།

རྒྱུས་ལོན་པ་ལྟར་ན།   ཐེངས་འདིའི་གསོ་སྦྱོང་འཛིན་གྲྭས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་དམ་པོར་བསྟུན་ནས《སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གསལ་འགྲེལ》དང《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་ནས་ལོ་གསུམ་འཁོར་བའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ》 《ནུས་ལྡན་སྒོས་སྤྱི་སྐད་ཉན་བཤད་དང་འབྲི་ཀློག་ནུས་པ་ཆེ་རུ་གཏོང་བ》 《སྤྱི་སྐད་ཆེད་ལས་ཀྱི་ཚད་ལེན་ཚོད་ལྟ་དང་སྦྱོང་བརྡར》 《སྤྱི་སྐད་ཁ་སྐད་ནུས་པ》སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ལ།  “རིགས་པའི་གཞུང་ལུགས+ལག་ལེན”རྣམ་པའི་ཐོག་ནས་སྤྱི་སྐད་བེད་སྤྱོད་ནུས་པ་གཙོ་གནད་དུ་མཐོ་རུ་གཏོང་དགོས་པའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལ་གཅིག་བསྡུས་ཀྱིས་འགག་སྒྲོལ་གསོ་སྦྱོང་བྱས་ཏེ། སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ཁག་ཅིག་གིས་སྤྱི་སྐད་བཤད་མི་ཤེས་པའམ་ཡང་ན་སྤྱི་སྐད་ཡག་པོ་ཤོད་མི་ཐུབ་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས་གྲོང་གསེབ་དར་སྤེལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད་འགན་སྲུང་བརྟན་པོ་མཁོ་འདོན་བྱས་ཡོད།  

གསོ་སྦྱོང་ཁྲོད་བླང་བྱ་བཏོན་དོན། སློབ་མ་སོ་སོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་སློབ་སྦྱོང་གི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས་ཏེ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ནི་རང་རྒྱལ་གྱི་མི་རིགས་སོ་སོས་ཐུན་མོང་དུ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་རྩ་ཆེའི་རྒྱུ་ནོར་ཡིན་པའི་ངོས་འཛིན་གཏིང་ཟབ་བྱེད་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱ་རྒྱུ་ནི་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་མི་རིགས་སོ་སོའི་སྤྱི་དམངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་པའི་ངོས་འཛིན་གཏིང་ཟབ་བྱེད་དགོས་ལ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱ་རྒྱུ་ནི་མི་རིགས་སོ་སོ་དེང་རབས་ཅན་དུ་སྐྱོད་པའི་ཕྱི་རོལ་ཡུལ་གྱི་བླང་བྱ་ཡིན་པའི་ངོས་འཛིན་གཏིང་ཟབ་བྱེད་དགོས། སློབ་སྦྱོང་དང་བསམ་བློ། ལག་ལེན། གོ་རྟོགས་སད་ཤུགས་ཆེ་རུ་བཏང་ནས་མཉམ་འདྲེས་མཐར་ཕྱིན་ཡོང་བར་འབད་བརྩོན་བྱེད་དགོས། སྡེ་བའི་ལས་བྱེད་པས་སྤྱི་སྐད་ཡག་པོར་བཤད་པའི་གཞི་ཚུགས་ས་ནི་སློབ་སྦྱོང་ལ་ཤུགས་སྣོན་རྒྱུ་དེ་ཡིན་པས།  སློབ་སྦྱོང་ལ་འབད་བརྩོན་ཆེན་པོ་བྱས་ཏེ། སློབ་སྦྱོང་ལ་བརྩོན་འགྲུས་དང་སློབ་སྦྱོང་ལ་མཁས་པ། སློབ་སྦྱོང་ལ་དགའ་བ། སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་བཅས་བྱས་ནས་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅིའི“སྣེ་ཁྲིད་པའི”ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། མི་ཚང་མས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་བ་དང་མི་ཚང་མས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་པའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། བྱ་བའི་བླང་བྱ་དང་ཁོངས་གཏོགས་ཀྱི་འགན་འཁྲི་ལྟར་ནན་ཏན་གྱིས་གསོ་སྦྱོང་ལ་ཞུགས་པ་དང་སྤྱི་སྐད་ཡག་པོར་བཤད་པའི་དུས་མཚུངས་སུ་སྡེ་བའི་ལས་བྱེད་མང་ཚོགས་གཞན་དག་ལ་སྐུལ་ཁྲིད་བྱས་ནས་སྤྱི་སྐད་ཡག་པོར་བཤད་དགོས་པར་བསྟན། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号