ཟླ8པའི་ཚེས1ཉིན། མཚོ་བྱང་ཁུལ་གྱིས2024ལོའི་ནགས(རྩྭ)དཔོན་ལམ་ལུགས་བྱ་བའི་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་ནགས་རྩྭ་དཔོན་ལམ་ལུགས་བྱ་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ལ།  ད་ལོའི་ཚུན་ཁུལ་ཡོངས་ཀྱི་ནགས་རྩྭ་དཔོན་ལམ་ལུགས་ཀྱི་བྱ་བར་སྐུལ་འདེད་བཏང་ཚུལ་ལ་ཕྱོགས་སྡོམ་དང་། མིག་སྔར་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་ནས་གོམ་སྟབས་རྗེས་མའི་བྱ་བ་ཡང་བསྐྱར་བཀོད་སྒྲིག་དང་དོན་འཁྱོལ་བྱས། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་སྤྱི་ཁྱབ་ནགས་རྩྭ་དཔོན་ཤ་བོ་སྐྱབས་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་སྤྱི་ཁྱབ་ནགས་རྩྭ་དཔོན་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།    

ཤ་བོ་སྐྱབས་ཀྱིས་བསྟན་དོན། ཕྱོགས་ཡོང་ནས་ནགས་རྩྭ་དཔོན་ལམ་ལུགས་ཁྱབ་གདལ་གཏོང་བ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་བཀོད་སྒྲིག་དང་སྐུལ་འདེད་བཏང་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཁྱབ་ཁོངས་ཀྱི་བཅོས་སྒྱུར་བྱེད་ཐབས་གལ་ཆེན་ཞིག་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་བྱེད་པའི་ལམ་ལུགས་གསར་གཏོད་གལ་ཆེན་ཞིག་རེད། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་བྱེད་པའི་ཐོག་གཅིག་གྱུར་ཏན་ཏིག་བྱེད་པ་དང་། “རྒྱལ་ཁབ་སྤྱི་གླིང་གཉིས”གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ལ་དམིགས་ཏེ་ཁུལ་གྱི་གནས་ཚུལ་དང་དོན་དངོས་ལ་སྔར་ལས་ངོས་འཛིན་གསལ་པོ་བྱས་ཏེ“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ནགས་རྩྭ་དོ་དམ་སྲུང་སྐྱོབ་དང་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་ཏན་ཏིག་བྱས་ཏེ་རང་བྱུང་ནགས་ཚལ་དང་འདམ་ར། སྔོ་ཁེབས་སྲུང་སྐྱོབ་བཅས་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ“རྐང་ཚ་མཚོ་ཡིས་ཕྱུག་པ་དང་མདོ་ལ་རི་ཡིས་ཕྱུག་པའི”སྐྱེ་ཁམས་ཀྱི་མིང་བྱང་གཏོད་དགོས་ཟེར།      

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། སྐྱེ་ཁམས་མ་ལག་གི་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་།    ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་ཀྱི་འཆར་འགོད་བཟོ་བ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཏུ་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐྱེ་ཁམས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་སྐོར་ཞིབ་སྐོར་གཡེང་དང་ཆེད་དོན་རྩིས་བཤེར་སོགས་ནགས་ཚལ་དང་རྩྭ་ཐང་། འདམ་ར་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་བཅོས་སྒྲིག་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་དངོས་སུ་ཐོ་གསུབ་བ་དང་གཙང་བཤེར་མཐིལ་ཕྱིན་ཐུབ་པའི་འགན་ལེན་བྱེད་དགོས། རྩྭ་ཐང་གི་ཕྱུགས་འཚོ་བཀག་སྡོམ་དང་རྩྭ་ཕྱུགས་དོ་སྙོམས་དོན་འཁྱོལ་ནན་མོ་བྱེད་པ་དང་འགན་འཁྲི་ཞིབ་ཕྲ་དབྱེ་ཕྲལ་བྱེད་པ། ཕྱོགས་ཡོངས་ནས་མཐིལ་རྟོགས་ཞིབ་བཤེར་བྱེད་པ། མཉམ་འགུལ་ལམ་སྲོལ་འཛུགས་པ་བཅས་བྱས་ནས་བྱ་བ་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། “རི་བོ་གཉིས”གཞན་སྒྱུར་གྱི་ལག་ལེན་ཐབས་ལམ་གཏོད་ཤུགས་ཆེ་རུ་བཏང་ནས་ནགས་རྩྭའི་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་སྟེ་ནགས་རྩྭའི་ཐོན་ལས་དང་རིག་གནས་ཡུལ་སྐོར། ཁམས་གསོ་སོགས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ཕན་ནུས་སྔར་བས་སྐུལ་སྤེལ་གཏོང་དགོས། བྱ་བའི་འགན་འཁྲི་དམ་དུ་གཏོང་བ་དང་རྒྱུན་གཏན་གྱི་སྐོར་སྲུང་ལ་ཤུགས་སྣོན་པ། འབྱུང་ཁུངས་དོ་དམ་ལ་ཤུགས་སྣོན་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་མཚོ་བྱང་གི“ལྗང་མདོག་རེ་རེར”སྲུང་སྐྱོབ་ཡག་པོ་བྱེད་དགོས། བྱ་བའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ཁྲིམས་འགལ་གྱིས་ནགས་རྩྭ་དང་འདམ་ར་སོགས་བཟུང་སྤྱོད་བྱེད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏོང་བ་དང་། ནགས་སྐྲུན་ལྗང་སྒྱུར་དང་གཏེར་རི་ཉམས་གསོ་སོགས་གཙོ་གནད་བྱ་བ་མཉམ་འབྲེལ་ཐོག་ཡག་པོར་བསྒྲུབ་སྟེ་མཐའ་འཁོར་ས་ཁུལ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་མཚོ་བྱང་གི་ནགས་རྩྭ་དང་འདམ་རའི་ཐོན་ཁུངས་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་དགོས།  བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་དྲ་མིག་ཅན་གྱི་དོ་དམ་སྲུང་སྐྱོབ་མ་ལག་མགྱོགས་མྱུར་འཛུགས་པ། “ནགས་རྩྭ་དཔོན+”བྱ་བའི་ལམ་སྲོལ་དང“ཁོངས་མིNགཅིག་སྒྲིལ”གྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པའི་སྐོར་སྲུང་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱེད་དགོས། དྲིལ་སྒྲོག་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་ལྟར་ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོབ་བྱེད་པའི་འགན་འཁྲིའི་འདུ་ཤེས་དང་དེའི་ནང་ཞུགས་པའི་འདུ་ཤེས་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་ཟེར།

ཀྲང་ཧྲིང་ཡོན་གྱིས་འགན་འཁྲི་དོན་འཁྱོལ་ཐད་ཡང་བསྐྱར་ནུས་ཤུགས་འདོན་པ་དང་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བའི་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་ནས་བྱ་བའི་འགན་འཁྲི་ནན་དུ་གཏོང་བ་དང་། བྱ་བའི་བྱེད་ཐབས་གསར་གཏོད་བྱས་ཏེ་མཚོ་བྱང་གི་དོན་དངོས་དང་མཐུན་པ་དང་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་ནགས་རྩྭ་དཔོན་ལམ་ལུགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཧུར་ཐག་གཏོད་དགོས། ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་ཡང་བསྐྱར་ནུས་ཤུགས་བཏོན་ནས་ནགས་རྩྭ་དཔོན་ལམ་ལུགས་ཀྱི་དོ་དམ་སོགས་ལམ་ལུགས་དང་བྱེད་ཐབས་སོ་སོ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་ནགས་རྩྭ་དཔོན་ལམ་ལུགས་ཀྱི་དྲ་མིག་ཅན་གྱི་སྐོར་ཞིབ་ལ་ཤུགས་སྣོན་པ། དྲིལ་སྒྲོག་དང་སྲིད་ཇུས་འགྲེལ་བཤད་རྒྱག་ཤུགས་ཆེ་རུ་བཏང་སྟེ་སྤྱི་ཚོགས་ཡོངས་ཀྱིས་མཉམ་སྐྲུན་མཉམ་གཉེར་མཉམ་སྤྱོད་ཀྱི་སྐྱེ་ཁམས་ཐོན་ཁུངས་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་ངང་གཏོད་དགོས། གནད་སྨིན་ཇུས་འདོན་ཐད་ཡང་བསྐྱར་ནུས་ཤུགས་བཏོན་ནས་ནགས་རྩྭའི་ཐོན་ཁུངས་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་གྱི་རྣམ་པ་གསར་པ་དང་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ལྟ་སྐུལ་དོ་དམ་ནུས་ལྡན་གྱི་བྱེད་ཐབས་གསར་པ་དོན་འཁྱོལ་བྱེད་པའི་ཐད་རྒྱུན་མཐུད་ངང་འབད་བརྩོན་བྱེད་དགོས། གོ་སྐབས་དམ་འཛིན་བྱས་ཏེ་ཞན་ཆ་གསབ་པ་དང་སྟོབས་ཆེ་ཆུང་གི་ནགས་རྩྭའི་ལས་གཞི་གལ་ཆེན་ཁག་ཅིག་བརྩོན་ལེན་དང་སྒྲིག་འཛུགས་ལག་བསྟར་ཧུར་ཐག་བྱས་ནས་ནགས་རྩྭའི་ཐོན་ལས་དང་རིག་གནས་ཡུལ་སྐོར་སོགས་ཐོན་ལས་ཁག་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།


ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་ཁྱབ་ནགས་རྩྭ་དཔོན་གཞོན་པ་མ་རུའུ་ཞང་གིས2024ལོའི་ལོ་སྟོད་དུ་ཁུལ་ཡོངས་ཀྱི་ནགས་རྩྭ་དཔོན་ལམ་ལུགས་ཀྱི་བྱ་བ་སྤེལ་ཚུལ་ཁྱབ་བརྡ་བཏང་། རྫོང་བཞིའི་སྲིད་གཞུང་དང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས་བཅས་ཀྱིས་ཚོགས་འདུའི་ཐོག་བརྗེ་རེས་གཏམ་བཤད་གནང་། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་བློ་མཐུན་མཱ་ཕིང་གདན་ཞུས་ལྟར་ཚོགས་འདུར་ཞུགས།

ཚོགས་འདུ་བརྙན་ལམ་རྣམ་པའི་ཐོག་ནས་ཡུལ་ཚོ(གྲོང་རྡལ)རིམ་པ་དང་པོར་འཚོགས་ལ། ཁུལ་དང་རྫོང་། ཡུལ་ཚོ་དང་སྡེ་བ་བཅས་རིམ་པ་བཞིའི་ནགས་རྩྭ་དཔོན། ཁུལ་དང་རྫོང་གི་ནགས་རྩྭ་དཔོན་ལམ་ལམ་ལུགས་ཁྱབ་གདལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ཚན་པ་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པའི་འཐུས་མི་བཅས་ཚོགས་འདུར་ཞུགས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号