མདོ་ལ་རྫོང་གིས་ནུས་ཤུགས་ཡོད་རྒུས་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་ཞིང་པའི་ཡོང་སྒོ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་ནས་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ། ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་བོར་བྱས་ཏེ་ཕྱུགས་ལས་ཐོན་ཁུངས་ཀྱི་རང་སྤུས་དང་ས་བབ་ཀྱི་ལེགས་ཆ། ཐོན་ལས་ཀྱི་རྨང་གཞིར་གཞི་ཚུགས་ནས་རིགས་སོ་སོའི་ཞིང་ཕྱུགས་ལས་ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་ཞིང་དར་ཞིང་ཕན་གྱི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པས་ཕྱུགས་ལས་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་ཡོད།

སོན་བཟང་གི་སྤུས་ཚད་དང་ཕན་འབྲས་མཐོར་གཏོང་གི་ནུས་པ་འདོན་སྤེལ་བྱས། མདོ་ལ་རྫོང་གི་བོད་ལུག་དང་མདོ་ལའི་ནོར་གནག་གི་རྒྱུད་བཟང་གསོ་སྤེལ་བྱེད་པའི་བྱ་བ་ཇེ་མགྱོགས་སུ་བཏང་ནས། མདོ་ལའི་རྒྱུད་མང་བོད་ལུག་དང་མདོ་ལའི་རྭ་མེད་བོད་ལུག་གི་རྒྱུད་པའི་ཐོན་ཁུངས་སྐྱེད་སྲིང་བྱས་ཏེ། སྤུས་ལེགས་ཀྱི་རྒྱུད་པའི“གཞི་རྒྱུའི་མཛོད”རྒྱ་ཆེར་བཏང་། བོད་ལུག་དང་ནོར་གནག་གི་ལྟེ་བའི་ཁྱུ15སྒྲིག་འཛུགས་བྱས་ནས། རྒྱལ་ཁབ་ཀྱི་རྒྱུད་འཛིན་ཐོན་ཁུངས་ཀྱི་མིང་ཐོའི་མདོ་ལའི་བོད་ལུག་དང་མདོ་ལའི་ནོར་གནག་གི་གཤིས་ནུས་ཚད་འཇལ་དང་རྒྱུད་འཛིན་ཐོན་ཁུངས་དབྱེ་ཞིབ་ལས་དོན་ལེགས་སྒྲུབ་བྱས། མཚོ་བྱང་ཁུལ་ཞིང་ཕྱུགས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་རྒྱལ་ཁབ་ནོར་གནག་ཐོན་ལས་ལག་རྩལ་མ་ལག་མཚོ་བྱང་ཚོད་ལྟའི་ས་ཚིགས་དང་མཉམ་འབྲེལ་བྱས་ཏེ་ཨན་ཀེ་སིའི་བ་གླང་གི་མི་ཐབས་ཁམས་སྦྱོར་ལག་རྩལ་ཚོད་ལྟའི་དཔེ་སྟོན་གྲུབ་འབྲས་ཐོབ་པའི་ངང་སྤེལ། མ་དངུལ་སྒོར་ཁྲི101བརྩོན་ལེན་བྱས་ནས་ནོར་གནག་ལ་མི་ཐབས་ཁམས་སྦྱོར་ལག་རྩལ་ཁྱབ་གདལ་བཏང་ཞིང་། ནོར་གནག་ལ་ཁམས་སྦྱོར་ས་ཚིགས4དང་ནོར་གནག1000ལ་ཁམས་སྦྱར་ནས་ནོར་གནག་རྒྱུད་བཟང་ཅན་གྱི་ཆུ་ཚད་མཐོ་རུ་བཏང་། ནོར་གནག་གི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་གསོ་སྤེལ་གྱི་ཕན་འབྲས་སྔར་བས་ཆེ་རུ་ཕྱིན།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བདེ་འཇགས་སྲུང་ཡོལ་གྱི་ནུས་པ་འདོན་སྤེལ་བྱས། སྤུས་ཚད་མཐོ་བའི་ངང་དཔྱིད་དུས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཞིང་། མིག་སྔར་རྫོང་ཡོངས་ཀྱི་དཔྱིད་འགོག་ལས་དོན་ལེགས་གྲུབ་བྱུང་ཡོད། ཁ་ཚ་རྨིག་ཚའི་རིམས་ནད་ཕོག་པའི་ནོར་གནག་ཁྲི44.41དང་ལུག་ཁྲི121.77ལ་རིམས་འགོག་ཐོབ་པ་དང་། ཕག་ཁྲི0.0656ལ་རིམས་འགོག་ཐོབ། འགོས་ཤུགས་ཆེ་བའི་འདབ་ཆགས་ཆམ་རིམས་ཀྱི་རིམས་འགོག་བྱ་ཡུལ་ཁྲི0.0611ཟིན་ཡོད། ཞིང་ཆེན་དང་ཁུལ་རིམ་པའི་དམིགས་འཛུགས་ལྟ་ཞིབ་ཚད་ལེན་དང་སྲོག་ཆགས་ཀྱི་རིམས་ནད་གཙོ་བོར་ལྟ་ཞིབ་ཚད་ལེན་བྱེད་པའི་བླང་བྱ་ལྟར། ཕྱུགས་སྨན་ཚོད་ལྟ་ཁང་གིས་རིམས་ནད་ལྟ་ཞིབ་ཚད་ལེན་ཁག7099ལེགས་སྒྲུབ་བྱས་པའི་ནང་ཞིང་ཆེན་རིམ་པས་ཞིབ་བཤེར་ཁག820དང་། ཁུལ་རིམ་པས་ཞིབ་བཤེར་ཁག810དང་རྫོང་རིམ་པའི་ཚོད་ལྟ་ཁང་གིས་ཞིབ་དཔྱད་ཚད་ལེན་ཁག5469ལེགས་སྒྲུབ་བྱས་པས། ཞིབ་དཔྱད་ཚད་ལེན་བྱེད་ཚད100%ཟིན། མིག་སྔར་རྫོང་ཡོངས་ལ་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་མ་བྱུང་ཞིང་། རྫོང་ཡོངས་ཀྱི་ཕྱུགས་ལས་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་འགན་སྲུང་ནུས་ལྡན་བྱས་ཡོད།

ཡོང་སྒོ་འཕར་སྣོན་དང་ཁ་གསབ་གནས་སྤར་གྱི་ནུས་པ་འདོན་སྤེལ་བྱས། གྲོང་གསེབ་དར་སྤེལ་གཏོང་བའི་ལས་གཞིའི་རྒྱུ་ནོར་གཙང་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། “ཁག་གཅིག་བཞི”ཡི་བྱ་བའི་རྩིས་ཐོ་རིགས་དབྱེ་ནས་བཟོས་ཏེ། ཡོང་འབབ་བགོ་བཤའ་ཚད་ལྡན་དུ་བཏང་བ་དང་། རྒྱུ་ནོར་ཚད་ལྡན་ཅན་གྱི་གཉེར་སྐྱོང་དང་དོ་དམ་ལ་སྐུལ་འདེད་བཏང་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་དང་རོང་འབྲོག་མང་ཚོགས་ལ་རྒྱུན་མཐུད་དང་བརྟན་པོའི་ངང་ཡོང་སྒོ་འཕར་སྣོན་ཡོང་རྒྱུར་སྐུལ་ཁྲིད་བྱས། གྲོང་གསེབ་དར་སྤེལ་གཏོང་བའི་འབྲེལ་མཐུད་ལས་གཞིའི་ཐོན་ལས་དུད་ཚང་དུ་སླེབས་པའི་མ་དངུལ་སྤྱད་དེ། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་རྫོང་གི་གོ་སྐབས་དམ་པོར་བཟུང་ནས་གྲོང་གསེབ་ཀྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམ་འཛིན་ཤུགས་ཆེན་བྱས་ཏེ། གྲོང་གསེབ་ཀྱི་ཡུལ་སྐོར་དཔལ་འབྱོར་འཕར་གནས་གསར་བ་གསོ་སྐྱོང་ཤུགས་ཆེན་བྱས་པས་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན། རོང་འབྲོག་མང་ཚོགས་ལ་དབྱར་རྩྭ་དགུན་འབུ་དང་། སེར་ཤ། ནགས་ཚལ་ཤ་མོ་བཅས་འཚོལ་བསྡུ་བྱེད་རྒྱུར་སྐུལ་ལྕག་བྱས་ཏེ། མཚོ་སྔོན་མདོ་ལའི་སེར་ཤ་བསྡུ་འགྲེམས་ལྟེ་གནས་བཙུགས་ནས་ཞིང་འབྲོག་མང་ཚོགས་ཀྱི་གཉེར་སྐྱོང་རང་བཞིན་གྱི་ཡོང་སྒོ་མཐོ་རུ་ཏན་ཏིག་བཏང་། རྨོ་ཞིང་གི་ས་ཤུགས་སྲུང་སྐྱོབ་ཁ་གསབ་དང་རེས་སྐོར་གསུམ་པའི་རྩྭ་སའི་སྐྱེ་ཁམས་ཁ་གསབ་བྱ་དགའ་སོགས་ཞིང་ཕྱུགས་ལས་ཀྱི་གཏོང་སྤྲོད་སྤོ་སྒྱུར་ཁ་གསབ་དང་། ཞིང་ཕྱུགས་ལས་ཀྱི་དངུལ་བུན་ཁ་གསབ་སོགས་སྲིད་ཇུས་ཀྱི་ཁ་གསབ་དོན་འཁྱོལ་ནན་པོ་བྱས་ཏེ་ཁ་གསབ་བྱེད་དགོས་རིགས་ཚང་མ་ཁ་གསབ་བྱས།



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号