ཤ་བོ་སྐྱབས་ཀྱིས་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོ་རུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གནང་པ།

ཟླ8པའི་ཚེས1ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོར་བསྐྱོད་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གནང་སྟེ་ནན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་བྱས་ཏེ"མཚོ་བྱང་ལྔ"འཛུགས་སྐྲུན་བྱེད་སྐབས་བཅོས་སྒྱུར་གྱི་འགག་རྩའི་བྱེད་ཐབས་ཡག་པོ་སྤྱད་དེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་མཚོ་བྱང་གི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཟེར།

ཤ་བོ་སྐྱབས་ཝ་མགྱོགས་ཡུལ་ཚོ་དབུས་མདོ་སྡེ་བ་རུ་ཡོང་ནས"ཁོངས་མི་ལྔ་གཅིག་སྒྲིལ"གྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ་དང་། སྡེ་བའི་ལས་བྱེད་པ། ཏང་ཡོན། རོང་འབྲོག་མང་ཚོགས་བཅས་ཀྱི་འཐུས་མི་དང་གདན་ཐོག་གཅིག་ཏུ་འཛོམས་ཏེ་ཏང་གི་སྐབས་རིམ་བྱུང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ལ་ཕྱིར་དྲན་དང་། སྐབས་རིམ་བྱུང་གི་ཚང་འཛོམས་གྲོས་ཚོགས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་གསལ་འགྲེལ་གནང་ཞིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དུས་རབས་མཚམས་འབྱེད་ཀྱི་ལམ་ཚད་རྡོ་རིང་ལྟ་བའི་དོན་སྙིང་དང"དམ་པོར་དམིགས་པ་བདུན"གྱི་ནང་དོན་གལ་ཆེན་ལ་འགྲེལ་བཤད་གནང་བ་དང་།  མཚོ་བྱང་དང་མང་ཚོགས་ཀྱི་ཉེ་འགྲམ་དུ་བྱུང་བའི་འགྱུར་ལྡོག་ཆེན་པོར་བརྟེན་ནས་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་མི་རིགས་སོ་སོའི་མང་ཚོགས་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་རོལ་ཐུབ་བྱུང་བ་གསལ་བཤད་བརྒྱབ་ཅིང་། རང་ཉིད་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པའི་མྱོང་ཚོར་མཉམ་སྤྱོད་བྱས་ཏེ་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བླང་བྱ་བཏོན། 

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་ཡིན།    མཚོ་བྱང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་རྟོག་ཞིབ་བྱེད་ཡུལ་ཡིན་པས། ཁྱོན་ཡོངས་ནས་སྔར་ལས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བའི་ཁྲོད“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”གྱི་འགན་འཁྲི་འཁུར་དགོས་ཤིང་། “ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ནས“ལོ་གཅིག་ལ་སྒྲུབ་པ་དང་ལོ་གསུམ་ལ་ལྟ་བ། ལོ་བཅུ་ལ་ཇུས་གཞི་བཟོ་བའི”སྙིང་སྟོབས་ཐོག་ནས་བཅོས་སྒྱུར་བྱ་བའི་ཁྲོད་ཞུགས་དགོས་ཏེ། གཅིག་ནས་བཅོས་སྒྱུར་གྱི་བསམ་བློ་དང་བྱེད་ཐབས་སྤྱད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱེད་དགོས། “གཏན་ནས་མི་བྱེད་པ་ལྔའི”བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་བྱེད་པ་དང་རང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞིར་བྱེད་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་མགྱོགས་མྱུར་འཛུགས་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། ཙོང་ཆུའི་འབབ་རྒྱུད་ཀྱི་དོ་དམ་སྲུང་སྐྱོབ་མཉམ་འགོག་མཉམ་སྡོམ་དང་། བར་དམ་ཆུའི་འབབ་རྒྱུད་ཀྱི་སྲུང་སྐྱོབ་མནའ་འབྲེལ་དང “ཁོངས་མི་ལྔ་གཅིག་སྒྲིལ་གྱི”སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རང་བྱུང་སྐྱེ་ཁམས་བརྟན་སྲུང་ཡག་པོ་བྱེད་དགོས། གཉིས་ནས་བཅོས་སྒྱུར་གྱི་བསམ་བློ་དང་བྱེད་ཐབས་སྤྱད་དེ་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཡག་པོ་གཏོང་དགོས། “ཐོན་ལས་ཆེ་གྲས་ལྔར”དམིགས་ཏེ་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”བཟོ་སྐྲུན་ཆ་ཚང་ལ་སྐུལ་འདེད་ཏན་ཏིག་བཏང་ནས"རླབས་ཕྲེང་དགུང་དུ་འཕྱོ་བའི་མཚོ་སྔོན་པོ་དང་མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི”ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ས་ཁོངས་སྤྱི་སྤྱོད་ཆས་རྟགས་བཏོད་ནས“མཚོ་སྔོན་གྱི་ཕྱུགས་ལས་མཚོ་འཁོར་ལ་ལྟ་བ་དང་མཚོ་འཁོར་གྱི་ཕྱུགས་ལས་མཚོ་བྱང་ལ་ལྟ་བའི”མཚན་སྙན་མུ་མཐུད་མཐོ་རུ་གཏོང་དགོས། གསུམ་ནས་བཅོས་སྒྱུར་གྱི་བསམ་གཞིགས་དང་བྱེད་ཐབས་སྤྱད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་ཡག་པོ་གཏོང་དགོས།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་མི་རིགས་བྱ་བའི་གཙོ་ཐིག་འདི་དམ་འཛིན་ནན་མོ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི“གཅིག་ཅན་བཅུ་གསུམ”དང“བསྐྱོད་པ་བཅུ་གཉིས”ཀྱི་བྱེད་སྒོ་མུ་མཐུད་སྤེལ་བ་དང་། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། བཞི་ནས་བཅོས་སྒྱུར་གྱི་བསམ་གཞིགས་དང་བྱེད་ཐབས་སྤྱད་དེ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཡག་པོ་གཏོང་དགོས། ཞིང་ཆེན་ཡོངས་ཀྱི“ལྟེ་གཅིག་གདུབ་གཅིག་སྣེ་མང”གི་ཡུལ་སྐོར་འཐབ་ཇུས་བཀོད་སྒྲིག་ནང་རང་འགུལ་མཉམ་འདྲེས་བྱས་ཏེ། རང་བྱུང་སྲུང་སྐྱོབ་ཁུལ་འཆར་འགོད་ལེགས་སྒྲིག་གི་གོ་སྐབས་དམ་འཛིན་བྱས་ནས“123”Aརིམ་པའི་ལྗོངས་ཁུལ་གཏོད་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་རྟ་རྒྱུག་དང་མདའ་འཕེན། རྐང་བགྲོད། ལྕགས་རྟ་བཅས་ཆས་རྟགས་ཆེ་གྲས་བཞིའི་འགྲན་སྡུར་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་དགོས། ལྔ་ནས་བཅོས་སྒྱུར་གྱི་བསམ་གཞིགས་དང་བྱེད་ཐབས་སྤྱད་དེ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཡག་པོ་བྱེད་དགོས། སློབ་གསོའི་དམིགས་བསལ་གྱི་གོ་གནས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་འཇོན་མི་གསོ་སྐྱོང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོར་གཉེར་དགོས། ལས་རིགས་གསར་པའི་ཞིང་པ་གསོ་སྐྱོང་ཤུགས་ཆེན་བྱེད་པ་དང་རྩལ་ནུས་ལག་རྩལ་སྣ་ཚོགས་གསོ་སྦྱོང་བྱས་ཏེ་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་དགོས།  “རྒན་པ་དང་བྱིས་པའི”གནད་དོན་ལ་དམ་པོར་དམིགས་ནས“བདེ་སྐྱིད་ཟ་ཁང”ཡག་པོར་གཉེར་དགོས།  “རིམ་པ་བཞིའི”སྨན་བཅོས་ཐོན་ཁུངས་ཀྱི་ཚད་གཞི་རིམ་སྤོར་ཇེ་མགྱོགས་སུ་བཏང་ནས་གཞི་རྩའི་འགན་སྲུང་གཅིག་གྱུར་གྱིས་ལེགས་པོར་བསྒྲུབ་དགོས། དྲུག་ནས་བཅོས་སྒྱུར་གྱི་བསམ་གཞིགས་དང་བྱེད་ཐབས་སྤྱད་དེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཡག་པོ་བྱེད་དགོས། ཞིང་ཆེན་ཏང་ཨུའི“གཅིག་ཅན་དྲུག”གི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ཏེ།  དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”དང་མདའ་བཞི་རྫོང་གི“ཆུང་བ་དྲུག”གི་བྱ་བའི་བྱེད་ཐབས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། གཞི་རིམ་བཅོས་སྐྱོང་གི་སྣ་མང་མཉམ་སྐྱོང་ལ་སྐུལ་འདེད་གཏོང་དགོས།  སྡེ་བའི(སྡེ་ཁུལ)“བཅུ་ལྡན”བཟོ་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱེད་ཐབས་དོན་འཁྱོལ་བྱ་དགོས།  སྡེ་བའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལེགས་འདེམས་དང་སྟོབས་ཤུགས་ཆེ་རུ་གཏོང་རྒྱུར་ཤུགས་བསྣན་ཏེ་སྡེ་བ་རིམ་པའི་རྗེས་གྲབས་སྟོབས་ཤུགས་གསོ་སྐྱོང་དང་གསོག་འཇོག་ཡག་པོ་བྱེད་དགོས་ཟེར།     

ཝ་མགྱོགས་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་དང་དབུས་མདོ་སྡེ་བའི་ཀྲི་པུའི་ཧྲུའུ་ཅི།  མཚོ་ཆུང་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ། “ཁོངས་མི་ལྔ་གཅིག་སྒྲིལ་གྱི”སྐྱེ་ཁམས་དོ་དམ་སྲུང་སྐྱོབ་མི་སྣའི་འཐུས་མི་བཅས་ཀྱིས་གྲོང་གསེབ་དར་སྤེལ་དང་ཐོན་ལས་འཕེལ་རྒྱས། མང་ཚོགས་འབབ་འཕར། སྐྱེ་ཁམས་ཁོར་སྲུང་བཅས་ལ་དམ་པོར་དམིགས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ངོས་འཛིན་དང་མྱོང་ཚོར་གླེང་མོལ་བྱས། ཚང་མས་གཅིག་རྗེས་གཉིས་མཐུད་དུ་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། སྔར་ལས་བློ་བརྟན་འགྱུར་མེད་ཀྱིས“ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པར”བྱས་ཏེ་འབད་བརྩོན་ལེན་ལྷོད་མེད་རྒྱུན་འཁྱོངས་ཀྱིས་སྔར་བས་མཛེས་སྡུག་ལྡན་པའི་འཚོ་བ་གསར་སྐྲུན་བྱ་རྒྱུ་ཡིན་ཞེས་བཤད།

དེའི་རིང་། ཤ་བོ་སྐྱབས་ཀྱིས་ད་དུང་ཝ་མགྱོགས་ཡུལ་ཚོ་མཚོ་ཆུང་སྡེ་བའི་ཏང་ཡོན་བྱེད་སྒོ་ཁང་དང་མཚོ་སྔོན་པོ་ཡུལ་སྐོར་ངལ་གསོ་ས་ཚིགས་སོགས་སུ་སྡེ་བའི"བཅུ་ལྡན"བཟོ་སྐྲུན་དང་སྡེ་བའི་ཐུན་མོང་དཔལ་འབྱོར། ཕྱུགས་ལས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་།

ཁུལ་གྱི་མགོ་ཁྲིད་མགོན་པོ་ཚེ་བརྟན་དང་སངས་འབུམ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号