མཚོ་བྱང་ཁུལ་གྱིས་ས་གནས་ཀྱི་བུན་འཁྲིའི་ཉེན་ཁ་སྔོན་འགོག་དང་སེལ་བའི་བྱ་བའི་བརྙན་ལམ་ཚོགས་འདུ་འཚོགས་པ། 

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་ཞུས་ནས་གསུང་བཤད་གནང་།

ཟླ5པའི་ཚེས8ཉིན། མཚོ་བྱང་ཁུལ་གྱིས་ས་གནས་ཀྱི་བུན་འཁྲིའི་ཉེན་ཁ་སྔོན་འགོག་དང་སེལ་བའི་བྱ་བའི་བརྙན་ལམ་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཡོངས་ཀྱི་ས་གནས་བུན་འཁྲིའི་ཉེན་ཁ་སྔོན་འགོག་དང་སེལ་བའི་བྱ་བའི་བརྙན་ལམ་ཚོགས་འདུའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། ད་ལོའི་ཁུལ་ཡོངས་ཀྱི་ས་གནས་བུན་འཁྲིའི་ཉེན་ཁ་སྔོན་འགོག་དང་སེལ་བའི་བྱ་བ་བཀོད་སྒྲིག་བྱས།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་ཞུས་ནས་གསུང་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྲི་ཧུང་ཀྲན་ཚོགས་འདུར་ཕེབས།

ཚོགས་འདུའི་ཐོག་བསྟན་དོན། ན་ནིང་ནས་བཟུང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་ནན་ཏན་བྱས་ཏེ་གསོག་ཚད་བརྟན་པོའི་ངང་སེལ་བ། བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་འཕར་ཚད་ཚོད་འཛིན་ནན་མོ་བཅས་བྱས་པས་ས་གནས་ཀྱི་བུན་འཁྲིའི་ཉེན་ཁ་སྔོན་འགོག་དང་སེལ་བའི་བྱ་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། མ་འོངས་པར་ཁུལ་ཡོངས་ཀྱི་ས་གནས་བུན་འཁྲིའི་ཉེན་ཁ་སྔོན་འགོག་དང་སེལ་བའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བདེ་འཇགས་དང་འཕེལ་རྒྱས་གཅིག་གྱུར་འཆར་འགོད་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ལངས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་སྔར་བས་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། མཐའ་ཚད་ཀྱི་བསམ་བློ་བརྟན་པོར་འཛུགས་པ། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་མཉམ་ཤུགས་ཏན་ཏིག་ཆགས་པར་བྱེད་པ་དང་བུན་འཁྲི་སྒྱུར་བའི་བྱ་བ་སོ་སོ་བརྟན་པོའི་ངང་ཧུར་ཐག་བསྒྲུབ་སྟེ་ས་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས་ཟེར།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཉེན་ཁ་ཚོད་འཛིན་ནན་མོ་བྱས་ཏེ"བསྐྱིས་པ་དང་སྤྱོད་པ། དོ་དམ། ཕྱིར་སྤྲོད"བཅས་འགག་རྩའི་ལྷུ་ཚིགས་བཞིར་དམ་པོར་དམིགས་ནས་ཕུགས་ཕན་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་པ་དང་མངོན་མེད་བུན་འཁྲི་གསར་སྣོན་གཏན་འགོག་བྱས་ཏེ། ཐབས་ལམ་མང་པོའི་ཐོག་ནས་མ་དངུལ་གྲབས་གསོག་བྱས་ཏེ་བུན་འཁྲི་སེལ་དགོས། འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ"ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"གྱི་བླང་བྱར་དམིགས་པ་དང་སྐྱེ་ཁམས་ཕྱུགས་ལས་ཀྱི"གཅིག་ཅན་དགུའི"བཟོ་སྐྲུན་ཆ་ཚང་གི་དམིགས་ཚད་རྒྱ་སྐྱེད་དང་བཟོ་ལས་མཐོར་འདེགས་ལོ། "123"Aརིམ་པའི་ལྗོངས་ཁུལ་གསར་སྐྲུན། ལྗང་མདོག་རྩིས་ནུས་སོགས་ལྟེ་བའི་བྱ་བར་དམིགས་ནས། སྤུས་ལེགས་ཁྲལ་ཁུངས་རྒྱུན་མཐུད་ངང་སྐྱེད་སྲིང་དང་གསོ་སྐྱོང་གིས་འཕེལ་རྒྱས་ཀྱི་བྱེད་ཐབས་སྤྱད་དེ་བུན་འཁྲིའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། ལས་གཞི་ལ་དོ་དམ་ནན་མོ་བྱས་ཏེ"གལ་ཆེན་གསུམ་དང་འབོར་ཆེན་གཅིག"དང་སྲིད་གཞུང་གི་མ་འཇོག་ལས་གཞི་རིམ་སྤོར་དོ་དམ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་སྒྲིག་འགལ་ངང་བུ་ལོན་བསྐྱིས་པ་དང་རྣམ་པ་འགྱུར་བའི་བུ་ལོན་བསྐྱིས་པ་སོགས་ཀྱི་ཐབས་ལམ་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། འབྱུང་རྩ་ནས་མངོན་མེད་རྐྱེན་ངན་མེད་པར་བཟོ་བ་དང་ཉེན་ཁ་ཆུང་དུ་གཏོང་དགོས། སྒྲིག་ཁྲིམས་ནན་དུ་བཏང་ནས་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཉུང་དུ་གཏོང་པ་དང"གཞུང་གི་གྲོན་དངུལ་གསུམ"ཚོད་འཛིན་ནན་མོ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ"འཚོ་བ་བབ་ཆགས་སྐྱེལ་བའི"བླང་བྱ་བརྟན་པོ་འཛུགས་དགོས། འགན་འཁྲི་ནན་དུ་གཏོང་པ་དང་ཕྱོགས་སོ་སོའི་ཐོན་ཁུངས་སྟོབས་ཤུགས་བསྡུ་སྒྲིལ་དང་བཀོད་གཏོང་བྱས་ཏེ། ས་ཁུལ་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བར་དམིགས་ནས་ལས་འགན་ཁག་བགོས་ཞིབ་ཚགས་སུ་གཏོང་པ་དང་། སྲིད་ཇུས་འདང་ངེས་སྤྱོད་པ་དང་ཕྱོགས་མང་པོའི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། ས་གནས་ཀྱི་བུ་ལོན་སྔོན་འགོག་དང་སེལ་བའི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས་ཟེར།

ཚོགས་འདུའི་ཐོག ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་གོམ་སྟབས་རྗེས་མའི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས་ལ། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེ་བཞིན་ཞིང་ཆེན་ཡོངས་ཀྱི་ས་གནས་བུན་འཁྲིའི་ཉེན་ཁ་སྔོན་འགོག་དང་སེལ་བའི་བྱ་བའི་བརྙན་ལམ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས། འཇུ་ལག་རྫོང་དང་མདོ་ལ་རྫོང་། རྐང་ཚ་ཞིང་ལས་ཚོང་ལས་དངུལ་ཁང་། ཀྲུང་གོའི་མི་དམངས་དངུལ་ཁང་མཚོ་བྱང་ཡན་ལག་དངུལ་ཁང་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད་སྤེལ།

ཚོགས་འདུ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། སུང་ཞུག་ཙུང་། སི་ཅི་ཧྲིན། ཀརྨ་ཚེ་རིང་བཅས་ཁུལ་གྱི་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号