མདོ་ལ་རྫོང་གིས་བདེ་འཇགས་ཐོན་སྐྱེད་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་

དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་།

ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཤིང་། ཞིང་ཆེན་དང་ཁུལ་ཏང་ཨུ་དང་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་བྱ་བའི་སྐོར་གྱི་བཀོད་སྒྲིག་བླང་བྱ་རབ་དང་རིམ་པ་གཞིར་བཟུང་། བདེ་འཇགས་ཐོན་སྐྱེད་ཀྱི“5685”བྱ་བའི་ལམ་སྲོལ་དང“ཡོད་པ་དྲུག་དང་ངེས་པར་དུ་དྲུག”གི་བྱ་བའི་བླང་བྱ་དོན་འཁྱོལ་བྱ་རྒྱུ་ཤུགས་རྒྱག་སར་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་བྱ་སྤྱོད་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱས་ཤིང་། བདེ་འཇགས་དོགས་ཟོན་དང་མཁོ་བསྟུན་ཐག་གཅོད་ཀྱི་བྱ་བ་སོ་སོ་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ་རྫོང་ཡོངས་ཀྱི་བདེ་འཇགས་གནས་བབ་སྤྱིའི་ཆ་ནས་བརྟན་ལྷིང་བྱུང་ཡོད། 

མཐོ་ས་ནས་བཀོད་སྒྲོག་འཆར་འགོད་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དུ་བཏང་། ཚོགས་འདུ་གལ་ཆེན་རིགས་ཀྱི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དུས་ཐོག་ཏུ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། བདེ་འཇགས་ཐོན་སྐྱེད་བྱ་བར་སྐུལ་འདེད་བཏང་བའི་གནས་ཚུལ་སྙན་ཞུ་ཐེངས6ཉན་པ་དང་འབྲེལ་བཀོད་སྒྲིག་བྱས། བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་ཚོགས་འདུ་དང་། རང་བྱུང་གནོད་འཚེའི་དུས་བབ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་ཚོགས་འདུ། བདེ་འཇགས་དོགས་ཟོན་བྱ་བའི་བརྙན་ལམ་བཀོད་གཏོང་ཚོགས་འདུ་སོགས་ཐེངས14སྒྲིག་འཛུགས་བྱས་ནས་སྐོང་འཚོགས་བྱས་པ། 《མདོ་ལ་རྫོང་གི་བདེ་འཇགས་ཐོན་སྐྱེད་ཀྱི“5685”བྱ་བའི་ལམ་སྲོལ་གྱི་འགན་འཁྲི་ལས་བགོས་ཇུས་གཞི》སོགས་ཡིག་ཆ14པར་འགྲེམས་བྱས། “དུས་ཆེན་གཉིས”དང“ཚོགས་འདུ་གཉིས”སོགས་གཙོ་གནད་དུས་མཚམས་སུ་བདེ་འཇགས་དོགས་ཟོན་བྱ་བའི་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་ཐེངས8བྱས་པ་དང་། ཐོན་སྐྱེད་གཉེར་སྐྱོང་ཚན་པ་སྣ་ཚོགས་ཐེངས14ལ་ཞིབ་བཤེར་བྱས་པ། གནད་དོན་བྱུར་རྐྱེན་སོ་སོ22ཤེས་རྟོགས་དང་བཅོས་སྒྲིག་བྱས།

ཕྱོགས་ཡོངས་ནས་གྲལ་བཤེར་བཅོས་སྒྲིག་བྱས་ཏེ་བྱུར་རྐྱེན་བཅོས་སྒྲིག་གི་ཕན་འབྲས་ཇེ་ཟབ་ཏུ་བཏང་། ཆེད་དོན་རྟོག་འདོམས་ཞིབ་བཤེར་ཚན་ཁག་བཙུགས་ནས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”དང་། མངོན་ཞིབ་ལྐོག་བཅར་སོགས་ཀྱི་བྱེད་ཐབས་སྤྱད་དེ་རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སོལ་རླངས་དང་། དམིགས་བསལ་སྒྲིག་ཆས། གཞུང་ལམ་འགྲིམ་འགྲུལ། བཟོ་གཏེར་ཚོང་དོན། “འདུ་ར་ཆུང་གྲས་དགུ”སོགས་གཙོ་གནད་ཁྱབ་ཁོངས་དང་མི་སྣ་འདུ་འཛོམས་ཆེ་བའི་ས་ཆ30ལྷག་ལ་མ་ལུས་ཡོངས་ཁྱབ་དང་། ཁྱབ་ཁོངས་ཡོངས། གྲུ་ཟུར་གཅིག་ཀྱང་མ་ལུས་པའི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས། རིམ་རྩིས་བྱས་ན་གཙོ་གནད་ཡུལ་གྲོང་དང་སྡེ་ཚན། ཁེ་ལས་བཅས73ལ་བསྐྱོད་དེ་གནད་དོན་བྱུར་རྐྱེན248ལ་གྲལ་བཤེར་བཅོས་སྒྲིག་བྱས། ལས་རིགས་སོ་སོ་དང་ཁྱབ་ཁོངས་ཁག་གི་བདེ་འཇགས་བྱུར་རྐྱེན་གྲལ་བཤེར་དང་བཅོས་སྒྲིག་ལ་དམ་པོར་དམིགས་ནས་བྱ་བའི་ཇུས་གཞི་དང་བརྡ་ཐོ14བཏང་ཞིང་། བཀོད་སྒྲིག་ཚོགས་འདུ་ཐེངས40ལྷག་དང་བཀོད་གཏོང་ཚོགས་འདུ་ཐེངས11འཚོགས་པ། ཁེ་ལས(ཚན་པ)264ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ། བྱུར་རྐྱེན་ཁག157ཤེས་རྟོགས་བྱུང་བ་དང་འབྲེལ་བཅོས་སྒྲིག་བྱས།

སྔོན་འགོག་གཙོ་བོར་བྱས་ནས་རང་བྱུང་གནོད་འཚེ་འགོག་བཅོས་ལ་དམ་འཛིན་ཏན་ཏིག་བྱས། “མདོ་ལ·2024”ས་ཡོམ་མཁོ་བསྟུན་གྱི་ཅོག་ཙེའི་སྦྱོང་བརྡར་དང་མཐོ་རིམ་ཁང་པའི་མེ་གསོད་རོགས་སྐྱོབ་ཀྱི་འཕྲལ་སྡོམ་མཉམ་འབྲེལ་སྦྱོང་བརྡར་སོགས་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་ལ་ཟླ་རེར་མཁོ་བསྟུན་ཁ་འགྲེམ་སྦྱོང་བརྡར་ཐེངས་རེ་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ་བྱ་བའི་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་མཐུན་སྦྱོར་ཐུབ་པ་དང་། བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་དང་ནུས་པ་ཆེ་རུ་ཕྱིན་ནས་སྔོན་དཔག་གི་ཕན་འབྲས་ལ་ཐོན་ཡོད་པ་རེད། གནམ་གཤིས་འགྱུར་ལྡོག་གི་དྲན་སྐུལ་ལ་དམིགས་ནས་དུས་ཐོག་ཏུ་མཉམ་འབྲེལ་ཐོག་གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་བྱས་ཏེ་དྲོད་ཚད་དམའ་བའི་གངས་ཆར་འཁྱགས་པ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སོགས་ཀྱི་གནོད་འཚེར་ལྟ་ཞིབ་ཚད་ལེན་ནན་མོ་བྱས་ཏེ་གནམ་གཤིས་འགྱུར་ལྡོག་དང་ཤུགས་རྐྱེན་ཕོག་པའི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་། མཁོ་བསྟུན་སྔོན་བརྡའི་དྲན་སྐུལ་ཆ་འཕྲིན་ཐེངས25ཡོངས་བསྒྲགས་བྱས། ཡུལ་གྲོང་དང་སྡེ་ཚན་སོ་སོས་དོགས་ཟོན་ཁ་གཏད་གཅོག་པའི་བྱ་བར་ཤུགས་སྣོན་པར་རྟོག་འདོམས་བྱས་ནས་ཕྱོགས་ཡོངས་ནས་གནོད་འགོག་ཉེན་ཟོན་གྱི་བྱེད་ཐབས་ལེགས་པོར་བཟོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号