ཤ་བོ་སྐྱབས་ཀྱིས་སྣེ་ཁྲིད་དེ་ཀྲེ་ཅང་ཞིང་ཆེན་རྟེན་མཛོད་ཁང་དང་ཧང་ཀྲོའུ་རྟེན་མཛོད་ཁང་དུ་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་བསྐྱོད།

ཟླ3པའི་ཚེས9ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་སྣེ་ཁྲིད་དེ་ཀྲི་ཅང་ཞིང་ཆེན་རྟེན་མཛོད་ཁང་དང་ཧང་ཀྲོའུ་རྟེན་མཛོད་ཁང་དུ་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་བསྐྱོད།


ཀྲེ་ཅང་ཞིང་ཆེན་རྟེན་མཛོད་ཁང་དང་ཧང་ཀྲོའུ་རྟེན་མཛོད་ཁང་དུ་ཤ་བོ་སྐྱབས་འཁོར་དང་བཅས་པས་ལོ་རྒྱུས་རིག་གནས་སྒྲིག་གཤོམ་དང་གནའ་རབས་རྫ་ཆས་རིགས། ཉིན་ཧྲོ་ཕིན་ཡོན་གྱི་སྲོལ་རྒྱུན་གཉེན་སྲོལ་དང་བག་རྫོངས་སོགས་འགྲེམས་སྟོན་ཚོམས་ཆེན་སོགས་ལ་ལྟ་སྐོར་བྱས་ཤིང་། རྟེན་མཛོད་ཁང་གི་འཛུགས་སྐྲུན་དང་སྒྲིག་གཤོམ་བཀོད་སྒྲིག ཁྱད་ལྡན་འགྲེམས་སྟོན། དོ་དམ་ཞབས་ཞུ། རིག་གནས་གསར་རྩོམ་གྱི་ཐོན་རྫས་གསར་གཏོད་དང་དྲིལ་སྒྲོག་འོས་སྦྱོར་སོགས་སྐོར་གྱི་རྒྱལ་ཁའི་ཉམས་མྱོང་ལ་རྒྱུས་ལོན་ཟབ་མོ་བྱས། ཚང་མས་བསམ་པར་རྟེན་མཛོད་ཁང་གཉིས་ཀྱི་འཛུགས་སྐྲུན་གྱི་ཁྱད་ཆོས་མངོན་གསལ་ཡིན་པ་དང་སྒྲིག་ཆས་སྔོན་ཐོན་ཡིན་པ། རིག་དངོས་བཤམས་སྟོན་སྣ་མང་ཕུན་སུམ་ཚོགས་པ། རིགས་སྣ་འཛོམས་པ། སྒྲིག་གཤོམ་ཇུས་འགོད་ཚན་རིག་ལུགས་མཐུན་ཡིན་པ་དང་གོ་རིམ་ལྡན་པས། དེ་ལ་རང་གཤིས་ཅན་དང་སྣ་མང་ཅན། སྤུས་ལེགས་ཅན་གྱི་ཁྱད་ཆོས་མངའ་བར་མ་ཟད། ཚན་རྩལ་ཚོར་བ་དང་ཉམས་ལེན་ཚོར་བ་ཤུགས་དྲག་ལྡན་ལ། ཕྱོགས་ཡོངས་དང་ཟུར་མང་པོ་ནས་ཀྲེ་ཅང་ས་ཁུལ་གྱི་ལོ་རྒྱུས་དུས་རབས་སོ་སོའི་ཆེས་ཚབ་མཚོན་རང་བཞིན་ལྡན་པའི་རིག་དངོས་དང་རིག་གནས་ཀྱི་རྟགས་ཐམ་མངོན་པར་བྱས་ཡོད་པ་དང་། ཡུལ་སྐོར་བ་མང་པོ་སློབ་སྦྱོང་དང་ལྟ་སྐོར་དུ་ཡོང་བར་ཡིད་སེམས་བཀུག་ཡོད་པས། ཀྲེ་ཅང་གི་རིག་གནས་སྣང་བརྙན་ཡག་པོ་མངོན་པའི་སྒེའུ་ཁུང་ལྟ་བུ་གྱུར་ཡོད་ཅིང་། མཚོ་བྱང་གི་སྤུས་ཚད་མཐོ་བའི་རྟེན་མཛོད་ཁང་བསྐྲུན་པ་དང་དོ་དམ། བཀོལ་སྤྱོད་ཀྱི་ཆུ་ཚད་མུ་མཐུད་ཇེ་མཐོར་གཏོང་བ་དང་། རིག་གནས་ཀྱིས་ཡུལ་སྐོར་བཞེངས་པ་དང་ཡུལ་སྐོར་གྱིས་རིག་གནས་གསར་རྩོམ་ལ་སྐུལ་འདེད་དང་། མཚོ་བྱང་གི་གཏམ་རྒྱུད་ཡག་པོ་བཤད་པ་དང་མཚོ་བྱང་གི་སྐད་སྙན་ཡག་པོ་སྒྲོག་པར་ཟུར་ལྟ་དང་བློ་སྒོ་འབྱེད་པར་དོན་སྙིང་ལྡན་པར་བསྟན།


ཤ་བོ་སྐྱབས་ཀྱིས་བསྟན་དོན། མཚོ་བྱང་ཁུལ་ནི་མཚོ་སྔོན་པོ་བྱང་འགྲམ་དང་མདོ་ལ་རི་བོའི་འདབས་རོལ། གཙང་བོ་གསུམ་གྱི་མགོ་ཁུངས་སུ་གནས་ཡོད། དམིགས་བསལ་གྱི་ས་ཁམས་གནས་ཡུལ་དང་མི་ཆོས་ཁོར་ཡུག་འོག ཁུ་ནུ་རིག་གནས་དང་རྨ་ཆུ་རིག་གནས། ལྕགས་རི་རིང་བོ་རིག་གནས། དཔའ་རིས་རྒྱན་གོས། འཚེམ་དྲུབ་སོགས་སྲོལ་རྒྱུན་ལག་རྩལ་གྱི་རྒྱུན་འཛིན་གྱི་རྒྱུན་རིང་ལ། མཚོ་མཆོད་དང་བོད་ཀྱི་ཟློས་གར། ཧུའེ་རིགས་ཀྱི་གསོལ་སྟོན་གླུ་གཞས་སོགས་སྲོལ་རྒྱུན་རིག་གནས་དར་སྤེལ་གྱི་དུས་རིང་བས། ང་ཚོའི་རིག་གནས་ཀྱི་ཁྲག་རྒྱུན་བསྐྱངས་ཏེ་རིག་གནས་ཐོན་ཁུངས་གསར་འབྱེད་བྱེད་དགོས་པ་དང་། རིག་གནས་གསར་རྩོམ་གྱི་ཐོན་རྫས་གསར་གཏོད་ལ་ཤུགས་སྣོན་པ་དང་མཚོ་བྱང་ཁུལ་རྟེན་མཛོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཟེར།



ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། རྟེན་མཛོད་ཁང་གིས་རིག་དངོས་དང་ཤུལ་བཞག་རིག་གནས་གསོན་ཤུགས་བསྩོལ་བའི་ལས་འགན་གལ་ཆེན་ཕྲག་ཏུ་འཁུར་ཡོད། མིག་སྔར་རྨ་ཆུ་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་གཟུགས་འདས་ཤུལ་བཞག་རིག་གནས་ཁང་དང་ལྕགས་རི་རིང་པོ་རྒྱལ་ཁབ་རིག་གནས་སྤྱི་གླིང་འགྲེམས་སྟོན་ཁང་གི་རིག་དངོས་བསྡུ་རུབ་དང་རྟེན་རྫས་ཉར་ཚགས་ཕུན་སུམ་ཇེ་ཚོགས་སུ་གཏོང་བཞིན་ཡོད་པ་དང་། མཚོ་སྔོན་པོ་སྐྱེ་ཁམས་རྟེན་མཛོད་ཁང་དང་ནུབ་མཚོ་ཅུན་རྟེན་མཛོད་ཁང་གི་འགྲེམས་སྟོན་བརྗེ་རེས་དང་ཤུགས་རྐྱེན་ཆེ་རུ་གཏོང་བཞིན་ཡོད། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་རྟེན་གཞི། གཞོན་ནུ་ལོ་ཆུང་གི་གསར་བརྗེའི་ཉམས་ཞིབ་སྒར་ས། མདོ་ལ་རྫོང་གསར་བརྗེའི་ཉམས་ཞིབ་རྟེན་གཞི་བཅས་ཀྱི་ཞབས་ཞུ་མཐོར་འདེགས་དང་ཉམས་ཞིབ་སྤེལ་བའི་གནད་འགག་གི་དུས་སྐབས་ཤིག་ཡིན་པས། རྫོང་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་རིག་གནས་རྒྱུན་འཛིན་དང་རྟེན་མཛོད་ཁང་གི་དམིགས་ཚད་རིམ་སྤོར་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྔོན་ཐོན་ས་ཁུལ་དང་བརྗེ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་དེང་རབས་ཀྱི་དོ་དམ་བྱེད་སྟངས་དང་སྔོན་ཐོན་གྱི་གཉེར་སྐྱོང་འདུ་ཤེས་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས། ཚད་གཞི་མཐོན་པོའི་སྒོ་ནས་ཁུལ་དང་རྫོང་གི་རྟེན་མཛོད་ཁང་བསྐྲུན་ཏེ"དག་སྣང་མཚོ་བྱང"གི་ཡིད་དབང་འཕྲོག་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པའི་རིག་གནས་ཀྱི་ལྡིང་ཆ་ཆགས་པར་བྱེད་པ། ཡུལ་སྐོར་བར་མཚོ་བྱང་གི་རིག་གནས་ལོ་རྒྱུས་འཚོལ་ཞིབ་དང་རྒྱུས་ལོན་བྱེད་པར་སྟེགས་བུ་ནུས་ལྡན་མཁོ་འདོན་བཅས་བྱེད་དགོས་ཟེར།

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་ཨ་ཁྱུང་། ཁུལ་སྲིད་ཁྲིམས་དང་འཕེལ་སྒྱུར། རིག་གནས་ཡུལ་སྐོར། རྫོང་བཞིའི་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་རྟོག་ཞིབ་ལ་ཕེབས་རོགས་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号