ཤ་བོ་སྐྱབས་ཀྱིས་སྣེ་ཁྲིད་དེ་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཨན་ཅི་རྫོང་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དམངས་སྲོལ་ཐོན་ལས་འཕེལ་རྒྱས་ཀྱི་བྱ་བར་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད

ཟླ3པའི་ཚེས8ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་སྣེ་ཁྲིད་དེ་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཨན་ཅི་རྫོང་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དམངས་སྲོལ་ཐོན་ལས་འཕེལ་རྒྱས་ཀྱི་བྱ་བར་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད། ཧུའུ་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཧོས་ཕེབས་རོགས་གནང་ལ། གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུའམ་ཨན་ཅི་རྫོང་ཨུའི་ཧྲུའུ་ཅི་དབྱང་ཝུ་ཏུང་དང་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝང་ཙུང་མིང་བཞུགས་མོལ་ཚོགས་འདུར་ཞུགས།

ཤ་བོ་སྐྱབས་འཁོར་དང་བཅས་པ་ཐེན་ཧོང་ཕིང་གྲོང་རྡལ་ཡུས་སྡེ་བའི་ཡུལ་སྐོར་ཞབས་ཞུ་ལྟེ་གནས་དང"རི་བོ་གཉིས"ཀྱི་ཚོགས་གནས་སྤྱི་གླིང་། རིག་གནས་ཚོམས་ཁང་སོགས་སུ་བསྐྱོད་དེ་ཡུལ་དངོས་ནས"རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི"འདུ་ཤེས་ལ་སློབ་སྦྱོང་དང་མྱོང་ཚོར་ཟབ་མོ་བྱས་པ་དང་། ཡུས་སྡེ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་སོགས་ཀྱི་བྱ་བའི་ཁྲོད་ཀྱི་ཉམས་མྱོང་དང་བྱེད་ཐབས་ལ་སློབ་སྦྱོང་དང་རྟོག་ཞིབ་གནང་། ཚང་མས་ཡུས་སྡེ་བའི་ལོ་བཅུ་ལྷག་རིང་གི་འཕོ་འགྱུར་ཆེན་པོ་ནི་བློ་བརྟན་འགྱུར་མེད་ངང"རི་བོ་གཉིས"ཀྱི་འདུ་ཤེས་ལག་བསྟར་བ་དང"གཏེར་རིའི་དཔལ་འབྱོར"ནས"མཛེས་སྡུག་ལྡན་པའི་དཔལ་འབྱོར"དུ་འགྱུར་བར་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་པས་དུས་རབས་གསར་པའི་གྲོང་གསེབ་ཀྱི་སྐྱེ་ཁམས་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དཔེ་སྟོན་དང་མ་དཔེ་མཁོ་འདོན་བྱས་ཡོད་པའི་ངོས་འཛིན་གཅིག་མཐུན་བྱས། ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་ནི་མདོ་ལ་རིང་མོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་ལྟེ་བའི་ས་ཁོངས་སུ་གནས་ཡོད་པས་སྐྱེ་ཁམས་ཀྱི་གནས་བབ་ཧ་ཅང་གལ་ཆེན་ཡིན་པར་བརྟེན་ཚེ་ཐར་རྡོ་སོལ་ཐོན་ལས་གླིང་དང་ཆུ་དམར་འགག་བཟོ་ལས་གླིང་སོགས"བཙན་ས་གཉིས"ཀྱི་ཁེ་ལས་ཁག་གཅིག་རིམ་བཞིན་དོར་བ་དང་སྒོ་བརྒྱབ་སྟེ་སྐྱེ་ཁམས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་སྐྱེ་ཁམས་ལ་བརྟེན་ནས་འཕེལ་རྒྱས་དོན་གཉེར་བྱེད་པའི་ཕྱོགས་སྒྱུར་འགག་སྒྲོལ་གྱི་དུས་སྐབས་བརྒྱུད་བཞིན་ཡོད་པས་ཡུས་སྡེ་བའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་མིག་དཔེ་རུ་བཟུང་སྟེ། ཆུ་ཚད་སྔར་ལས་མཐོ་བའི་ཐོག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་གཉིས་གཅིག་གྱུར་ཡོང་བ་བྱེད་དགོས་པར་བསྟན། ཁོས་རྫོང་སོ་སོས་གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་སྐྱེ་ཁམས་ལྗང་མདོག་གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྐྱེ་ཁམས་ཡུལ་སྐོར་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཡག་པོ་བཏང་ནས་རི་སྔོ་ཆུ་དྭངས་ནི་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏིང་ཤུགས་དང་བཀྲག་མདངས་འཚེར་ས་ཆེ་ཤོས་སུ་འགྱུར་བར་བྱེད་དགོས་པ་ནན་གྱིས་བསྟན།

"ཞའོ་ཡུན་པན་རི་སྡེ་བའི"དམངས་སྲོལ་ཚོགས་པའི་ཚོ་བར་ཤ་བོ་སྐྱབས་འཁོར་དང་བཅས་པས་དེའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་འཆར་གཞི་ཇུས་འགོད། གཉེར་སྐྱོང་བྱེད་སྟངས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་། དམངས་སྲོལ་མགྲོན་ཁང་དང་བཟའ་བཏུང་སྤྲོ་གསེང་སོགས་གཉེར་སྐྱོང་ཚོང་ཁང་ལ་འཚམས་འདྲི་དང་རྟོག་ཞིབ་གནང་། ཤ་བོ་སྐྱབས་ཀྱིས་དམངས་སྲོལ་ཐོན་ལས་ནི་ཧུའུ་ཀྲོའུ་གྲོང་ཁྱེར་གྱི་ཡུལ་སྐོར་ཐོན་ལས་ཀྱི་སྒོ་བྱང་ལྟ་བུ་ཡིན་པ་དང་རྒྱལ་ནང་གི་ས་ཁུལ་གཙོ་བོ་དང་ལས་རིགས་ཀྱི་ཚད་ཤིང་ཞིག་ཏུ་གྱུར་ཡོད། མཚོ་བྱང་ཁུལ་དུ"གསར་བརྗེ་དང་ལྗང་མདོག ཁྱད་ལྡན"བཅས་ཀྱི་ལེགས་ཆ་ལྡན་ལ། རྡུལ་ཕྲན་མཁར་དྲན་གསོ་ཁང་དང་མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་སྒར་འདེབས་རྟེན་གཞི། ལྷ་ཆབ་ཁུག་སྒར་འདེབས་རྟེན་གཞི། ཤྭ་ལུང་ཆུ་མཛོད། དུང་སོ་ཆེ་བའི་ནགས་ཚལ་སྒེར་འཁོར་སྒར་ས་སོགས་སྔ་རྗེས་སུ་དྲ་གྲགས་ས་ཆར་གྱུར་པ་དང་། མཚོ་སྔོན་པོ་དང་མདོ་ལ་རི་བོའི་ཡུལ་སྐོར་མཛེས་ལྗོངས་ཁྱམས་ལམ་གཉིས་གསར་སྤེལ་འཐུས་ཚང་དང"མྱུར་སླེབས་དལ་སྐོར" འགྲིམ་འགྲུལ་གཞུང་ལམ་དྲ་བའི་མ་ལག་རིམ་འཕར། དམངས་སྲོལ་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ལ་སྐུལ་ཁྲིད་བྱེད་པ་དང་འགྲིམ་འགྲུལ་མཉམ་འདྲེས་ལ་བརྟེན་ནས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ལ་སྐུལ་ཁྲིད་བྱེད་པའི་མདུན་ལམ་ཡག་པོ་ཡོད་པར་བསྟན། ཁོས་ཧུའུ་ཀྲོའུ་གྲོང་ཁྱེར་དང་འབྲེལ་གཏུག་བརྗེ་རེས་བྱ་རྒྱུར་སྔར་བས་ཤུགས་བསྣན་ཏེ་ཐོན་ལས་སྐྱེད་སྲིང་དང་སྲིད་ཇུས་ཀྱི་རོགས་སྐྱོར། ཆས་རྟགས་འཛུགས་སྐྲུན། ཁྲོམ་ར་ཁྱབ་གདལ་སོགས་ཐད་ཀྱི་བསམ་ཕྱོགས་དང་བྱ་ཐབས་ཡག་པོ་སྤྱོད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་དམངས་སྲོལ་དང་སྒར་འདེབས། ཆུ་ཚན་སྤྲོ་གསེང་སོགས་ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་དགོས་པ་དང་། ལྷག་པར་དུ་ཡུལ་སྐོར་ཐོན་རྫས་ཀྱི་ཧེ་བག་ཅན་དང་སྤུས་ལེགས་ཅན་གྱི་ཐད་སློབ་སྦྱོང་བྱེད་དགོས་པ་དང་། ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མགྱོགས་མྱུར་གཏོད་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པ་ནན་གྱིས་བསྟན།

དེའི་རིང་། ཤ་བོ་སྐྱབས་འཁོར་དང་བཅས་པ་ད་དུང་ཀྲུང་གོ་ཀྲུའུ་པོ་གླིང་དང་ཏ་ཀྲུའུ་གླིང་སྡེ་བ"འགྱིག་ཚབ་སྨྱུག་འཇོག"འགྲེམས་སྟོན་ཁང་དུ་བསྐྱོད་ནས་རྟོག་ཞིབ་དང་སློབ་སྦྱོང་གནང་།

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་ཨ་ཁྱུང་། ཁུལ་སྲིད་ཁྲིམས་དང་འཕེལ་སྒྱུར། རིག་གནས་ཡུལ་སྐོར། རྫོང་བཞིའི་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་རྟོག་ཞིབ་ལ་ཕེབས་རོགས་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号