“ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན‘རྐང་ཚའི་རྩྭ་ཐང་གི་བུ་རྒོད—མཁའ་འགྲོ་ཐར’གྱི་སྔོན་ཐོན་བྱས་རྗེས་བརྗོད་པའི་ཡུལ་སྣང་ཏང་གི་སློབ་ཚན”མདོ་ལ་རུ་སྒྲོག་འགྲེལ་བྱས་པ།


ཟླ12པའི་ཚེས25ཉིན། རྐང་ཚ་རྫོང་གིས་རྩོམ་སྒྲིག་ཞིབ་ཚགས་བྱས་པའི་ཡུལ་སྣང་ཏང་གི་སློབ་ཚན“ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན‘རྐང་ཚའི་རྩྭ་ཐང་གི་བུ་རྒོད—མཁའ་འགྲོ་ཐར’གྱི་སྔོན་ཐོན་བྱས་རྗེས་བརྗོད་པའི་ཡུལ་སྣང་ཏང་གི་སློབ་ཚན”གྱི་སྒྲོག་འགྲེལ་ཚོགས་པས་མདོ་ལ་རྫོང་དུ་སྒྲོག་འགྲེལ་བྱས།

ཡུལ་སྣང་ཏང་གི་སློབ་ཚན“མཛེས་སྡུག་ལྡན་པའི་རྩྭ་ཐང་དང་ཡུལ་དུས་ཁྲོད་ཀྱི་ཁྱོད། དཔའ་བོའི་སྙིང་སྟོབས། ཞལ་གྱེས། དྲོ་སྐྱིད་ལྡན་པའི་སྐྱེལ་མ”སོགས་འཁྲབ་ཚན9བརྒྱུད་ཆེད་དོན་བརྙན་ཐུང་དང་མདོ་འཛིན་བར་འགྲེལ། སྐུ་མགྲོན་གྱིས་བརྗོད་པ། ཡུལ་སྣང་འཁྲབ་འགྲེལ། གསར་རྩོམ་གླུ་གར་འཁྲབ་སྟོན་སོགས་ཀྱི་རྣམ་པ་སྤྱད་དེ་མི་སྣའི་གཏམ་རྒྱུད་ཀྱི་ཐོག་ནས་མགོ་བཙུགས་ཏེ་ཤ་ཁྲག་ལྡན་པའི“རྩྭ་ཐང་གི་རྒོད་པོའི”འོད་སྟོང་འབར་བའི་སྣང་བརྙན་བཏོད། རླབས་ཆེན་གྱི་དུས་རབས་ཁྲོད་རླབས་ཆེན་གྱི་སྙིང་སྟོབས་བཀུག བླ་མེད་ཀྱི་བྱ་གཞག་ལ་མིག་དཔེ་སྣེ་ཁྲིད་ཀྱི“གཞུང་ཆེན་པོ”མཁོ། ཟུར་ཚད་མི་འདྲ་བའི་ཐོག་ནས་མཁའ་འགྲོ་ཐར་གྱིས་མི་ཚེ་ཧྲིལ་བོར་གུང་ཁྲན་ཏང་ཡོན་གྱི་རང་གཤིས་བརྟན་སྲུང་དང་། ཐོག་མཐའ་བར་གསུམ་དུ་སྤྱོད་གཙང་རང་གཅུན་རྒྱུན་འཁྱོངས། ལས་བརྩོན་གྲོན་ཆུང་རྒྱུན་འཁྱོངས། ཕུགས་བསམ་དད་སེམས་བརྟན་པོ་བཅས་བྱས་ཏེ་བརྩེ་བ་ཕ་ཡུལ་ལ་བཅངས་ཤིང་། བརྩེ་སེམས་ཆེན་པོ་དང་གཏོང་ཕོད་ཆེ་བའི་བླ་ན་མེད་པའི་སྙིང་སྟོབས་དང་སྔོན་ཐོན་བྱས་རྗེས་འགྲེལ་བཤད་བྱས།

ལོ་རིམ་བརྒྱད་པའི་སློབ་མ་ཀྲའོ་ཡ་རུའེ་ལ་སེམས་འགུལ་ཆེན་པོ་ཐེབས་ནས“ཡུལ་སྣང་ཏང་གི་སློབ་ཚན་བརྒྱུད་ཕུལ་བྱུང་ཏང་ཡོན་མཁའ་འགྲོ་ཐར་གྱི་མི་ཚེ་གང་པོར་བསྐྱར་དྲན་བྱས་ལ། ཐད་ཀར་དུ་ཁོང་གི་བརྩེ་སེམས་ཆེན་པོ་དང་། བློ་བརྟན་འགྱུར་མེད་ཀྱིས་སེམས་པ་ཏང་ལ་ཕྱོགས་པའི་བླ་ན་མེད་པའི་གཤིས་རྒྱུད། ལྷག་པར་དུ་ཁོང་གིས་སྡུག་རུས་ལ་བརྟེན་པའི་བསགས་དངུལ་མཐའ་དག་སློབ་གྲྭར་ཞལ་འདེབས་ཕུལ་བའི་བྱས་རྗེས་ཀྱིས་ལྷག་ཏུ་སེམས་འགུལ་ཐེབས་པ་ཞིག་རེད། སློབ་མ་ཞིག་ཡིན་པའི་ངོས་ནས་དེ་རིང་གི་ཏང་གི་སློབ་ཚན་འདི་བརྒྱུད་སྔར་ལས་བློ་རྒྱ་དང་འབད་འཐབ་ཀྱི་སྟོབས་ཤུགས་བསྐྱེད། ཕྱིས་སུ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ནས་ཤེས་བྱ་དང་ཚན་རིག་ལ་སློབ་སྦྱོང་བྱས་ནས། རང་ཉིད་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པའི་མི་ཞིག་དང་། རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱིས་ཕ་མར་དྲིན་ལན་དང་རྒྱལ་ཁབ་ལ་བྱས་རྗེས་འཇོག་དགོས།”པར་བཤད།

ཏང་ཡོན་མཱ་ཡིའུ་མེ་ཡིས་བཤད་རྒྱུ། “དེ་རིང་ཕུལ་བྱུང་གུང་ཁྲན་ཏང་ཡོན་མཁའ་འགྲོ་ཐར་གྱི་སྔོན་ཐོན་བྱས་རྗེས་ལ་ཉན་རྗེས་རང་ལ་སྐུལ་ལྕག་ཆེན་པོ་ཐེབས་པ་དང་སེམས་ཀྱི་རྦ་རླབས་ལང་ལོང་དུ་འཕྱུར་ཞིང་། གཞི་རིམ་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་སྔོན་ཐོན་མིག་དཔེར་བྱས་ཏེ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བཅངས་ནས། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་པ་དང་། འགན་འཁྲི་འཁུར་བ། མང་ཚོགས་ལ་ཏན་ཏན་ཏིག་ཏིག་གིས་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་མང་ཚོགས་ཀྱི་དཀའ་གནད་དང་སེམས་ཁྲལ་ཐག་གཅོད་བྱེད་པ་དང་། གཞི་རིམ་ཏང་ཡོན་ལས་བྱེད་པ་ཞིག་གི་ངོས་ཐད་ཀྱི་འབད་པ་བྱེད་དགོས”ཟེར།

ཡུལ་སྣང་ཏང་གི་སློབ་ཚན་ལ་ལྟ་མཁན་གྱི་ཏང་ཡོན་ལས་བྱེད་པས་དཔེ་མཚོན་ཚང་མ་གསོན་ཉམས་ལྡན་པའི་སློབ་དེབ་ཅིག་ཡིན་པས། མི་རྣམས་ལ་དྲོ་སྐྱིད་དང་སྟོབས་ཤུགས་ཚད་མེད་སྦྱིན་ཐུབ་པ་དང་། གུང་ཁྲན་ཏང་ཡོན་ལའང་མིག་དཔེའི་སྟོབས་ཤུགས་དགོས་ཤིང་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱེད་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད། མ་འོངས་པའི་བྱ་བའི་ཁྲོད་ཕུལ་བྱུང་གུང་ཁྲན་ཏང་ཡོན་ཚད་གཞིར་བཟུང་ནས་ཁོང་ཚོའི་དད་སེམས་བརྟན་པོ་དང་ཏང་ལ་ལྷག་བསམ་རྣམ་དག་གི་ཆབ་སྲིད་གཤིས་རྒྱུད་སློབ་སྦྱོང་ནན་ཏན་བྱེད་པ་དང་། རང་འགན་ནན་སྒྲུབ་དང་འགན་འཁུར་ཕོད་པའི་ལས་བཀུར་སྙིང་སྟོབས། ལེགས་སྐྱེས་འབུལ་འདོད་པའི་བླ་ན་མེད་པའི་བསམ་བློ། ཁེ་གྲགས་མི་གཉེར་བ་དང་སྤྱོད་གཙང་རང་སྲུང་གི་ཀུན་སྤྱོད་བསམ་ཚུལ་བཅས་ལ་སློབ་སྦྱོང་ནན་ཏན་བྱས་ཏེ་ཚད་གཞི་སྔར་བས་མཐོ་བའི་ངང་རང་ཉིད་ལ་བླང་བྱ་བཏོན་ཞིང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་དམངས་ཀྱི་དོན་དུ་དཀའ་སྤྱད་འབད་པ་བྱེད་དགོས་ཞེས་ཟེར།


མདོ་ལ་རྫོང་དུ་སྡོད་པའི་རྫོང་རིམ་པའི་མགོ་ཁྲིད་དང་། ཡུལ་ཚོ་དང་གྲོང་རྡལ་ཁག་གི་ཏང་ཨུའི་ཧྲུའུ་ཅི། ཡུལ་ཚོ(གྲོང་རྡལ)མགོ་འཛིན། རྫོང་ཨུའི་སྡེ་ཁག་སོ་སོ། རྫོང་ཐད་གཏོགས་ལས་ཁུངས་དང་ཚན་ཁག་སོ་སོ།  མང་ཚོགས་ཚོགས་པ་ཁག་གི་ཏང་ཡོན་ལས་བྱེད་པ། དགེ་རྒན་དང་སློབ་མའི་འཐུས་མི་ཁག་ཅིག་བཅས་ཀྱིས་སྒྲོག་འགྲེལ་ལ་ཉན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号