མཚོ་བྱང་གིས་སྒོར་ཁྲི290ལྷག་བཏང་ནས་མཚོ་ཤར་གྱི་ཡོམ་འགོག་གེགས་སེལ་ལ་རོགས་སྐྱོབ་བྱས།


ཟླ12པའི་ཚེས18ཉིན་གྱི་ཆུ་ཚོད23དང་སྐར་མ59སྟེང་། ཀན་སུའུ་ཞིང་ཆེན་ག་ཅུ་ཧུའེ་རིགས་རང་སྐྱོང་ཁུལ་ཆུ་མ་མཁར་རྫོང་དུ་རིམ་པ6.2ཅན་གྱི་ས་ཡོམ་བྱུང་ཞིང་། རང་ཞིང་གི་མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་དང་ཞུན་ཧྭ་རྫོང་སོགས་ས་ཁུལ་གྱི་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་བཟོས་པ་རེད།    


གནམ་གཤིས་གྲང་ངར་ཆེ་ཡང་མི་སེམས་དྲོད་ཀྱིས་ཁེངས། ཁྱིམ་གཞིས་ལ་དཀའ་ཁག་ཡོད་ན་བརྩེ་བ་ལ་མཐའ་ཚད་མེད། ས་ཡོམ་བྱུང་རྗེས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་ཐོག་ནས་མཚོ་ཤར་གྱི་ཡོམ་འགོག་གེགས་སེལ་བྱ་བར་རོགས་སྐྱོབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་འཕྲལ་དུ་ཁུལ་མཁོ་བསྟུན་དོ་དམ་ཅུས་དང་རྐང་ཚ་རྫོང་གིས་སྒོར་ཁྲི80ལྷག་གི་སྲིང་བལ་གྱི་གུར་དང་ལྟེབ་ཁྲི། ཉལ་སྟན། སྐམས་ལུག་ཤ་སོགས་རོགས་སྐྱོབ་དངོས་ཟོག་གནོད་ཐེབས་ས་ཁུལ་དུ་སྐྱེལ་སྤྲོད་བྱས། 


ཟླ12པའི་ཚེས25ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཝང་ཞིང་ཧོས། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞོ་རོས་ཞིན་བཅས་ཀྱིས་མཚོ་བྱང་མི་དམངས་ཀྱི་སྣེ་ཁྲིད་དེ་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ལ་བཅངས་པའི་བརྩེ་སེམས་མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་གི་ས་ཡོམ་གནོད་ཐེབས་ཁུལ་དུ་བསྐྱལ་ནས་འཚམས་འདྲིའི་དངུལ་སྒོར་ཁྲི150སྤྲད་པ་དང་། ཞུན་ཧྭ་རྫོང་གི་གནོད་ཐེབས་ས་ཁུལ་ལ་འཚམས་འདྲིའི་སྒོར་ཁྲི50སྤྲད་པ་དང་སྒོར་ཁྲི10ཟིན་པའི་འོ་མ་སྒམ3000སྤྲད་ལ། གེགས་སེལ་དངུལ་དང་དངོས་རྫས་ཁྱོན་བསྡོམས་སྒོར་ཁྲི290ལྷག་ཟིན་ཡོད། མཚོ་བྱང་གི་རིགས་སོ་སོའི་མང་ཚོགས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས“ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོབ་བྱེད་པའི”ཁྱིམ་ཞེན་རྒྱལ་ཞེན་གྱི་བསམ་པ་མཚོན་པར་བྱས་ནས་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་དཀའ་གནད་ལས་སྒྲོལ་རོགས་དང་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་རོགས་བྱས།


ཁུལ་ཨུའི་དྲུང་ཡིག་ཆེན་མོ་གཞོན་པ་དང་། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཁུལ་རྒྱ་གྲམ་དམར་བོ་ཚོགས་པའི་འབྲེལ་ཡོད་མགོ་ཁྲིད་མཉམ་དུ་འཚམས་འདྲི་གནང་བར་ཕེབས། འཚམས་འདྲི་གནང་སྐབས་ཁུལ་རྒྱ་གྲམ་དམར་བོ་ཚོགས་པས་མིན་ཧོ་རྫོང་དང་ཞུན་ཧྭ་རྫོང་གི་རྒྱ་གྲམ་དམར་བོ་ཚོགས་པ་དང་ཞལ་འདེབས་བརྒྱབ་པའི་དངུལ་དང་དངོས་རྫས་དང་ལེན་སོགས་ཀྱི་དོན་དག་སོ་སོ་སྦྲེལ་མཐུད་བྱས།

ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་བརྩེ་སེམས་མགྱོགས་མྱུར་ངང་གཅིག་ཏུ་བསྡུས་ཤིང་། མིག་སྔར་མཚོ་ཤར་ས་ཁུལ་དུ་གནོད་ཐེབས་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་སོགས་ཀྱི་བྱ་བ་སོ་སོ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号