ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ལྟ་སྐུལ་མཛུབ་ཁྲིད་གནང་པ།
ཉེ་ཆར། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མཚོ་སྔོན་པོའི་བྱང་ངོགས་སུ་བསྐྱོད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་། ཡུལ་དངོས་ནས་མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བཅོས་སྐྱོང་བྱ་བར་ལྟ་ཞིབ་བྱས་ཤིང་། འབྲེལ་ཡོད་བྱ་བ་སྤེལ་བའི་གནས་ཚུལ་གྱི་སྙན་ཞུར་གསན་པ།ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ། གཞུང་ལས་ཁང་གི་ཀྲུའུ་རིན་ཝང་ཡུང་ཁྲང་གིས་ཕེབས་རོགས་ཞུས།
ཤ་བོ་སྐྱབས་ཀྱིས་མཚོ་བྱང་གིས་མཚོ་སྔོན་པོའི་ཆུ་ཁོངས་ཀྱི་རྒྱ་ཁྱོན་གྱི47%བཟུང་བ་དང་། མཚོའི་ངོགས་ཀྱི་སྤྱིའི་རིང་ཚད་ཀྱི53%བཟུང་ཡོད། མཚོ་ནང་བཞུར་བའི་ཆུས85%བཟུང་ཡོད། རྐང་ཚ་དང་མདའ་བཞི་ནི་མཚོ་སྔོན་པོའི་བྱང་ངོགས་སུ་གནས་པ་དང་སྐྱེ་ཁམས་ཀྱི་གནས་བབ་གལ་འགངས་ཤིན་ཏུ་ཆེ་བས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གཏོད་རྒྱུ་གོ་སྐབས་སུ་བཟུང་སྟེ། སྐྱེ་ཁམས་བཅོས་སྐྱོང་དང་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ལ་ཤུགས་བསྣན་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཁྲོད་འགན་འཁྲི་འཁུར་དགོས་པར་བསྟན།
ཤ་བོ་སྐྱབས་ཀྱིས་རྐང་ཚ་དང་མདའ་བཞི་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གཏོད་རྒྱུའི་བླང་བྱར་དམིགས་ཏེ་དཔེ་བསྡུར་ཚད་གཞི་དང་བྱ་བ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ནས་བྱ་བའི་ཕན་འབྲས་འགན་ལེན་བྱེད་དགོས་པ་སྟེ། གཅིག་ནས་སྐྱེ་ཁམས་སྔོན་ལ་ལག་བསྟར་བྱེད་པའི་འདུ་ཤེས་བརྟན་པོ་བཙུགས་ནས“ཆེས་ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ལ་དམ་པོར་དམིགས་པ་དང་། “སྲུང་སྐྱོབ་ཆེན་པོ་བྱེད་པ་ལས་གསར་སྤེལ་ཆེན་པོ་མི་བྱེད་པའི”བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ། ཁྲིམས་སྲོལ་ལྟར་རྣམ་གྲངས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་ལས་ཆོག་མཆན་མ་བཀོད་པར་སྔོན་ལ་འཛུགས་བསྐྲུན་བྱ་རྒྱུའི་གནས་ཚུལ་རིགས་གཏན་འགོག་བྱེད་དགོས། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་མཚོ་བྱང་མངའ་ཁོངས་ཀྱི་ཆུའི་ཁོར་ཡུག་དང་ཆུའི་སྐྱེ་ཁམས་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཚོ་སྐོར་བྱང་ངོགས་ཀྱི་རྩྭ་ཐང་སྐྱེ་ཁམས་སླར་གསོ་དང་ས་ནག་གྲམ་ཐང་བཅོས་སྒྲིག་སོགས་གཙོ་གནད་སྐྱེ་ཁམས་རྣམ་གྲངས་ལ་དམ་འཛིན་ཡག་པོ་བྱེད་དགོས། རོང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་ཇེ་ལེགས་སུ་གཏོང་བའི་འགུལ་སྐྱོད་དང་རྒྱལ་ཁོངས་ལྗང་འགྱུར་བྱ་བ་ཏན་ཏིག་སྤེལ་བ་བཅས་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་བརྟན་པོ་བསྲུང་དགོས། གཉིས་ནས་ཁྲིམས་འཛིན་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ“མཚོ་རྒྱ་བསྡམས་ནས་ཉ་གསོའི”འཐབ་ཇུས་ལག་བསྟར་གཏིང་ཟབ་དང་དགོ་སྐྱ་སྐོར་ཞིབ་དང་མྱུར་སྐྱོབ་ཀྱི་བྱ་བ་སྤེལ་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་མཚོ་སྔོན་པོའི་གསེར་ཉ་འཛིན་བཟུང་དང་སྐྱེལ་འདྲེན། གསོག་ཉར། བར་ཚོང་རྒྱག་པ་བཅས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་གཏོང་བ་དང་འཇིགས་ཟིལ་ཆགས་པར་བྱས་ནས་མཚོ་སྔོན་པོའི་གསེར་ཉས་མཚོ་སྣང་ཕྲུ་གུ་གཏོང་བ་དང་དགོ་སྐྱ་འཚོ་གནས་ཀྱི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་ཏེ་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་འཚོ་གནས་ཁོར་ཡུག་ཇེ་ལེགས་སུ་འགྱུར་བར་འགན་ལེན་བྱེད་དགོས། གསུམ་ནས་སྐྱེ་ཁམས་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། དེང་སྐབས་དང་ཡུན་རིང་། སྲུང་སྐྱོབ་དང་འཕེལ་རྒྱས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་པ་དང་། མཚོ་སྐོར་བྱང་ངོགས་ཀྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ས་ཚིགས6གི་ཉེ་འཁོར་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཐད་ཤུགས་སྣོན་དགོས་ལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ། ཞབས་ཞུ་དངོས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་དགོས། དགུན་དུས་ཀྱི་རྐང་ཐང་དང་གངས་འཁྱགས་ལུས་རྩལ། སྒར་འདེབས། སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་སོགས་དུས་ཚིགས་ཧྲིལ་པོའི་ཡུལ་སྐོར་རྣམ་གྲངས་འཚོལ་ཞིབ་ཧུར་ཐག་བྱས་ནས་རྒྱལ་སྤྱིའི་རང་བཞིན་གྱི་འགྲན་བསྡུར་གཉེར་སྒྲུབ་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་མདའ་འཕེན་དང་སྙན་ངག རྐང་བགྲོད། གསེར་ཉར་ལྟ་བ་སོགས་ཀྱི་བྱེད་སྒོ་མུ་མཐུད་ཡག་པོ་གཉེར་དགོས་པར་མ་ཟད་ཆུ་ཚད་མཐོ་བའི་བྱེད་སྒོ་གཉེར་ཏེ“རི་སྔོ་ཆུ་དྭངས”དེ“གསེར་རི་དངུལ་རིར”སྒྱུར་བའི་ཐབས་ལམ་ཏན་ཏིག་ངང་བཏོད་ནས་སྲུང་སྐྱོབ་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོབ་ཏན་ཏིག་བྱེད་དགོས། བཞི་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་དང་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས་པ་དང་། ཆུ་མཚེའུ་དཔོན་དང་ནགས་རྩྭ་དཔོན་གྱི་འགན་འཁྲི་ནན་དུ་གཏོང་དགོས་ལ། མཚོ་སྐོར་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་དང་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱ་བར་ཤུགས་སྣོན་དགོས་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་སྒེར་གྱིས་བསྐྲུན་པའི་བགྲོད་ལམ་དང་། སྒེར་གྱིས་གང་བྱུང་འཛུགས་སྐྲུན་བྱེད་པ། རྩྭ་ཐང་ལ་གཏོར་བཤིག་གཏོང་བ་སོགས་ཀྱི་མི་ལེགས་པའི་སྣང་ཚུལ་གྲལ་བཤེར་དང་བཅོས་སྒྲིག་བཅས་བྱས་ནས་ནམ་མཁའ་སྔོན་པོ་དང་རྩྭ་ཐང་ལྗང་ཁུ། ཆུ་བོ་དྭངས་མོ་བཅས་ཀྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱེད་དགོས།
རྐང་ཚ་རྫོང་དང་མདའ་བཞི་རྫོང་། ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་ཞུས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注