མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་ཧྲན་ཏུང་ཞིང་ཆེན་ཁམས་གསོ་སློབ་ཆེན(གྲབས་འཛུགས)ལ་མཇལ་འཕྲད་གནང་པ།


ཟླ11པའི་ཚེས1ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཆིང་ཏའོ་གྲོང་ཁྱེར་དུ་བསྐྱོད་དེ་ཁམས་གསོ་སློབ་ཆེན(གྲབས་འཛུགས)ལ་མཇལ་འཕྲད་གནང་ནས་སློབ་གྲྭ་དང་མཚོ་བྱང་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བཞུགས་མོལ་བརྗེ་རེས་གནང་།

འཐུས་ཚབ་ཚོགས་པ་འཁོར་དང་བཅས་པས་ཡུལ་དངོས་ནས་ལྟ་སྐོར་དང་བརྙན་ལ་ལྟ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཁམས་གསོ་སློབ་ཆེན(གྲབས་འཛུགས)འཛུགས་སྐྲུན་བྱས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་། བཞུགས་མོལ་ཚོགས་འདུའི་ཐོག ཤ་བོ་སྐྱབས་ཀྱིས་མཚོ་བྱང་གི་རང་བྱུང་ས་ཁམས་ཆ་རྐྱེན་དམིགས་བསལ་ལྡན་པ་དང་ཀྲུང་བོད་སྨན་རྒྱུ་ཆའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། འཛུགས་སྐྲུན་བྱས་ནས་གཉེར་སྐྱོང་བྱེད་བཞིན་པའི་ཁུལ་ཀྲུང་བོད་གསོ་རིག་སྨན་རྫས་ཞིབ་འཇུག་བེད་སྤྱོད་ལྟེ་གནས་ནི་ཧྲན་ཏུང་ཞིང་ཆེན་དང་མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་ས་མཐོའི་དལ་འཕར་ནད་ཕོག་པའི་མི་ཚོགས་མང་བ་དང་། ཁམས་གསོ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་མདུན་ལམ་ཆེ་བ་སོགས་ལ་གཞི་ཚུགས་ནས་འཆར་འགོད་འཛུགས་སྐྲུན་བྱས་པའི་ཐོན་ལས་ལས་གཞི་ཞིག་ཡིན་ལ། ཧྲན་ཏུང་གིས་རོགས་སྐྲུན་བྱས་པའི་ཆེས་ཆེ་བའི་ལས་གཞི་རྐྱང་པ་ཞིག་ཀྱང་ཡིན་པ་དང་། རྨང་གཞིའི་སྒྲིག་བཀོད་ཆ་ཚང་དང་སྒྲིག་ཆས་ཕུན་སུམ་ཚོགས་པས་མིག་སྔར་ཁུལ་ཡོངས་ཀྱི་གནས་གཏན་འཁེལ་གྱི་གཟུགས་པོར་བརྟག་དཔྱད་དང་ཀྲུང་བོད་གསོ་རིག་ལུགས་བཅོས་ཀྱི་ལས་སྒོ་སྤེལ་བའི་ཁྲོམ་རའི་མདུན་ལམ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་བཟང་པོ་ལྡན་ཡོད། 2020ལོའི་ཟླ10པའི་ཚེས10ཉིན་ཁམས་གསོ་སློབ་ཆེན(གྲབས་འཛུགས)དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་། མཚོ་བྱང་ཁུལ་ཀྲུང་བོད་གསོ་རིག་ཞིབ་འཇུག་བེད་སྤྱོད་ལྟེ་གནས་བཅས་ཀྱི་དབར་འཐབ་ཇུས་མཉམ་ལས་གྲོས་མཐུན་གྱི་གན་རྒྱ་བཞག་ཅིང་། སློབ་གྲྭ་དང་མཚོ་བྱང་གཉིས་ཀྱིས་གྲོས་མཐུན་གྱི་ནང་དོན་ལ་དམིགས་ནས་མཉམ་ལས་བརྗེ་རེས་མུ་མཐུད་གཏིང་ཟབ་གཏོང་རྒྱུའི་རེ་བ་ཡོད་དེ། གཅིག་ནས་ཁམས་གསོ་སློབ་ཆེན(གྲབས་འཛུགས)གྱིས་མཚོ་བྱང་ཐོན་ལས་ཀྱི་དགོས་མཁོ་དང་སློབ་གྲྭའི་རིག་ཚན་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་བདེ་ཐང་ཁམས་གསོ་དང་གསོ་བཅོས། རིག་གནས་ཡུལ་སྐོར། སྨན་རྫས་ཞིབ་འཇུག་གསར་སྤེལ་བཅས་གཞི་གཅིག་ཏུ་འདུས་པའི་མཐོ་སྒང་གི་ཁྱད་ལྡན་བདེ་ཐང་ཁམས་གསོ་ལྟེ་གནས་བཙུགས་ནས་ཐོན་སློབ་ཞིབ་གསུམ་ཐུན་མོང་ཐོག་གོང་འཕེལ་དང་གཉིས་ཕན་མཉམ་རྒྱལ་ཡོང་བར་བྱེད་དགོས། གཉིས་ནས་ཁམས་གསོ་སློབ་ཆེན(གྲབས་འཛུགས)གྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས་ཁ་གཏད་སློབ་བསྡུ་དང་མི་སྣ་གསོ་སྦྱོང་སོགས་ཀྱི་ཐད་རྒྱབ་སྐྱོར་དང་གཟིགས་སྐྱོང་བྱ་རྒྱུ་མ་ཟད། མཚོ་བྱང་ཁུལ་ཀྲུང་བོད་གསོ་རིག་བདེ་ཐང་ཁམས་གསོ་ལྟེ་གནས་དེ་ཁམས་གསོ་སློབ་ཆེན(གྲབས་འཛུགས)གྱི་སློབ་མའི་དངོས་སྦྱོང་རྟེན་གཞིར་གཏོད་དགོས།  གསུམ་ནས་ས་མཐོའི་ནད་ཕོག་པའི་རྒྱུ་རྐྱེན་དང་ཁྱད་ཆོས། སྨན་བཅོས་དང་ཁམས་གསོའི་བྱ་ཐབས་བཅས་འཚོལ་ཞིབ་ཧུར་ཐག་བྱས་ནས་རྩེར་སོན་གྱི་རིག་གཞུང་བརྗེ་རེས་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ས་མཐོའི་ནད་ཁམས་གསོ་བྱེད་པའི་ཚན་ཞིབ་ལྟེ་གནས་འཛུགས་རྒྱུའི་ཚོད་ལྟ་བྱེད་དགོས། བཞི་ནས་ཁམས་གསོ་སློབ་ཆེན(གྲབས་འཛུགས)གྱི་ཆུ་ཚད་མཐོ་བའི་ལག་རྩལ་གྱི་ལེགས་ཆར་བརྟེན་ནས་སྔོན་ཐོན་ལག་རྩལ་ཐོན་རྫས་ནང་འདྲེན་དང་། ཁམས་གསོའི་ལག་རྩལ་གསར་པ་བཀོལ་སྤྱོད་བྱེད་པའི་འོས་སྦྱོར་ཚོགས་འདུ་ཚོགས་པ། ཁམས་གསོའི་ཐོན་རྫས་འགྲེམས་ཚོགས་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་མཚོ་བྱང་ཁུལ་ཀྲུང་བོད་གསོ་རིག་ཁམས་གསོ་ལྟེ་གནས་དེ་རིམ་པ་མཐོ་བའི་ཁམས་གསོ་ཐོན་རྫས་བཟོ་སྐྲུན་རྟེན་གཞི་ཞིག་ཏུ་བསྐྲུན་དགོས། ལྔ་ནས་མཚོ་བྱང་ཁུལ་གྱི་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་ཁམས་གསོ་སློབ་ཆེན(གྲབས་འཛུགས)གྱི་གསར་བརྗེའི་སློབ་གསོ་ཉམས་ཞིབ་རྟེན་གཞིའི་སྒོ་བྱང་བཀལ་ནས་ལོ་རེར་དགེ་རྒན་དང་ལས་བཟོ་པ། སློབ་མ་བཅས་སྒྲིག་འཛུགས་བྱས་ནས་རྒྱལ་གཅེས་རིང་ལུགས་དང་ཕུགས་བསམ་དད་སེམས་ཀྱི་སློབ་གསོ་སྤེལ་དགོས་པར་བསྟན།          

ཁམས་གསོ་སློབ་ཆེནགྲབས་འཛུགསགྱི་གནས་སྐབས་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་མགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ་ཝང་ཝེ་ཡིས་སློབ་གྲྭའི་ཚབ་བྱས་ནས་མཚོ་བྱང་གི་ཏང་སྲིད་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པར་དགའ་བསུ་ཞུས་ནས་ཁམས་གསོ་སློབ་ཆེན་གྲབས་འཛུགས་བྱས་ཚུལ་ངོ་སྤྲོད་བྱས། མཚོ་བྱང་གི་སྐྱེ་ཁམས་གནས་བབ་གལ་ཆེན་དང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ། ཁྱད་ལྡན་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་།  དེ་གའི་ཐུན་མོང་མ་ཡིན་པའི་ས་ཁམས་ཁོར་ཡུག་དང་སྐྱེ་ཁམས་ཀྱི་མ་དཔེ། མི་རིགས་གསོ་རིག་གི་ལེགས་ཆ་བཅས་ཀྱི་དབང་གིས་ས་མཐོའི་གསོ་རིག་ཞིབ་འཇུག་གི་ཕུགས་བསམ་ཡུལ་གྲུ་ཞིག་ཏུ་གྱུར་ཡོད།  གོམ་སྟབས་རྗེས་མར་ཕྱོགས་གཉིས་ཀྱིས་གན་རྒྱ་བཞག་པའི་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་གཞིགས་ནས་འབྲེལ་གཏུག་མཉམ་ལས་ལམ་སྲོལ་བཙུགས་ཏེ་ཁམས་གསོ་སློབ་ཆེནགྲབས་འཛུགསགྱི་ཤེས་ལྡན་མི་སྣ་དང་སློབ་གསོ། ཞིབ་འཇུག་སློབ་སྦྱོང་སོགས་ཐད་ཀྱི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་མཉམ་ལས་ཀྱི་ངེས་གནས་འཚོལ་ཞིབ་དང་མཉམ་ལས་ཀྱི་ནང་དོན་ཁ་གསལ་བཟོས་ཏེ། སློབ་གྲྭ་དང་མཚོ་བྱང་ཕྱོགས་གཉིས་པོར་ས་མཐོའི་སྨན་བཅོས་དང་ཁམས་གསོ། སློབ་གསོ་སོགས་ཀྱི་ཐད་མཉམ་ལས་ཀྱི་གྲུབ་འབྲས་དངོས་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པར་བསྟན།

དེའི་རིང་། འཐུས་ཚབ་ཚོགས་པ་འཁོར་དང་བཅས་པས་ད་དུང་ཡུལ་དངོས་ནས་ཧྲན་ཏུང་ངར་ལྕགས་སྡེ་ཚོགས་ཡུང་ཧྥིན་ལིན་ཀང་ཚད་ཡོད་སྤྱི་གཉེར་ཁང་དང་དབྱི་མོང་སྙིང་སྟོབས་ལི་ཅ་ཀྲའེ་འགྲེམས་སྟོན་ཁང་ལ་རྟོག་ཞིབ་བྱས་ནས་ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་ཏང་གཤིས་སློབ་གསོ་དང་ལེན་བྱས

ལིན་དབྱི་གྲོང་ཁྱེར་གྱི་གྲོང་གཙོ་གཞོན་པ་ཝང་དབྱང་ཧའེ་དང་། ཁམས་གསོ་སློབ་ཆེན(གྲབས་འཛུགས)དང་ཧྲན་ཏུང་ངར་ལྕགས་སྡེ་ཚོགས་ཡུང་ཧྥིན་ལིན་ཀང་ཚད་ཡོད་སྤྱི་གཉེར་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣ། མཚོ་བྱང་ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་། སུང་ཞུག་ཙུང་། སངས་འབུམ། ཚོ་ཅི་ཆང་བཅས་དང་དེ་བཞིན་འཐུས་ཚབ་ཚོགས་པའི་ཁོངས་མི་གཞན་དག་སོ་སོར་བྱེད་སྒོར་ཞུགས།    

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号