མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པས་ཧྲན་ཏུང་ཞིང་ཆེན་གཞུང་རྒྱུ་ཨུ་ལྷན་དང་ཧྲན་ཏུང་ཞིང་ཆེན་མཁོ་འཚོང་མཉམ་ལས་ཁང་ལ་མཇལ་འཕྲད་གནང་པ།



ཟླ10པའི་ཚེས31ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཧྲན་ཏུང་ཞིང་ཆེན་གཞུང་རྒྱུ་ཨུ་ལྷན་དང་ཧྲན་ཏུང་ཞིང་ཆེན་མཁོ་འཚོང་མཉམ་ལས་ཁང་ལ་མཇལ་འཕྲད་གནང་ནས་མཐུན་སྦྱོར་སྦྲེལ་མཐུད་ལ་ཤུགས་སྣོན་དང་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་།    

ཧྲན་ཏུང་ཞིང་ཆེན་གཞུང་རྒྱུ་ཨུ་ལྷན་དུ་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པས་ཏང་ཨུའི་ཧྲུའུ་ཅིའམ་ཀྲུའུ་རིན་མན་ཧྲིན་ཀང་དང་དེ་བཞིན་ཧྲན་ཏུང་འཕེལ་རྒྱས་སྡེ་ཚོགས། ཧྲན་ཏུང་ཧྲུའེ་ཧྥ་སྡེ་ཚོགས། ཧྲན་ཏུང་ནུས་རྒྱུ་གློག་ཤུགས་སྡེ་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་མཉམ་དུ་བཞུགས་མོལ་བརྗེ་རེས་གནང་ཞིང་། ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཧྲན་ཏུང་གཞུང་རྒྱུ་ཨུ་ལྷན་གྱིས་དུས་ཡུན་རིང་པོའི་ནང་མཚོ་བྱང་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་པར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་ལ། ཉེ་བའི་ལོ་ཤས་རིང་། མཚོ་བྱང་གིས་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅས་ཕྱོགས་གསུམ་གྱི་ཐད་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པའི་དམིགས་ཚད་ལ་གཞིགས་ཏེ་རང་འགུལ་ངང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འཐབ་ཇུས་ནང་ཞུགས་ནས་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ཁྱོན་ཡོངས་ནས་ཇེ་མགྱོགས་སུ་བཏང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་བསྣན་ཡོད་པར་བསྟན་ལ། ཧྲན་ཏུང་ཞིང་ཆེན་གཞུང་རྒྱུ་ཨུ་ལྷན་གྱིས་མཚོ་བྱང་གི་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ་ཐོན་ཁུངས་གསར་སྤེལ་དང་ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ། གྲོང་གསེབ་དར་སྤེལ། གསར་བརྗེའི་ཉམས་ཞིབ་སོགས་ཁྱབ་ཁོངས་ལ་དམིགས་ཏེ་འབྲེལ་གཏུག་མཉམ་ལས་ལམ་སྲོལ་བཙུགས་ནས་ཞིང་ཆེན་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཁུལ་དུ་མ་འཇོག་ལས་གཏོད་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲིད་ཇུས་དང་རྣམ་གྲངས། མ་དངུལ། འཇོན་མི་སོགས་ཐད་ཀྱི་རྒྱབ་སྐྱོར་དང་རོགས་རམ་དེ་བས་མང་བ་བྱ་རྒྱུའི་རེ་བ་བཏོན་པ་དང་། ཧྲན་ཏུང་གཞུང་རྒྱུ་ཨུ་ལྷན་གྱིས་ལོ་ལྟར་ཁེ་ལས་པ་སྒྲིག་འཛུགས་བྱས་ནས་མཚོ་བྱང་དུ་རྒྱལ་གཅེས་རིང་ལུགས་དང་ཕུགས་བསམ་དད་སེམས་ཀྱི་སློབ་གསོ་གསོ་སྦྱོང་བྱེད་པར་ལྷག་བསམ་རྣམ་དག་གིས་གདན་དྲངས་པ་ཡིན་ཟེར། མན་ཧྲིན་ཀང་གིས་གཞུང་རྒྱུ་ཨུ་ལྷན་གྱི་ཚབ་ཞུས་ནས་མཚོ་བྱང་ཏང་སྲིད་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པར་དགའ་བསུ་ཞུས་པ་དང་འབྲེལ་གཞུང་རྒྱུ་ཨུ་ལྷན་གྱི་བྱ་བ་སྤེལ་བའི་གནས་ཚུལ་མདོར་བསྡུས་ངོ་སྤྲོད་བྱས་ཤིང་། མཚོ་བྱང་གི་སྐྱེ་ཁམས་གནས་བབ་དམིགས་བསལ་ཡིན་པ་དང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ། ཁྱད་ལྡན་ཐོན་ཁུངས་ཕྱུག་པོ་བཅས་ཡིན་པས“མདེལ་གཉིས་སྐར་གཅིག”གི་རླབས་ཆེན་སྙིང་སྟོབས་ཀྱི་འཁྲུངས་ཡུལ་དང་ཀྲུང་ཧྭ་མི་རིགས་ཀྱིས་མགོ་བོ་ཡར་ལ་དགྱེ་སའི་གནས་ཤིག་རེད། གོམ་སྟབས་རྗེས་མར་ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རོགས་སྐྲུན་བྱ་བའི་བཀོད་སྒྲིག་གཞིར་བཟུང་འབྲེལ་མཐུད་ལ་ཤུགས་བསྣན་ཏེ་ཧྲན་ཏུང་གཞུང་རྒྱུ་ཨུ་ལྷན་གྱི་རྒྱུ་ནོར་དང་མ་དངུལ། འཇོན་མི། དོ་དམ་སོགས་ཐད་ཀྱི་ལེགས་ཆ་མཚོ་བྱང་གི་སྐྱེ་ཁམས་དང་ཡུལ་སྐོར། ཞིང་ཕྱུགས་སོགས་ཁྱད་ལྡན་ཐོན་ཁུངས་དང་ཟུང་འབྲེལ་བྱས་ཏེ་ཧྲན་ཏུང་གི་ཁེ་ལས་པ་སྒྲིག་འཛུགས་བྱས་ནས“མཚོ་བྱང་ལ་འགུལ་སྐྱོད་བྱེད་པ”སོགས་ཀྱི་བྱེད་སྒོ་སྤེལ་ནས་མཉམ་ལས་ཁྱབ་ཁོངས་དང་ནང་དོན་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་སྟེ་བརྗེ་རེས་མཉམ་ལས་ཀྱི་བྱ་སྤྱོད་ངོ་མ་དང་དོན་འཁྱོལ་ངོ་མ།ཕན་འབྲས་ངོ་མ་བཅས་ཐོན་པར་བྱས་ནས་སྔར་ལས་ལྷག་པའི་གཡུར་དུ་ཟ་བའི་གྲུབ་འབྲས་བརྩོན་ལེན་བྱ་རྒྱུ་ཡིན་པར་བསྟན།

ཧྲན་ཏུང་ཞིང་ཆེན་གྱི་མཁོ་འཚོང་མཉམ་ལས་ཁང་དུ་ཧྲན་ཏུང་ཞིང་ཆེན་གྱི་མཁོ་འཚོང་མཉམ་ལས་ཁང་དང་མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་ཐོན་འཚོང་འབྲེལ་མཐུད་བཞུགས་མོལ་ཚོགས་འདུ་ཚོགས་པ་དང་།  ཧྲན་ཏུང་ཞིང་ཆེན་གྱི་མཁོ་འཚོང་མཉམ་ལས་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་རིན་ཀྲང་ཁྲོན་ཀྲུང་གིས་ཚོགས་འདུ་གཙོ་སྐྱོང་གནང་། ཤ་བོ་སྐྱབས་ཀྱིས་ཧྲན་ཏུང་ཞིང་ཆེན་མཁོ་འཚོང་མཉམ་ལས་ཁང་ཁོངས་གཏོགས་ཀྱིས་སྒོར་ཁྲི1000ལྷག་ཙམ་གྱིས་མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་ཐོན་རྫས་ཉོ་སྒྲུབ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཕྱོགས་གཉིས་པོས་མཉམ་ལས་བརྗེ་རེས་སྔར་བས་གཏིང་ཟབ་ཏུ་བཏང་ནས་ཧྲན་ཏུང་དང་མཚོ་སྔོན་གྱི་མཁོ་འཚོང་ཕན་ཚུན་འབྲེལ་མཐུད་ལམ་སྲོལ་བཙུགས་ཏེ་མཚོ་བྱང་གི་ཕུལ་བྱུང་ཐོན་རྫས་ཉོ་སྒྲུབ་བྱེད་ཚད་མང་དུ་གཏོང་བ་དང་།  ཧྲན་ཏུང་ཞིང་ཆེན་གྱི་ཡུལ་ཚོ་དང་གྲོང་རྡལ་གྱི་མཁོ་འཚོང་དྲ་ཚིགས1567ལ་བརྟེན་ནས་མཚོ་བྱང་གི་མཁོ་འཚོང་སྤུས་ལེགས་ཐོན་རྫས་འགྲེམས་ཁང་གི(འགྲེམས་སྒྲོམ)གཉེར་ཚོང་གི་སྐར་ཁུང་བཙུགས་ནས“རླབས་ཕྲེང་དགུང་དུ་འཕྱོ་བའི་མཚོ་སྔོན་པོ་དང་མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ”ཞེས་པའི་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་སྐད་གྲགས་ཆོད་ཚད་ལ་ཤུགས་སྣོན་བརྒྱབ་སྟེ་དུས་རབས་གསར་པའི་ཐོན་སྐྱེད་དང་བྲིན་ཚོང་སྦྲེལ་མཐུད་མཉམ་ལས་ཀྱི་ལེའུ་གསར་པ་ཞིག་ཐུན་མོང་གིས་རྩོམ་རྒྱུའི་རེ་བ་ཡོད་པར་བསྟན། ཀྲང་ཁྲོན་ཀྲུང་གིས་མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཕེབས་པར་དགའ་བསུ་ཞུས་ཤིང་།  གོམ་སྟབས་རྗེས་མར་ཧྲན་ཏུང་ཞིང་ཆེན་མཁོ་འཚོང་མ་ལག་གིས་མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་གཏོད་རྒྱུར་མུ་མཐུད་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་མཚོ་བྱང་གི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།

དེའི་རིང་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པ་ཧྲན་ཏུང་ཆི་ལུའུ་སྨན་རྫས་ཚད་ཡོད་སྤྱི་གཉེར་ཁང་དང་། ཧྲན་ཏུང་དུས་རབས་གསར་པའི་སྨན་རྫས་ཚད་ཡོད་སྤྱི་གཉེར་ཁང་། ཧྲན་ཏུང་ཅིན་ལོ་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་བཅས་སུ་སོང་སྟེ་ཡུལ་དངོས་ནས་རྟོག་ཞིབ་བྱས་ཤིང་། ཁེ་ལས་ཀྱི་འགན་འཁུར་བ་དང་བརྗེ་རེས་གཏིང་ཟབ་བྱས་ཏེ་ཁེ་ལས་འཕེལ་རྒྱས་དང་ཐོན་ལས་སྐྱེད་སྲིང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་པར་མ་ཟད། ལྷག་བསམ་རྣམ་དག་གིས་ཁེ་ལས་སོ་སོ་མཚོ་བྱང་དུ་ཡོང་ནས་ཚོང་ལས་གོ་སྐབས་འཚོལ་བ་དང་མཉམ་ལས་དོན་གཉེར། མ་འཇོག་ལས་གཏོད་བཅས་བྱེད་པའི་གདན་ཞུ་ཟོལ་མེད་བྱས། དེ་དང་ཆབས་ཅིག ཧྲན་ཏུང་དུས་རབས་གསར་པའི་སྨན་རྫས་ཚད་ཡོད་སྤྱི་གཉེར་ཁང་གིས་རིམས་ནད་འགོག་སྡོམ་སྐབས་སུ་མཚོ་བྱང་སྒེར་སེམས་མེད་པར་ཞལ་འདེབས་ཕུལ་བར་ཐུགས་རྗེ་ཆེ་ཞུས། 

ཧྲན་ཏུང་ཞིང་ཆེན་གཞུང་རྒྱུ་ཨུ་ལྷན་དང་། ཧྲན་ཏུང་ཞིང་ཆེན་མཁོ་འཚོང་མཉམ་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། ལིན་དབྱི་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་གྲོང་གཙོ་ཀྲང་པའོ་ལེང་། ལིན་དབྱི་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་ཚའེ་ཧྥིན་ཡུས། ལིན་དབྱི་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཞུའེ་ཧྥིན། ཆི་ལུའུ་སྨན་རྫས་ཚད་ཡོད་སྤྱི་གཉེར་ཁང་། ཧྲན་ཏུང་དུས་རབས་གསར་པའི་སྨན་རྫས་ལས་རིགས་ཚད་ཡོད་སྤྱི་གཉེར་ཁང་། ཧྲན་ཏུང་ཅིན་ལོ་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣ། ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་། སུང་ཞུག་ཙུང་། སངས་འབུམ། ཚོ་ཅི་ཆང་བཅས་དང་དེ་བཞིན་འཐུས་ཚབ་ཚོགས་པའི་ཁོངས་མི་གཞན་དག་འབྲེལ་ཡོད་བྱེད་སྒོར་ཞུགས། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号