ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་མཚོ་བྱང་དུ་སྒྲོག་འགྲེལ་སྙན་ཞུ་བྱས་པ།


     ཟླ8པའི་ཚེས31ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་མཚོ་བྱང་སྙན་ཞུའི་ཚོགས་འདུ་ཁུལ་མི་རིགས་རིག་གནས་བྱ་འགུལ་ལྟེ་གནས་སུ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སློབ་གཙོ་མཱ་ཝེ་ཧྲིན་གྱིས་སྒྲོག་འགྲེལ་སྙན་ཞུ་བྱས། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོས་ཚོགས་འདུ་གཙོ་སྐྱོང་གནང་ལ། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མི་དང་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ཁའོ་རིམ་པ་གཞོན་པ་ཡན་གྱི་ལས་བྱེད་པ300ལྷག་ཙམ་ཆེད་དོན་སྙན་ཞུའི་ཚོགས་འདུར་ཞུགས།    

     མ་ཝེ་ཧྲིན་གྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་དང་ནང་དོན་གཙོ་བོ། ཚོགས་འདུའི་གྲུབ་འབྲས། བཀོད་སྒྲིག་གལ་ཆེན་བཅས་ལ་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པ། གཏིང་ཟབ་པའི་སྒོ་ནས་སྒྲོག་འགྲེལ་བྱས། སྒྲོག་འགྲེལ་སྙན་ཞུའི་ནང་དོན་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་ཞིང་གཙོ་གནད་འབུར་ཐོན་ཡིན་ལ། ཆབ་སྲིད་ཀྱི་མཐོ་ཚད་ཡོད་ལ། རིགས་པའི་གཞུང་ལུགས་ཀྱི་ཟབ་ཚད་དང་ལག་ལེན་གྱི་མཐུག་ཚད་ཀྱང་ཡོད་པས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པར་བྱེད་པའི་ཐད་བློ་འབྱེད་དང་སློབ་སྟོན་གྱི་དོན་སྙིང་ཧ་ཅང་ཆེན་པོ་ཡོད།   

     ཚོགས་འདུའི་ཐོག ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཐེངས་འདིའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་གོ་སྐབས་སུ་བཟུང་སྟེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཕུན་སུམ་ཚོགས་པའི་ནང་དོན་ཁོང་དུ་ཡང་དག་ཆུད་པ་དང་བསམ་པའི་ངོ་བོ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས་ཞིང་ཆེན་དང་ཁུལ་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ཡང་སྙིང་དེ་བསམ་བློའི་ཐུན་མོང་ངོས་འཛིན་དང་བྱ་སྤྱོད་ཀྱི་རང་རྟོགས་ལ་འགྱུར་བར་བྱེད་དགོས་ཤིང་། དགོངས་དོན་གྱི་ཡང་སྙིང་ཁོང་དུ་ཆུད་པར་བྱས་ནས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་སྒུལ་ཤུགས་གཅིག་ཏུ་སྒྲིལ་དགོས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་རང་ཞིང་གིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་སྔར་བས་གཏིང་ཟབ་ཏུ་བཏང་ནས་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་ལྟ་བ་གལ་ཆེན་དང་བརྡར་གཅོད་གལ་ཆེན། བྱ་ཐབས་གལ་ཆེན་བཅས་ལ་གོ་བ་ཡང་དག་ལེན་པ་དང་སྟངས་འཛིན་བྱས་ཏེ་སློབ་སྦྱོང་ལ་འཆར་གཞི་ཡོད་པ་དང་དྲིལ་སྒྲོག་ལ་དམིགས་ཚད་ཡོད་པ། ལག་ལེན་ལ་ཐབས་ལམ་ཡོད་པ། བྱ་བར་ཕན་འབྲས་ཐོན་པ་བཅས་བྱས་ནས་སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་སྐྲུན་པ་དང་སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱེད་པ་དང་གོ་དོན་མཐིལ་རྟོགས་བྱ་རྒྱུར་སྣང་ཆེན་བྱས་ནས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་ཡིད་ཆེས་བརྟན་དུ་གཏོང་དགོས་ལ། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཤེས་རྟོགས་སྨྲ་བ་དང་བརྟག་ཐབས་སྨྲ་བ། ལག་ལེན་སྨྲ་བ་བཅས་ཀྱི་ངོས་ནས་ཚང་འཛོམས་གྲོས་ཚོགས་ཐོག“ངོས་འཛིན་རབ་རིབ་བཞི”གསལ་པོ་བཟོ་བ་དང“རྩོད་སྒྲུབ་འབྲེལ་བ་བཞིའི”བྱ་བའི་བླང་བྱ་གསལ་པོ་བཟོ་བ། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་ལས་འགན་གལ་ཆེན་དང་གཙོ་གནད་བྱ་བར་ཞིབ་བསྡུར་བྱེད་པ། ཁུལ་གྱི་གནས་ཚུལ་ལ་ངོས་འཛིན་གཏིང་ཟབ་གཏོང་བ། དུས་རབས་ཀྱི་གནས་ཚད་འཚོལ་ཞིབ་བྱེད་པ། འགན་འཁྲི་དང་ལས་འགན་ལག་བསྟར་བཅས་བྱས་ཏེ་ཏང་ལ་བློ་དཀར་སེམས་དཀར་དང་། མི་དམངས་ལ་བཅངས་པའི་དགའ་ཞེན། འགན་འཁུར་བའི་འདུ་ཤེས་ཆེ་རུ་གཏོང་བ་དང་འཕེལ་རྒྱས་མགྱོགས་སུ་གཏོང་བའི་འགན་འཁྲི་དོན་འཁྱོལ་བྱེད་དགོས། ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཚང་འཛོམས་གྲོས་ཚོགས་ལས་གྲུབ་པའི་གྲུབ་འབྲས་གལ་ཆེན་བེད་སྤྱོད་ཡག་པོ་དང་རྒྱ་བསྐྱེད་ཡག་པོ་བཏང་ནས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བླང་བྱ་དང་ཟུང་འབྲེལ་གྱིས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ“མཚོ་བྱང་ལྔའི”འཛུགས་སྐྲུན་ལ་དམིགས་ནས་དམིགས་ཚད་ཁྲིད་སྟོན་དང་གནད་དོན་ཁྲིད་སྟོན། མཇུག་འབྲས་ཁྲིད་སྟོན་བཅས་རྒྱུན་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་རྐང་དང་གཙོ་གནད་དམ་འཛིན་གྱིས་གནད་དོན་ཐག་གཅོད་དང་བྱ་བ་ཇེ་ལེགས་སུ་གཏོང་བའི་ཁྲོད་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་བཀོད་སྒྲིག་སོ་སོ་དོན་འཁྱོལ་ཐུབ་དགོས་པའི་བླང་བྱ་བཏོན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号