ཁུལ་ཨུའི་སྐབས་བཅུ་གསུམ་པའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ།


     ཟླ8པའི་ཚེས30ཉིན། ཁུལ་ཨུའི་སྐབས་བཅུ་གསུམ་པའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་འཚོགས། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་གསུང་བཤད་གནང་།  ཁུལ་ཨུའི་རྒྱུན་ཨུའམ་སྒྲིག་ཨུའི་ཧྲུའུ་ཅི།  ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རིན་ཚབ་མ།  སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ་ལའེ་མིང་དང་།   ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་། སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་སི་ཅི་ཧྲིན་བཅས་ཚོགས་འདུར་ཕེབས།

     ཚོགས་འདུའི་ཐོག ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐོར་གཟིགས་སྐོར་ཞིབ་ཀྱི་འབྲེལ་ཡོད་ཡིག་ཆའི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། ཁུལ་ཨུའི་སྐབས་བཅུ་གསུམ་པའི་རེས་སྐོར་གསུམ་པས་ལས་ཁུངས8(ས་ཁུལ)ལ་སྐོར་ཞིབ་བྱས་པའི་གནས་ཚུལ་དང་དེ་བཞིན་མི་འདེམས་མི་སྤྱོད་དང་འདུ་ཤེས་འཛིན་སྟངས་བྱ་བའི་འགན་ཁུར་ལམ་ལུགས་ལ་ཆེད་དོན་ཞིབ་བཤེར་བྱས་ཚུལ་གྱི་སྙན་ཞུར་ཉན་པར་མ་ཟད།   ཁུལ་ཨུའི་རེས་སྐོར་བཞི་པའི་སྐོར་ཞིབ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་གནང་།    

     ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་རེས་སྐོར་གསུམ་པའི་སྐོར་ཞིབ་བྱ་བ་སྤེལ་མགོ་བརྩམས་པ་ནས་བཟུང་། སྐོར་ཞིབ་ཚན་ཆུང་སོ་སོས་གཏན་འཁེལ་བྱས་པའི་ཇུས་གཞི་གཞིར་བཟུང་སྟེ་ཆབ་སྲིད་སྐོར་ཞིབ་ཀྱི་ངེས་གནས་བརྟན་སྲུང་དང་སྐོར་ཞིབ་བྱ་ཡུལ་ལས་ཁུངས་ཀྱི་ལས་འགན་གཙོ་བོར་དམ་པོར་དམིགས་ནས། མངོན་གསལ་དོད་པའི་གནད་དོན་དང་དཔེ་མཚོན་གྱི་གནད་དོན་ཁག་ཅིག་ཤེས་རྟོགས་བྱུང་སྟེ་དམིགས་སའི་རང་བཞིན་ཅུང་ཆེ་བའི་བསམ་འཆར་དང་གྲོས་གཞི་བཏོན་ནས་ཆབ་སྲིད་ཀྱི་སྐོར་ཞིབ་ལྟ་སྐུལ་འགན་ལེན་ལག་བསྟར་དང་འཐུས་ཚང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་པར་བསྟན།

     ཤ་བོ་སྐྱབས་ཀྱིས་ཆབ་སྲིད་ཀྱི་ངེས་གནས་བརྟན་སྲུང་བྱེད་པ་དང་སྐོར་ཞིབ་འགན་འཁྲི་དང་ལས་འགན་ནན་ཏན་ངང་སྒྲུབ་སྟེ།  ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་པ་དང་ལྟེ་བའི་ཁྱོན་ཡོངས་ལ་དམིགས་པ། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ། འགན་འཁྲི་གཙོ་བོ་དང་ལས་འགན་གཙོ་བོར་དམིགས་པ་བཅས་ཀྱི་ཐད་ཤུགས་སྣོན་དགོས་ཤིང་། ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་གཏོང་བའི་ཐད་བྱ་ཐབས་དངོས་བཏོན་ཏེ། ཆབ་སྲིད་ཀྱི་ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་མཚོ་བྱང་དུ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་ཏེ། གཅིག་ནས་བྱ་བའི་ཕན་འབྲས་དངོས་གཙོ་བོར་བཟུང་ནས་སྐོར་ཞིབ་ལྡོག་འདྲེན་ནན་མོར་སྒྲུབ་པ་དང་།  སྐོར་ཞིབ་གནས་ཚུལ་གྱི“ལྡོག་འདྲེན་གཉིས”དང་ཁུལ་རིམ་པའི་མགོ་ཁྲིད་སྐོར་ཞིབ་ཡོ་བསྲང་ནང་ཞུགས་པའི་ལམ་སྲོལ་རྒྱུན་འཁྱོངས།  སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི“མགོ་ཁྲིད་དང་པོས”སྣེ་ཁྲིད་དེ་ཡོ་བསྲང་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། མགོ་ཁྲིད་ཚན་པའི་ཁོངས་མི་གཞན་དག་གིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་ནན་ཏན་བྱེད་པར་སྐུལ་ཁྲིད་བྱས་ཏེ་ཡོ་བསྲང་གི་ལས་འགན་དམ་འཛིན་ལྷོད་མེད་བྱེད་དགོས། གཉིས་ནས་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་།  “མཇུག་འཕྲོའི་བྱ་བ”ཞིབ་ཅིང་ཕྲ་བ་དང་ཏན་ཏིག་སྒོས་སྒྲུབ་ནས། སྐོར་ཞིབ་ཡོ་བསྲང་དེ་རྒྱུན་གཏན་གྱི་བྱ་བ་དང་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། གཙོ་གནད་བྱ་བ་བཅས་ཀྱི་ནང་འདྲེས་པར་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་དོ་དམ་ནན་མོ་དང་ཏང་ནན་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྒྲིག་སྲོལ་རང་བཞིན་གྱི་འགོག་རྐྱེན་དང་ལམ་སྲོལ་རང་བཞིན་གྱི་སྐྱོན་ཆ།  ལམ་ལུགས་རང་བཞིན་གྱི་སྟོང་ཆ་བཅས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ལ། ཁུལ་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན། ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་ཡོ་བསྲང་གི་རྒྱུན་གཏན་ལྟ་སྐུལ་འགན་ཁུར་དོན་འཁྱོལ་བྱས་ནས་ཁྲལ་སེལ་སླ་བཅོས་དང་དག་ཐེར་རྫུན་མ་བྱེད་པར་འགན་འཁྲི་བདའ་འདེད་ནན་མོ་གཏོང་དགོས།  གསུམ་ནས་གོང་འོག་མཉམ་འགུལ་དང་སྐོར་ཞིབ་ཚད་ལྡན་ཅན་གྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་སྟེ་ཁུལ་ཨུའི་སྐོར་ཞིབ་སྒྲིག་གཞིས་རྫོང་རིམ་པའི་སྐོར་ཞིབ་བྱ་བར་མཛུབ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་པ་དང་། ཁུལ་དང་རྫོང་གི་སྐོར་ཞིབ་བྱ་བའི་གོང་འོག་མཉམ་འགུལ་ལ་སྔར་བས་ཤུགས་བསྣན་ཏེ་སྐོར་ཞིབ་ལྟ་སྐུལ་དང་ལྟ་སྐུལ་གཞན་དག་སྦྲེལ་མཐུད་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། སྐོར་ཞིབ་ལམ་ལུགས་མ་ལག་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་སྐོར་ཞིབ་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་དགོས་པ་ནན་གྱིས་བསྟན།           

     ཁུལ་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་སོ་སོ་དང་། ཁུལ་ཨུའི་དྲིལ་སྒྲོག་པུའུ། ཁུལ་ཨུའི་སྐོར་ཞིབ་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན། ཁུལ་ཨུའི་རེས་སྐོར་གསུམ་པའི་སྐོར་ཞིབ་ཚན་ཆུང་སོ་སོའི་ཚན་གཙོ་དང་ཚན་གཙོ་གཞོན་པ་བཅས་ཚོགས་འདུར་ཞུགས།    

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号