མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུས་པའི་བྱེད་སྒོའི་སྤྱི་བསྡོམས་ཚོགས་ཆེན་འཚོགས་པ།
ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་།
ཟླ8པའི་ཚེས29ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུས་པའི་བྱེད་སྒོའི་སྤྱི་སྡོམ་ཚོགས་ཆེན་འཚོགས་ཤིང་། ཚོགས་འདུའི་ཐོག་ཕྱོགས་ཡོངས་ནས་རྟེན་འབྲེལ་བྱེད་སྒོའི་གྲུབ་འབྲས་དང་ཉམས་མྱོང་སྤྱི་སྡོམ་དང་སྔོན་ཐོན་དཔེ་མཚོན་ལ་བསྔགས་བརྗོད་བྱས་ཏེ་ཁྱབ་བརྡ་བཏང་ཞིང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ“དངོས་སྒྲུབ་གལ་ཆེན”ཡིན་ལ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ཁྲོད་ཧུར་ཐག་སྒོས་ཞུགས་ནས་བྱ་གཞག་སོ་སོ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་སློང་དང་སྐུལ་ལྕག་གནང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ནས་རྟེན་འབྲེལ་བྱེད་སྒོར་ཁྱོན་ཡོངས་ནས་སྤྱི་བསྡོམས་བྱས།
ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཁུལ་སྟོན་གྱི་བྱ་བའི་ཁྲོད་ཞུགས་པའི་ས་གནས་སོ་སོ་དང་སྡེ་ཁག་སོ་སོ། ལས་སྒྲུབ་མི་སྣ་ཡོངས་དང་དེ་བཞིན་ཁུལ་སྟོན་གྱི་བྱེད་སྒོར་རང་ནུས་གང་ཡོད་བཏོན་པའི་ལས་རིགས་སོ་སོའི་མི་སྣར་བླ་ན་མེད་པའི་གུས་འདུད་དང་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས། ཁོང་གིས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དེ་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར། སྤྱི་ཚོགས་ལས་རིགས་སོ་སོའི་རྒྱབ་སྐྱོར་ཤུགས་ཆེན་དང་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱི་ཐུན་མོང་གི་འབད་བརྩོན་འོག་ཕུན་སུམ་ཚོགས་ཤིང་གྲུབ་འབྲས་ཐོབ་པའི་ངང་སྤེལ་ལ། སྤུས་ཚད་མཐོ་ཞིང་ཤུགས་རྐྱེན་ཆེ་ལ། གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པས་དེ་ནི་གྲུབ་འབྲས་མངོན་པ་དང་སྙིང་སྟོབས་འཕེལ་བ། འཕེལ་རྒྱས་མགྱོགས་པ་བཅས་ཀྱི་ཚོགས་ཆེན་གཟབ་རྒྱས་ཤིག་དང་། མེས་རྒྱལ་ལ་བསྟོད་བསྔགས་བྱེད་པ་དང་དུས་རབས་ལ་བསྟོད་གླུ་ལེན་པའི་སྟོབས་ཤུགས་གཅིག་སྒྲིལ་གྱི་ཚོགས་ཆེན་ཞིག་ཡིན་པས་སྤྱིར་བཏང་མིན་པའི་ཆབ་སྲིད་ཀྱི་ཕན་འབྲས་དང་བསམ་པའི་རིན་ཐང་། སྣེ་ཁྲིད་ཀྱི་ནུས་པ་བཅས་མངོན་ཞིང་། ཆབ་སྲིད་རང་བཞིན་དང་རོལ་རྩེད་རང་བཞིན། གསར་གཏོད་རང་བཞིན། མང་ཚོགས་རང་བཞིན་བཅས་ཆེན་པོ་ལྡན་ཡོད། ཁུལ་སྟོན་རིང་སྤེལ་བའི་རིགས་ཆེ་གྲས5ཡི་ངོ་མཚར་ཆེ་བའི་མུ་འབྲེལ་བྱེད་སྒོ60ཡི་ངོ་མཚར་ཆེ་ཞིང་ཁྱད་ཆོས་མངོན་གསལ་དོད་ལ། འཆམ་མཐུན་བཀྲ་ཤིས་ཀྱིས་ཕྱུག་པ་དེས་ལོ་ངོ70རིང་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཁྱོན་ཡོངས་ནས་མངོན་པ་དང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་འབད་འབུངས་ཡར་བརྩོན་བྱེད་པའི་རྣམ་པ་བཟང་པོ་དང་ཡང་བསྐྱར་འོད་སྟོང་འཕྲོ་བའི་རྣམ་པ་གཏོད་པའི་འདུན་པ་བཟང་པོ་གཅིག་སྡུད་ཐོག་མངོན་པ་དང་། མཐོ་ས་ནས་མགོ་འཛུགས་ས་གསར་པར་ལངས་ཏེ་ནུས་ཤུགས་ཡོད་རྒུས“མཚོ་བྱང་ལྔའི”ལེའུ་གསར་པ་བརྩམ་པའི་མ་འོངས་པ་གསར་པར་རྒྱང་ལྟ་བྱས་ཡོད་པར་བསྟན།
ཤ་བོ་སྐྱབས་ཀྱིས་རྟེན་འབྲེལ་བྱེད་སྒོར་ཁྱོན་ཡོངས་ནས་གྲོས་རིམ་ཚགས་དམ་པ་དང་ནང་དོན་ཕུན་སུམ་ཚོགས་པ། སྒྲིག་འཛུགས་ཞིབ་ཚགས་ཡིན་པ། བཀོད་སྒྲིག་གོ་རིམ་ལྡན་པ། ཕྱར་བ་གྲུ་འདེགས་བྱེད་པ། ཁྱད་ཆོས་འབུར་ཐོན་ཡིན་པ། རྣམ་པ་ཟབ་མོ་ལྡན་པ། འགན་ལེན་གང་ལེགས་བྱས་པ། ཚུར་སྣང་ལན་ཆ་ཆེ་བ། གྲོན་ཆུང་དང་སྤྲོ་སེམས་འཕེལ་བ་སོགས་ཀྱི་ཁྱད་ཆོས་ཡོད་པས། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་བའི་ཚོགས་པ་དང་། ཞིང་ཆེན་ཏང་སྲིད་དམག་གི་འཐུས་ཚབ་ཚོགས་པ་བཅས་ཕྱོགས་སོ་སོའི་སྐུ་མགྲོན་དང་ལས་རིགས་སོ་སོའི་གྲོགས་པོ་བཅས་ཀྱི་ཚད་མཐོའི་བསྔགས་བརྗོད་དང་གདེང་འཇོག་ཐོབ་ཡོད་ལ། སྤྱི་ཚོགས་ལས་རིགས་སོ་སོར་ཤུགས་རྐྱེན་རྒྱ་ཆེན་ཐེབས་ཤིང་ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད་པས་གཟི་བརྗིད་ཀྱི་སྤོབས་སེམས་སྐྱེས་ཤིང་། ང་ཚོར་གྲུབ་འབྲས་ཐོབ་པའི་སྤྲོ་སྣང་ཐོབ་པར་མ་ཟད། དེའི་ཁྲོད་ནས་གྲུབ་འབྲས་ཀྱང་ཆེན་པོ་ཐོབ་ཡོད་དེ། གཅིག་ནས་རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་བརྟན་པོ་འཕེལ་ལ། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཚོས་མཚོ་བྱང་གི་འཕེལ་རྒྱས་གྲུབ་འབྲས་དང་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད་པ་དང་། ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་བའི་ཉི་ཟེར་དང་ཁ་འབྲལ་ཐབས་མེད་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་ནུས་ལྡན་ལག་བསྟར་དང་ཁ་འབྲལ་ཐབས་མེད་པས། ཏང་གི་བཀའ་དྲིན་ཡིད་ལ་བརྟན་པོར་བཅངས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དྲིན་དྲན་ཡར་བརྩོན་བྱ་རྒྱུའི་མྱོང་ཚོར་ཟབ་མོ་བྱུང་ཡོད། གཉིས་ནས་ཀྲུང་གོ་གུང་ཁྲན་ཏང་ནི་རླབས་ཆེ་བའི་གཟི་བརྗིད་དང་ཡང་དག་ཡིན་པ་ར་སྤྲོད་བྱས་ཡོད་དེ། རྟེན་འབྲེལ་བྱེད་སྒོས་ཁྱོན་ཡོངས་ནས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་རིང་གི་འགྱུར་ལྡོག་ཆེན་པོ་མཚོན་པར་བྱས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་སྒྲུབ་ཐུབ་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར་བཟང་བ། མར་ཁེ་སི་རིང་ལུགས་ཅིའི་ཕྱིར་རུང་བ་བཅས་གསོན་ཉམས་དོད་པོས་གསལ་བཤད་བྱས་ཡོད་ཅིང་། མི་རིགས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་མགོ་ཁྲིད་འོག་ད་ལྟའི་མཚོ་བྱང་གསར་པ་ཡོད་པ་དང་མཚོ་བྱང་ལ་དེ་བས་མཛེས་སྡུག་ལྡན་པའི་སང་ཉིན་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད། གསུམ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེན་པོ་མཚོན་ཡོད་དེ། རྟེན་འབྲེལ་བྱེད་སྒོས་ཁྱོན་ཡོངས་ནས་ལོ་འཁོར70ལ་ཕྱིར་རྟོག་བྱས་ཤིང་། སྐབས་རིམ་བྱུང་གི་ཁུལ་ཨུ་དང་ཁུལ་སྲིད་གཞུང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་པ་དང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་སྒོས་ཕྱར་བ་གྲུ་འདེགས་དང་དཀའ་སྤྱད་ལས་སྐྲུན་བྱས་ཏེ་མཚོ་བྱང་ལ་གནམ་ས་བླ་འོག་བརྗེ་པ་ལྟ་བུའི་འགྱུར་ལྡོག་བྱུང་དུ་བཅུག་ཡོད། བཞི་ནས་རང་སྐྱོང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་གཅིག་ཏུ་བསྡུས་ཡོད་དེ། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་བའི་ཚོགས་པ་དང་ཞིང་ཆེན་ཏང་སྲིད་དམག་གི་འཐུས་ཚབ་ཚོགས་པས་ལོ་ངོ70རིང་གི་འཕེལ་རྒྱས་དང་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ་རེ་བ་ནན་མོ་བཏོན་ཡོད། ཞིང་ཆེན་ཏང་སྲིད་དམག་གི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་མགོན་པོ་བཀྲ་ཤིས་ཀྱིས་མཚོ་བྱང་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་དངོས་ཡོད་གནས་བབ་ལ་དམིགས་ནས་མཚོ་བྱང་གི་མ་འོངས་པའི་འཕེལ་རྒྱས་ཐད་ཁ་ཕྱོགས་གཏན་འཁེལ་བྱས་པས་མཚོ་བྱང་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་ཕྱིན་ཡོད་པ་ནན་གྱིས་བསྟན།
ཤ་བོ་སྐྱབས་ཀྱིས་མགོ་རྩོམ་ས་གསར་པའི་ཐོག་ལངས་ནས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་ཁུལ་སྟོན་གྱི་བྱེད་སྒོའི་ཁྲོད་ཐོན་པའི་ཆབ་སྲིད་ཀྱི་སྤྲོ་སེམས་དང་བྱ་བའི་ཉམས་མྱོང་། སྤྱོད་ཚུལ་བཟང་པོ། བསམ་པའི་རྒྱུ་ནོར་བཅས་མགོ་རྩོམ་ས་གསར་པའི་ཐོག“མཚོ་བྱང་ལྔའི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་པ་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་པ། སྐྱེ་ཁམས་ཀྱི་བཙན་ས་གཏོད་པ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་པ། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ། བསམ་པའི་བཙན་ས་གཏོད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་བྱེད་པ། ཕྱོགས་ཡོངས་ནས་ཏང་ལ་དོ་དམ་ནན་མོ་དང་ཏང་ནན་གྱིས་སྐྱོང་བ་སོགས་ཀྱི་ཐད་རྒྱུན་མཐུད་ངང་ཤུགས་བསྣན་ཏེ། འབད་པ་ལྷོད་མེད་དང་ནུས་ཤུགས་ཡོད་རྒུས“དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ”འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་གཏོད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པ་ནན་གྱིས་བསྟན།
ཀྲང་ཧྲིང་ཡོན་གྱིས་ཁུལ་སྟོན་གྱི་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་སྤེལ་བ་བརྒྱུད་མཚོ་བྱང་གི་བྱ་བ་ཡག་པོར་སྒྲུབ་པ་དང་མཚོ་བྱང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ནས་ཏང་གི་དུས་རབས་གསར་པའི་མི་རིགས་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་སྟངས་འཛིན་དང་ལག་བསྟར་བྱས་ཏེ། མི་རིགས་བྱ་བ་ཡག་པོར་སྒྲུབ་པའི་འཇོན་ཐང་ཆེ་རུ་བཏང་ནས་མི་རིགས་ས་ཁུལ་གྱི་ཏང་གི་སྲིད་འཛིན་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་ལ། ངེས་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་རྒྱུ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་གསར་སྐྲུན་སྐུལ་འདེད་དང་དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ། དམངས་འཚོ་ལེགས་གཏོང་། ཆོས་ལུགས་དོ་དམ། སྤྱི་ཚོགས་བརྟན་ལྷིང་བཅས་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་བརྗེ་རེས་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ངེས་པར་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་ཏང་ཀྲུང་དབྱང་གི་སྲིད་བཀའ་ཤར་བགྲོད་ཐུབ་པའི་འགན་ལེན་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱེད་པའི་འགན་ལེན། མི་རིགས་སོ་སོ་ཐུན་མོང་ཐོག་འཕེལ་རྒྱས་དང་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་རྒྱབ་སྐྱོར་བཅས་བྱ་དགོས། ངེས་པར་དུ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་སྤྱིའི་ལྟེ་བར་བརྟེན་ནས་དམངས་འཚོའི་ཁྱབ་ཁོངས་ཀྱི་ཞན་ཆ་གང་མགྱོགས་སྒོས་གསབ་པ། སྐྱེ་ཁམས་སྲུང་སྐྱོབ་བྱ་བ་ཡག་པོར་སྒྲུབ་པ། ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། མི་དམངས་ལྟེ་བར་འཛིན་པ་བཅས་བྱས་ནས་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་སྔར་བས་བསྐང་དགོས། ངེས་པར་དུ་འཆམ་མཐུན་བརྟན་ལྷིང་གི་འཕེལ་རྒྱས་ཁོར་ཡུག་མུ་མཐུད་གཏོད་དགོས་པ་དང་བདེ་འཇགས་མཚོ་བྱང་དང་ཁྲིམས་སྐྱོང་མཚོ་བྱང་གཏོད་པའི་བྱེད་སྒོ་གཏིང་ཟབ་ཏུ་གཏོང་བ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་པ། བདེ་འཇགས་འཕེལ་རྒྱས་ཀྱི་མཐའ་ཚད་བརྟན་པོར་སྲུང་པ། ཆུ་ཚད་མཐོ་བའི་བདེ་འཇགས་དང་ཚད་གཞི་མཐོ་བའི་བརྟན་ལྷིང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་ཧུར་ཐག་བྱེད་དགོས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་ནས་མཐུན་སྒྲིལ་འབད་འཐབ་ཀྱི་མཉམ་ཤུགས་ཆེན་པོ་ཟམ་མི་ཆད་པར་གཅིག་ཏུ་སྒྲིལ་དགོས་ལ། འགན་འཁྲི་འཁུར་ཕོད་པ་དང་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས“དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ”འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་ཡག་པོར་རྩོམ་དགོས་པར་བསྟན།
ཚོགས་འདུའི་ཐོག ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས《ཀྲུང་གུང་མཚོ་བྱང་ཁུལ་ཨུ་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་སྔོན་ཐོན་དཔེ་མཚོན་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཁྱབ་བརྡ》སྒྲོག་འདོན་གནང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注